[1B] །ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་བདུན་པ། གྲུམ་ སྟོད་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ ཏེ༑ དེའི་ཚེ་ནགས་ཁྲོད་ཅིག་ན་དྲང་སྲོང་ལྔ་བརྒྱ་ཙམ་གནས་ཏེ་ དེ་དག་དེ་ན་འཁོད་ཅིང་མེའི་སྦྱིན་སྲེག་བྱེད་དོ། །སངས་རྒྱས་ [2A]༄༅། །བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་ གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་ བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ་ འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ་ བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་ [2B] མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་ འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ ནི༑ ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་ རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི་དར། སུ་ནི། ཕོངས་ ཤིང་འདུག། སུ་ནི། ཉམ་ང་བར་གྱུར། སུ་ནི། གནོད་པ་དང་ལྡན་སུ་ནི། ཕོངས་པ་དང་ ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ། སུ་ནི་ [3A]༄༅། །ངན་སོང་དུ་བབ། སུ་ནི། ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་ དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་ དྲང་བར་བྱ། སུ་ནི། འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་ དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་ བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ ནི༑ དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་ [3B] སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་།རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་དྲང་སྲོང་ལྔ་བརྒྱ་པོ་ རྣམས་གདུལ་བའི་དུས་ལ་བབ་བོ་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་གིས་མེའི་སྦྱིན་སྲེག་གི་ཐབ་དེ་དག་ཐམས་ཅད་ཀྱི་ནང་དུ་ སངས་རྒྱས་ཀྱི་ཞབས་ཀྱི་རྗེས་མཐོང་ལ་དེ་ཕན་ཆད་མེ་སྦར་མི་ནུས་པ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། རྗེས་འདིའི་མཐུས་བདག་ཅག་ གིས་མེའི་ཐབ་རྣམས་ཀྱི་ནང་དུ་མེ་སྦར་མི་ནུས་པར་གྱུར་པ་ལས་ན། རྗེས་འདི་ནི། དགེ་བ་ཞིག་ཡིན་པ་འདྲ་སྟེ། རྗེས་འདི་ལྷ་ཆེན་པོའི་རྗེས་མ་ཡིན་གྲང་སྙམ་ནས་དྲང་སྲོང་ ལྔ་བརྒྱ་པོ་དེ་དག་གིས་སངས་རྒྱས་ཀྱི་རྗེས་དེ་དག་ལ་བསྲེག་བྱ་ཕུལ་ནས་སངས་རྒྱས་ཀྱི་མཐུས་སྦྱིན་སྲེག་དེ་དག་རང་འབར་བར་གྱུར་ཏེ། མེ་ལྕེ་ཚངས་པའི་འཇིག་རྟེན་ལ་ ཐུག་པར་སོང་ངོ། །དེ་ནས་དྲང་སྲོང་རྣམས་ཀྱིས་དེ་མཐོང་ནས་ཡ་མཚན་དུ་གྱུར་ཏེ་ལྷ་ཆེན་པོས་བདག་ལ་དགོངས་སོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་དྲང་ [4A]༄༅། །བའི་ཕྱིར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལ་ཐུག་པའི་བར་དུ་ཞབས་ཀྱི་རྗེས་གཅིག་ནས་གཅིག་ཏུ་བྱིན་གྱིས་བརླབས་སོ། །དེ་དག་འདི་སྙམ་དུ་ སེམས་ཏེ། ལྷ་ཆེན་པོ་ནི། ལམ་འདིར་གཤེགས་སོ་སྙམ་ནས་ཞབས་ཀྱི་རྗེས་གཅིག་ནས་གཅིག་ཏུ་རྗེས་དེ་དག་ལ་མཆོད་པ་བྱེད་ཅིང་དོང་ནས་དེ་དག་མཐར་གྱིས་ རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་ཏེ། དེ་ནས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་གིས་ སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ་ མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ་བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་ དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་།མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་ གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་དེ་ཅི་འདྲ་བ་དེ་ལྟ་བུ་ནི། ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལ་ཡང་ཉམས་བདེ་བ་ [4B] །དེ་ལྟར་མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་ པའི་ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་ དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་དྲང་སྲོང་དེ་དག་གིས་སྟན་དེ་ཉིད་ལ་འཁོད་བཞིན་དུ་བདེན་པ་རྟོགས་པའི་མོད་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ སོ༑ ༑དེ་དག་གིས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་ དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་ བྱ་བའི་ཚིག་གིས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་རྣམས་ལ་ལུང་ཡང་ཕོག་སྟེ། དེ་རྣམས་ཀྱིས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་ [5A]༄༅། །ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དག་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་ གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དང་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་ དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲས་པའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ ལ་གསོལ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དྲང་སྲོང་འདི་རྣམས་ཞབས་ཀྱི་རྗེས་བསྟན་པས་དྲངས་ཏེ་གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་དྲང་སྲོང་ལྔ་བརྒྱ་ པོ་འདི་རྣམས་ཇི་ལྟར་ཞབས་ཀྱི་རྗེས་བསྟན་པས་དྲངས་ཏེ་རབ་ཏུ་ཕྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དུ་བཅུག་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་ [5B]ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་ པ༑ འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་ བྱུང་སྟེ༑ དེར་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཆོ་འཕྲུལ་ཆེན་པོ་བསྟན་པ་དེའི་ཚེ་དེས་སྐྱེ་བོ་ཕྱི་མ་རྣམས་ལ་ཐུགས་བརྩེ་བ་དང། དྲང་སྲོང་ ལྔ་བརྒྱ་པོ་དེ་དག་དྲང་བའི་ཕྱིར་རྟགས་སུ་རུང་བའི་སངས་རྒྱས་ཀྱི་ཞབས་ཀྱི་རྗེས་བྱིན་གྱིས་བརླབས་སོ། །དེའི་ཚེ་ལྷོ་ཕྱོགས་ན་དཀའ་ཐུབ་ཀྱི་ནགས་ཤིག་ན་དྲང་སྲོང་ལྔ་བརྒྱ་ ཙམ་གནས་པ་དེ་དག་སྟེང་གི་བར་སྣང་ལས་རི་སྤོས་ཀྱི་ངད་ལྡང་ལ་ཆས་ཏེ་དོང་བ་ལས་དེ་དག་རི་རབ་ལ་རྡུགས་པ་བཞིན་དུ་སངས་རྒྱས་ཀྱི་ཞབས་ཀྱི་རྗེས་རྣམས་ཀྱི་སྟེང་དུ་ རྡུགས་ནས་དེ་རྣམས་ཡ་མཚན་དུ་གྱུར་ཏེ། བདག་ཅག་རྫུ་འཕྲུལ་ཡང་མ་ཉམས་ལ། ནམ་མཁའ་ལ་ཡང་ཐོགས་པར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་ལ་དགའ་བའི་ལྷས་ དེ་དག་ལ་སྨྲས་པ། ཁྱེད་ནི། རྫུ་འཕྲུལ་མ་ཉམས་མོད་ཀྱི། ཁྱེད་ཀྱི་འོག་ན་སངས་རྒྱས་ཀྱི་ཞབས་ཀྱི་རྗེས་ཡོད་ལ་དེའི་སྟེང་དུ་ནི། བརྒྱ་བྱིན་དང་ཚངས་པ་ལ་སོགས་པས་ [6A]༄༅། །ཀྱང་འགྲོ་མི་ནུས་སོ། །དེ་ནས་དྲང་སྲོང་དེ་རྣམས་ཞབས་ཀྱི་རྗེས་དེ་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་ས་ལ་བབས་ཏེ་ཞབས་ ཀྱི་རྗེས་དེ་དག་ལ་བཀུར་སྟི་བྱེད་པ་ལ་ཞུགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དེ་རྣམས་དྲང་བའི་ཕྱིར་དྲང་སྲོང་གནས་པ་ལ་ཐུག་པའི་བར་དུ་ཞབས་ ཀྱི་རྗེས་གཅིག་ནས་གཅིག་ཏུ་བྱིན་གྱིས་བརླབས་ནས་དྲང་སྲོང་རྣམས་ཀྱིས་བསམ་པ། རྗེས་འདི་དག་ནི། ལྷ་ཆེན་པོའི་ཡིན་ཏེ། དེ་ནི། ལམ་འདིར་གཤེགས་སོ་སྙམ་ ནས་རྗེས་དེ་ཐོག་ཐག་ཏུ་དྲང་སྲོང་གནས་པར་དོང་ནས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་གིས་ཐག་རིང་པོ་ཞིག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་མཐོང་ངོ། ། མཐོང་ནས་ཀྱང་དེ་དག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ [6B] བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ ལོ༑ ༑དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དེ་དག་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་རྣམས་ལ་ལུང་ཡང་ཕོག་སྟེ། དེ་དག་གིས་ དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་གང་གིས་ཀྱང་ཡོན་ཏན་གྱི་ཚོགས་མ་ཐོབ་ནས་འཆི་ཁར་དེ་དག་གིས་སྨོན་ལམ་བཏབ་པ། འདི་ལྟར་བདག་ཅག་གིས་ཡང་དག་ པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་གང་གིས་ཀྱང་ཡོན་ཏན་གྱི་ཚོགས་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་ པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་ སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་ལྔ་བརྒྱ་པོར་གྱུར་པ་གང་ཡིན་པ་དེ་དག་ནི། དྲང་སྲོང་ལྔ་བརྒྱ་པོ་འདི་དག་ཁོ་ན་ཡིན་ཏེ། དེ་དག་གིས་དེར་ཚེ་གཅིག་ཏུ་ཚངས་པར་ [7A]༄༅། །སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་ པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་།ང་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་དང། ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདི་རྣམས་ཀྱིས་ ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་ བྱས་སོ༑༑ ༑༑ལོང་བ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཡུལ་མི་ཐི་ལ་ན་ལྷ་ཆེན་པོའི་ཨ་མྲའི་ཚལ་ན་བཞུགས་ཏེ། དེའི་ཚེ་ཡུལ་མི་ཐི་ལ་ན་ཁྱིམ་ བདག་སྣ་ཚོགས་ཅན་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་འདུག་པ་དེས་ [7B] དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པར་བྱེད་དོ། །ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་ བཅུ་ལོན་པ་དང། བུ་བྱད་ངན་པོ་ལོང་བ་ཞིག་བཙས་སོ། །དེ་ནས་ཁྱིམ་བདག་དེས་བུ་དེ་མཐོང་ངོ། །དེ་མཐོང་མ་ཐག་ཏུ་ཕ་མ་གཉིས་སྡུག་བསྔལ་ཆེན་པོ་སྐྱེས་ཏེ་བདག་ ཅག་གཉིས་བརྒྱ་ལམ་ལན་གཅིག་ན་བུ་བཙས་ཀྱང་འདི་འདྲ་བར་གྱུར་ན། བདག་ཅག་གཉིས་ལ་བུ་བྱད་ངན་པོ་ལོང་བ་འདི་ལྟ་བུ་མི་དགོས་ཀྱི། ཕྱེམ་རེད་ནམ་སྲོས་ན་ ཕྱིར་ཕྱུང་ལ་ཁྱི་རྣམས་ལ་སྦྱིན་ནོ། །ཞེས་བྱས་ནས་ཕ་མ་གཉིས་ཀྱིས་དེ་ཕྱིར་ཕྱུང་སྟེ་ལམ་པོ་ཆེར་བོར་ནས་ཁྱི་རྣམས་ལ་བྱིན་ནོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་ གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་ མི་འཇིགས་པ། འགྲོ་བ་ལྔར་འགྲེ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་ བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་ཆེན་ [8A]༄༅། །པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་ གཟིགས་ཏེ། སུ་ནི། རྒུད། སུ་ནི། དར། སུ་ནི། ཕོངས་ཤིང་འདུག་སུ་ནི། ཉམ་ང་བར་གྱུར། སུ་ནི། གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན་སུ་ནི། ངན་ སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ་སུ་ནི། ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ་སུ་ནི། འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ མ་བསྐྱེད་པ་ལས་བསྐྱེད་པ་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་ ཀྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་ གནས༑ ༑དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱེའུ་འདི་ལུང་ [8B] ཁྱེའུ་འདི་ལ་བརྟེན་ནས་གདུལ་བར་བྱ་བའི་སྐྱེ་བོ་མང་པོ་དྲང་བར་བྱ་དགོས་སོ་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་ཁྱེའུ་དེ་ཁྱིས་ བཟའ་བར་མི་འགྱུར་བར་བྱིན་གྱིས་བརླབས་སོ། །དེ་ནས་བཅོམ་ལྡན་འདས་ནང་པར་སྔར་བཞེངས་ནས་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་ གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཡུལ་མི་ཐི་ལར་གཤེགས་ཏེ། བཅོམ་ལྡན་འདས་ཁྱེའུ་དེ་དང་འདབས་ཉེ་བ་ཞིག་ཏུ་བཞུགས་ སོ༑ ༑དེ་ནས་ཡུལ་མི་ཐི་ལ་ན་གནས་པའི་སྐྱེ་བོ་མང་པོས་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་ཡ་མཚན་དུ་གྱུར་ཏེ་སྔོན་གྱི་དགེ་བའི་རྩ་བས་བསྐུལ་ནས་ བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་ཅི་ནས་ཁྱེའུ་འདིས་ཚེ་སྔ་མ་དྲན་པར་འགྱུར་ཞིང་ཚིག་ ཀྱང་སྨྲ་ལ། ང་དང་ལྷན་ཅིག་ཏུ་གཏམ་ཟེར་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ། །སྙམ་དུ་དགོངས་ནས་བཅོམ་ལྡན་འདས་ཀྱིས་དེ་ལྟར་ བྱིན་གྱིས་བརླབས་ཏེ་ཁྱེའུ་དེས་སྔོན་གྱི་ཚེར་རབས་དྲན་ནས་ཚིག་སྨྲ་ཞིང། བཅོམ་ལྡན་འདས་དང་ལྷན་ཅིག་གཏམ་ཟེར་བར་གྱུར་ཏེ་དེར་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་ [9A]༄༅། །ལ་བཀའ་སྩལ་པ། ཁྱེའུ། ཁྱོད་མི་སྡུག་པ་ཡིན་ནམ། བཅོམ་ལྡན་འདས། མི་སྡུག་པ་ལགས་སོ། །ཁྱེའུ། ཁྱོད་མི་སྡུག་པ་ཡིན་ནམ་ བདེ་བར་གཤེགས་པ། མི་སྡུག་པ་ལགས་སོ། །བཀའ་སྩལ་པ། ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མི་སྡུག་པ་ཉམས་སུ་ མྱོང་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མི་སྡུག་པ་ཉམས་སུ་མྱོང་བ་མཆིས་ ལགས་སོ། །བཀའ་སྩལ་པ། ཁྱོད་ཀྱི་མི་དགེ་བའི་བཤེས་གཉེན་སུ་ཡིན། གསོལ་པ། རང་གི་སེམས་ལགས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་རྣམས་ ཡ་མཚན་དུ་གྱུར་ཏེ། སེམས་ཅན་འདི་ལྟ་བུ་སྔོན་གྱི་ཚེ་རབས་དྲན་ལ་ཚིག་ཀྱང་སྨྲ་ཞིང། བཅོམ་ལྡན་འདས་དང་གཏམ་ཟེར་བ་སུ་ཞིག་གུ་སྙམ་མོ། །སངས་རྒྱས་བཅོམ་ ལྡན་འདས་རྣམས་ནི། སྙན་སླེབས་པར་དཀའ་བ་ཡིན་ཏེ། དེ་དག་གིས་བཅོམ་ལྡན་འདས་ལ་ཞུ་བའི་ཐུགས་མ་ཐུབ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དྲིས་པ། བཙུན་ པ་ཀུན་དགའ་བོ། སེམས་ཅན་འདི་ལྟ་བུ་སྔོན་གྱི་ཚེ་རབས་ཀྱང་དྲན་ལ་ཚིག་སྨྲ་ཞིང། བཅོམ་ལྡན་འདས་དང་ལྷན་ཅིག་གཏམ་ཟེར་བ་འདི་སུ་ཞིག་ཚེ་དང་ལྡན་པ་ཀུན་དགའ་ [9B] སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ཤིག་དེ་དག་གིས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྙན་སླེབས་པར་དཀའ་བས་ན། བདག་ཅག་གིས་ སངས་རྒྱས་བཅོམ་ལྡན་འདས་ལ་ཞུ་བའི་ཐུགས་མི་ཐུབ་བོ། །ཀུན་དགའ་བོས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ནི། བདག་གིས་ཀྱང་སྙན་སླེབས་པར་དཀའ་བ་ཡིན་མོད་ ཀྱི༑ ཁྱེད་ལ་སྙིང་བརྩེ་བའི་ཕྱིར་ཞུ་བར་བྱའོ། །ཞེས་བྱས་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལེགས་སུ་ཐལ་མོ་ སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། སེམས་ཅན་འདི་ལྟ་བུ་སྔོན་གྱི་ཚེ་རབས་དྲན་ལ་ཚིག་སྨྲ་ཞིང། བཅོམ་ལྡན་འདས་དང་བཀའ་མཆིད་ བགྱིད་པ་སུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སེམས་ཅན་འདི་ནི། སྡིག་པ་བྱེད་བྱེད་པ་ཡིན་ཏེ། འདིས་སྡིག་པའི་ལས་མང་པོ་བྱས་སོ། ། ཀུན་དགའ་བོ། སྔོན་བྱུང་བ་འདས་པའི་དུས་ན་ཡུལ་མི་ཐི་ལ་འདི་ཉིད་ན་རྒྱལ་པོ་མི་སྡུག་པ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། རྒྱལ་པོ་དེ་ཕྲག་དོག་ཅན་ཅན་ཞིག་ཏུ་གྱུར་ནས་དེ་གང་གི་ཚེ་ བཙུན་མོའི་འཁོར་གྱིས་ཞམ་རིང་བྱས་ནས་སྐྱེད་མོས་ཚལ་གྱི་སའམ་གཞན་གང་དུ་འགྲོ་བར་འདོད་པ་ན་དེའི་ལམ་ཐམས་ཅད་དུ་མི་མེད་པར་བྱེད་དོ། །སྐར་ཁུང་རྣམས་དང། སྒོ་རྣམས་ [10A]༄༅། །ཀྱང་ཡོལ་བ་སྟུག་པོས་གཅོད་པར་བྱེད་དོ། །བརྒྱ་ལ་འགའ་ཞིག་གིས་གློ་བུར་དུ་བཙུན་མོའི་འཁོར་མཐོང་ན་དེས་དེའི་མིག་འབྱིན་པར་བྱེད་དོ། །དེ་ལྟ་ བུའི་ཚུལ་གྱིས་དེས་སེམས་ཅན་མང་པོ་མིག་མེད་པར་བྱས་སོ། །དེ་ནས་ཕྱི་ཞིག་ན་དེ་བཙུན་མོའི་འཁོར་གྱིས་ཞམ་རིང་བྱས་ཏེ་སྐྱེད་མོས་ཚལ་གྱི་སར་སོང་ངོ། །སངས་རྒྱས་ བཅོམ་ལྡན་འདས་རྣམས་འཇིག་རྟེན་ན་མི་བཞུགས་པའི་ཚེ་རང་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་ན་གནས་པ། འཇིག་རྟེན་གྱི་ ཡོན་གནས་གཅིག་པུ་བསེ་རུ་ལྟ་བུ་དག་འཇིག་རྟེན་དུ་འབྱུང་སྟེ། རང་སངས་རྒྱས་ཤིག་ལམ་དེ་ནས་འོངས་པ་དེ་རྒྱལ་པོའི་ཞམ་རིང་བ་རྣམས་ཀྱིས་མ་ཚོར་ནས་དེ་དེའི་བཙུན་མོའི་ འཁོར་གྱི་མདུན་དུ་བབ་བོ། །བུད་མེད་དེ་དག་གིས་དེའི་ལུས་མཛེས་པ་དང། སེམས་མཛེས་པ་མཐོང་ནས་དེ་དག་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་གདོང་གཡོགས་ པ་ཕྱེ་སྟེ་བཏུད་ཅིང་ཕྱག་བྱས་སོ། །དེ་ནས་རྒྱལ་པོས་ཀྱང་དེ་ཐོས་ཏེ། ཐོས་མ་ཐག་ཏུ་དེ་ཕྲག་དོག་གི་གཞི་ལས་ཁྲོ་བའི་ཀུན་ནས་དཀྲིས་པ་ཆེན་པོ་སྐྱེས་ཏེ། དེ་ཁྲོས་ནས་རྒྱལ་པོའི་ ཞམ་རིང་བ་རྣམས་ལ་བཀའ་སྩལ་ཏེ། ཁྱེད་དེངས་ལ་རབ་ཏུ་བྱུང་བ་དེའི་མིག་གཉིས་ཕྱུང་ཞིག་ཅེས་བསྒོའོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོའི་ཞམ་རིང་བ་རྣམས་ཀྱིས་རང་སངས་ [10B]ཡང་སྔོན་གྱི་ལས་མྱོང་བར་འགྱུར་བ་དེ་མངོན་སུམ་དུ་གྱུར་པས་རྫུ་བ་ཡང་མ་དྲན་ན། འཕྲུལ་བ་ལྟ་ཅི་སྨོས། དེ་ནས་རང་སངས་ རྒྱས་དེས་བསམ་པ། ཉོན་མོངས་འདི་ནི། སྨྲས་ཤིང་ཉམས་པར་གྱུར་ཏེ་འཁོར་བ་ན་འཁོར་ཞིང་ཡུན་རིང་པོར་སྡུག་བསྔལ་ཆེན་པོ་རྙེད་ན་མི་རུང་གི་འདིའི་ར་མདའ་བྱ་དགོས་སོ་སྙམ་ སྟེ་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང། ལམ་མེར་འདུག་པ་དང། ཆར་འབེབས་པ་དང། གློག་འགྱུར་བའི་ཆོ་འཕྲུལ་རྣམས་བསྟན་ཏོ། །སོ་སོའི་སྐྱེ་བོ་རྣམས་ ནི༑ རྫུ་འཕྲུལ་གྱིས་མྱུར་དུ་དད་པར་བྱེད་དེ། རྒྱལ་པོ་དེ་སྡོང་པོ་སོག་ལེས་བཅད་པ་བཞིན་དུ་ཞབས་ལ་ཕྱག་འཚལ་ཏེ་སྨྲས་པ་སྐལ་པ་ཆེན་པོ་དང་ལྡན་པ་མར་སྤྱོན། བདག་ཉེས་ པར་སྤྱོད་པའི་འདམ་དུ་བྱིང་བའི་ལག་ནས་དྲང་དུ་གསོལ་ཞེས་བྱས་སོ། །བདག་ཉིད་ཆེན་པོ་དེ་ཡང་གཞི་དེས་ཡོངས་སུ་མྱ་ངན་ལས་འདས་ནས་རྒྱལ་པོ་དེས་དེའི་སྐུ་གདུང་ལ་མཆོད་པ་ བྱས་ཏེ་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་སེམས་ཅན་དག་པ་འདི་ལྟ་བུ་ལ་གནོད་པ་བྱེད་དུ་བཅུག་པའི་ལས་དེའི་འབྲས་བུ་བདག་གིས་མྱོང་བར་མ་གྱུར་ཅིག་འདི་ལྟར་ཕྱིར་ ཡང་བཀུར་སྟི་བྱས་པ་རྣམས་ཀྱི་དགེ་བའི་རྩ་བ་འདིས་ན། བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་ [11A]༄༅། །འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་།དེ་ཁོ་ནའི་བསྟན་པ་ལ་ རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་ པོ་མི་སྡུག་པར་གྱུར་པ་གང་ཡིན་པ་དེ་ནི། ལོང་བ་འདི་ཁོ་ན་ཡིན་ཏེ། དེར་རང་སངས་རྒྱས་དེའི་མིག་གཉིས་ཕྱུང་བ་དང། སེམས་ཅན་སྟོང་ཕྲག་དུ་མའི་མིག་མེད་པར་བྱས་པའི་ ལས་དེའི་རྣམ་པར་སྨིན་པས་ལོ་བརྒྱ་ཕྲག་དུ་མ་དང། ལོ་སྟོང་ཕྲག་དུ་མར་དམུས་ལོང་འབའ་ཞིག་ཏུ་གྱུར་ཏེ་སེམས་ཅན་དམྱལ་བར་ཡང་སྐྱེས་པར་གྱུར་ཏོ། །དེ་ནས་ཤི་ འཕོས་ནས་ཀྱང་ཚེ་རབས་ལྔ་བརྒྱར་ཡི་དྭགས་སུ་སྐྱེས་ཏེ། དེར་ཡང་འདིས་དམུས་ལོང་དུ་གྱུར་པ་འབའ་ཞིག་གིས་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་ཏོ། །ཡི་དྭགས་ལས་ ཤི་འཕོས་ནས་ཚེ་རབས་ལྔ་བརྒྱར་དུད་འགྲོར་སྐྱེས་ཏེ། དེར་ཡང་དམུས་ལོང་འབའ་ཞིག་ཏུ་གྱུར་ཏོ། །དུད་འགྲོ་ལས་ཤི་འཕོས་ནས་ཚེ་རབས་ལྔ་བརྒྱར་མིར་སྐྱེས་ཏེ་ཐམས་ ཅད་དུ་དམུས་ལོང་དུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་གསོལ་པ། བཙུན་པ། སེམས་ཅན་སྡུག་བསྔལ་འདི་ལས་ནམ་ཐར་པར་འགྱུར་ལགས། བཀའ་སྩལ་པ། དགེ་ [11B]ཉན་ཐོས་དང། རང་སངས་རྒྱས་ཀྱིས་ལས་འདས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིད་བཟང་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། དེའི་གསུང་རབ་ ལ་སེམས་ཅན་འདི་མིར་སྐྱེ་བར་འགྱུར་ཏེ། དབང་པོ་ཚང་བར་འགྱུར་རོ། །དེ་ནས་དེའི་གསུང་རབ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་ སུམ་དུ་བྱེད་པར་འགྱུར་རོ། །དེས་དགྲ་བཅོམ་པ་ཐོབ་ཀྱང་ཉལ་བའི་ཚེ་ལས་ལས་སྐྱེས་པའི་བྱ་རོག་དག་ལྷགས་ནས་མིག་གཉིས་འབྱིན་པར་འགྱུར་ལ། དེ་གཞི་དེ་ལས་ཡོངས་སུ་ མྱ་ངན་ལས་འདས་པར་འགྱུར་ཏེ། དེར་ལས་འདི་ལས་ཐར་བར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་དེ་དག་སྐྱོ་བ་ཆེན་པོ་སྐྱེས་ཏེ་ཉོན་མོངས་པའི་དབང་གིས་འཁོར་ བ་ན་སྡུག་བསྔལ་འདི་ལྟ་བུ་རྙེད་པར་འགྱུར་རོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ཡིད་སྐྱོ་བར་གྱུར་པར་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ ན་སྐྱེ་བོ་མང་པོ་དེ་དག་གིས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་ཁ་ཅིག་གིས་ནི། དྲོ་བར་གྱུར་པ་བསྐྱེད་དོ། །ཁ་ཅིག་གིས་ནི། སྤྱི་བོ་དང། བདེན་པ་དང་མཐུན་པའི་བཟོད་པ་ དང། འཇིག་རྟེན་གྱི་ཆོས་གྱི་མཆོག་དང། མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། །ཁ་ཅིག་གིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ལན་ [12A]༄༅། །གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི་ རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། ཁ་ཅིག་གིས་ནི། སྟོབས་ ཀྱི་འཁོར་ལོས་བསྒྱུར་བར་འགྱུར་བ་དང། ཁ་ཅིག་གིས་ནི། བརྒྱ་བྱིན་དུ་འགྱུར་བ་དང། ཁ་ཅིག་གིས་ནི། ཚངས་པར་འགྱུར་བ་དང་ཁ་ཅིག་གིས་ནི། ཉན་ཐོས་ཀྱི་ བྱང་ཆུབ་དང། ཁ་ཅིག་གིས་ནི། རང་སངས་རྒྱས་ཀྱི་བྱང་ཆུབ་དང། ཁ་ཅིག་གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་ དག་གི་ནང་ནས་ཕལ་ཆེར་ནི། སངས་རྒྱས་ལ་གཞོལ། ཆོས་ལ་འབབ་དགེ་འདུན་ལ་བབ་པར་གྱུར་ཏོ།། །།གཅེར་བུ་པ་འོད་སྲུང་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ ཁབ་ན་བཞུགས་ཏེ། དེའི་ཚེ་རི་ཁྲོད་ཅིག་ན་བྲམ་ཟེ་དབུལ་པོ་ཞིག་གནས་པ་དེ་ཞིང་ལས་ཀྱིས་འཚོ་བར་བྱེད་དོ། །དེ་ནས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་ དྒུའམ། བཅུ་ལོན་པ་དང་བུ་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་དེའི་མིང་འདོགས་པར་བྱེད་དོ། །ཁྱེའུ་འདི་འོད་སྲུང་གི་ [12B] ཁྱེའུ་འདིའི་མིང་འོད་སྲུང་དུ་གདགས་སོ་།ཞེས་ཟེར་རོ། །དེ་ནས་ཁྱེའུ་འོད་སྲུང་འོ་མ་དང། ཞོ་དང། མར་དང། ཞུན་མར་དང། མར་གྱི་སྙིང་ཁུ་རྣམས་ཀྱིས་ བསྐྱེད་བསྲིངས་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་དེ་པ་དང་ལྷན་ཅིག་ཏུ་ཞིང་ལས་ལ་འགྲོའོ། །དེ་ནས་དེས་བལྟས་ན། ཕ་དེས་སྲོག་ཆགས་སྟོང་ཕྲག་དུ་མ་ཁ་འདོག་པར་བྱེད་ པ་མཐོང་ནས་ཕ་ལ་སྨྲས་པ། ཡབ་གཅིག་ཁྱོད་ཀྱིས་སྲོག་ཆགས་སྟོང་ཕྲག་དུ་མ་གྱི་ན་ལ་སྡུག་བསྔལ་བར་བྱེད་པ་འདི་ལྟ་བུའི་འཚོ་བ་ཁྱོད་ལ་ཅི་དགོས། ཕས་སྨྲས་པ་ བུ༑ བདག་ཅག་གི་འཚོ་བ་ནི། འདི་ཡིན་ཏེ། གཞན་མེད་དོ། །དེ་ནས་ཁྱེའུ་དེས་བསམ་པ། བདག་འཚོ་བ་འདི་ལྟ་བུ་བཏང་ལ་ནགས་ཁྲོད་དུ་གནས་བཅའོ་སྙམ་ནས་ངེས་པར་ འབྱུང་བར་ཆས་སོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས་མཐར་གྱིས་གདུལ་བར་བྱ་བ་རྣམས་ཀྱི་དོན་མཛད་ཅིང། རྒྱལ་པོའི་ཁབ་ཏུ་ གཤེགས་ནས་བཅོམ་ལྡན་འདས་ཀྱི་གྲགས་པ་ཀུན་ཏུ་རྒྱས་པར་གྱུར་ཏོ་།དེ་ནས་བཅོམ་ལྡན་འདས་བདུད་རྩིའི་ཆར་འབེབས་ཤིང་བདུད་རྩིས་འགྲོ་བ་རྣམས་ཚིམ་པར་མཛད་དོ། ། ཁྱེའུ་འོད་སྲུང་གིས་ཀྱང་དགེ་སྦྱོང་གོའུ་ཏ་མ་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེ་བདུད་རྩིའི་ཆར་འབེབས་ཤིང་བདུད་རྩིས་འགྲོ་བ་རྣམས་ཚིམ་པར་མཛད་དོ། །ཞེས་ཐོས་ནས་ཐོས་མ་ཐག་ [13A]༄༅། །ཏུ་ཕ་མ་ལ་གསོལ་ཏེ། ཡབ་ཡུམ། བདག་དགེ་སྦྱོང་གོའུ་ཏ་མའི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་དུ་མཆིའོ། །ཞེས་བྱས་ནས་སོང་ངོ། །དེ་ ནས་རྒྱལ་པོའི་ཁབ་ཏུ་འགྲོ་ཞེས་བྱས་ན། དེས་དེར་གཅེར་བུ་པ་གཉེན་གྱི་བུ་མཐོང་ནས་དེས་བསམ་པ། དགེ་སྦྱོང་གོའུ་ཏ་མ་ནི་འདི་ཡིན་ནོ་སྙམ་ནས་དེ་དེའི་ཐད་དུ་ རབ་ཏུ་བྱུང་ངོ། །རབ་ཏུ་བྱུང་ནས་ཀྱང་དེས་ལྟས་ཀྱི་དཔྱད་ལོབས་ནས་དེ་དེ་ལ་སློབ་དཔོན་གྱི་མཆོག་ཏུ་གྱུར་ཏོ། །དེ་ནས་དེའི་མིང་འོད་སྲུང་ཞེས་བྱ་བ་གང་ཡིན་པ་དེ་མེད་པར་ གྱུར་ཏེ་མིང་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་ཞེས་བྱ་བར་གྱུར་ཏེ། ཕྱི་ཞིག་ན་དེས་བདག་ཉིད་ཚེ་ཟད་པའི་རྟགས་མཐོང་ནས་ བསམ་པ། བདག་ནི། ཞག་བདུན་ན་མེད་པར་འགྱུར་རོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དགའ་བའི་ལྷས་དེ་ལ་སྦྲན་ཏེ་གཅེར་བུ་པ་འོད་སྲུང་དང་ རུས་གཅིག་པ་མི་དགར་མ་བྱེད་ཅིག་བཅོམ་ལྡན་འདས། དེ་ནི། འཆི་བ་ལས་ངེས་པར་འབྱུང་བར་འགྱུར་བའི་ལམ་སྟོན་པ་ཡིན་ཏེ། དེ་ནི་རྒྱལ་པོའི་ཁབ་འདི་ཉིད་ན་ བཞུགས་ཀྱི། དེ་ལ་བསྙེན་བཀུར་གྱིས་ཤིག་དེ་ལྟར་བྱས་དང་ཁྱོད་ལ་ལེགས་པར་འགྱུར་རོ། །ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་ [13B]ལས་ལམ་ཕྱེད་དུ་དེའི་བློ་སྐྱེས་པ། དགེ་སློང་རྣམས་ནི། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ཡིན་ལ། བདག་ཅག་ནི་ གཅེར་བུར་འདུག་པས་ན། དེ་དག་དང་མངོན་སུམ་དུ་ཕྲད་དུ་འགྲོ་མི་ཕོད་ཀྱི། བདག་རེ་ཞིག་འོད་མའི་ཚལ་དུ་མི་འགྲོ་བར་ལམ་ཕྱེད་འདི་ཉིད་དུ་འདུག་པར་བྱའོ། །ལམ་ཕྱེད་འདི་ ཉིད་དུ་འདུག་བཞིན་དུ་བདག་གིས་དགེ་སྦྱོང་གོའུ་ཏ་མ་ལ་བསྙེན་བསྐུར་བྱའོ་སྙམ་མོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་བུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ་འགྲོ་བ་ལྔར་འགྲོ་བ་ལས་ རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་ སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་དགྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་ མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི། དར། སུ་ནི་ཕོངས་ཤིང་འདུག་སུ་ནི། ཉམ་ང་བར་ [14A]༄༅། །གྱུར༑ སུ་ནི། གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་སེང་དུ་གཞོལ། སུ་ནི། ངན་སོང་དུ་ འབབ༑ སུ་ནི། ངན་སོང་དུ་བབ། སུ་ནི། ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ ལས་ལག་ནས་དྲང་པར་བྱ། སུ་ནི། འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་ རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་ པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་ མེད༑ ༑དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་འདུལ་བའི་དུས་ལ་བབ་བོ་སྙམ་དུ་དགོངས་ནས་འོད་མའི་ཚལ་ནས་བྱུང་ [14B]འདུག་པའི་ས་ཕྱོགས་དེར་གཤེགས་ནས་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པས་ཐག་རིང་པོ་ཞིག་ནས་སངས་ རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་མངོན་སུམ་དུ་ཡང་དག་པར་མགུ་ བ་དང། ཡང་དག་པར་དགའ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་དེ་ནས་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པས་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གོའུ་ཏ་མ། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་གོའུ་ཏ་མས་བདག་ལ་སྐབས་ཕྱེ་ན་བདག་ཕྱོགས་འགའ་ཞིག་ཞུའོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང། རེ་ཞིག་ང་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་འགྲོ་དགོས་པས། ཁྱོད་ཀྱི་ཞུ་བ་ལུང་བསྟན་པའི་སྐབས་སུ་མ་བབ་ཀྱི་ ཀུན་དགའ་ར་བའི་ཕྱི་རོལ་ཏུ་ཤོག་ཅིག་དང། དེར་ཁྱོད་ཀྱི་ཞུ་བ་ལུང་བསྟན་པའི་སྐབས་སུ་བབ་བོ། །གསོལ་པ། ཀྱེ་གོའུ་ཏ་མ། གལ་ཏེ་བདག་ཀྱང་གཞན་དུ་འགྱུར་སྲིད་ལ་ ཡང་གོའུ་ཏ་མ་ཡང་གཞན་དུ་འགྱུར་སྲིད་དོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པས་གསོལ་པ་གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་ [15A]༄༅། །པའི་སླད་དུ་སྐབས་ཕྱེ་ན། གོའུ་ཏ་མ། ཁྱོད་ལ་འདི་ཉིད་དུ་ཕྱོགས་འགའ་ཞིག་ཞུའོ། །དེ་ནས་ལན་གཉིས་ལན་གསུམ་གྱི་བར་དུ་བཅོམ་ལྡན་ འདས་ཀྱིས་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང། རེ་ཞིག་ང་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་འགྲོ་དགོས་པས་ཁྱོད་ཀྱི་ ཞུ་བ་ལུང་བསྟན་པའི་སྐབས་སུ་མ་བབ་ཀྱི། ཀུན་དགའ་ར་བའི་ཕྱི་རོལ་ཏུ་ཤོག་ཅིག་དང། དེར་ཁྱོད་ཀྱི་ཞུ་བ་ལུང་བསྟན་པའི་སྐབས་སུ་བབ་བོ། །གསོལ་པ། ཀྱེ་གོའུ་ཏ་ མ༑ གལ་ཏེ་ཞུས་ནས་ཞུ་བ་ལ་ལུང་བསྟན་པའི་སྐབས་ཕྱེ་ན། གོའུ་ཏ་མ། ཁྱོད་ལ་འདི་ཉིད་དུ་ཕྱོགས་འགའ་ཞིག་ཞུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་ སྲུང། ཁྱོད་དོན་འདི་ལན་གཉིས་ལན་གསུམ་གྱི་བར་དུ་ངེས་པར་གླེང་བར་བྱེད་ན་ནི་འོད་སྲུང། ཁྱོད་ཅི་དང་ཅི་འདོད་པ་ཞུས་ཤིག་།གསོལ་པ། གོའུ་ཏ་མ། ཅི་ལགས་ སྡུག་བསྔལ་རང་གིས་བགྱིས་སམ། བཀའ་སྩལ་པ། འོད་སྲུང། སྡུག་བསྔལ་རང་གིས་བྱས་སོ། །ཞེས་ངས་མ་བཤད་དོ། །ཀྱེ་གོའུ་ཏ་མ་ཅི་ལགས། སྡུག་བསྔལ་ གཞན་གྱིས་བགྱིས་སམ། འོད་སྲུང། སྡུག་བསྔལ་གཞན་གྱིས་བྱས་ཞེས་བྱ་བ་དེ་ནི། ངས་ལུང་མ་བསྟན་ཏོ། །ཀྱེ་གོའུ་ཏ་མ། ཅི་ལགས་སྡུག་བསྔལ་རང་གིས་ཀྱང་བགྱིས་ [15B] གཞན་གྱིས་ཀྱང་བགྱིས་པ་ལགས་སམ། འོད་སྲུང། སྡུག་བསྔལ་རང་གིས་ཀྱང་བྱས། གཞན་གྱིས་ཀྱང་བྱས་ཞེས་བྱ་བ་དེ་ཡང་ངས་ལུང་མ་བསྟན་ཏོ། །ཀྱེ་གོའུ་ཏ་མ། ཅི་ ལགས༑ སྡུག་བསྔལ་རང་གིས་མ་བགྱིས་པ་དང། གཞན་གྱིས་མ་བགྱིས་པ་དང། རྒྱུ་ལས་བྱུང་བ་ཡང་མ་ལགས་སམ། འོད་སྲུང། འདི་ཡང་ངས་ལུང་མ་བསྟན་ཏོ། །གོའུ་ཏ་ མ༑ ཅི་ལགས། སྡུག་བསྔལ་བདག་གིས་བགྱིས་པ་དང། གཞན་གྱིས་བགྱིས་པ་དང། རྒྱུ་ལས་བྱུང་བ་ཡང་མ་ལགས་ཞེས་བགྱི་བ་ཡང་ལུང་མ་བསྟན་ཏོ། །ཞེས་གསུང་ངམ་ འོད་སྲུང། སྡུག་བསྔལ་རང་གིས་བྱས་པ་དང། གཞན་གྱིས་བྱས་པ་དང། རྒྱུ་ལས་བྱུང་བ་ཡང་མ་ཡིན་ནམ་ཞེས་འདྲི་ན། ལུང་མ་བསྟན་ཏོ། །ཞེས་ང་ཟེར་རོ། །ཀྱེ་གོའུ་ཏ་ མ༑ ཅི་ལགས། སྡུག་བསྔལ་མ་མཆིས་པ་ཁོ་ན་ལགས་སམ། འོད་སྲུང་སྡུག་བསྔལ་ནི། ཡེ་མེད་པ་མ་ཡིན་ཏེ། ཡོད་པ་ཁོ་ན་ཡིན་ནོ། །ཀྱེ་གོའུ་ཏ་མ། སྡུག་བསྔལ་ རང་གིས་བགྱིས་པ་ལགས་ན། ཅི་ནས་བདག་གི་སྡུག་བསྔལ་ཤེས་པར་འགྱུར་བ་དང། མཐོང་བར་འགྱུར་པ་དེ་ལྟ་བུའི་ཆོས་བཅོམ་ལྡན་འདས་ཀྱིས་བདག་ལ་བསྟན་པར་ སྨོན་ནོ༑ ༑འོད་སྲུང། གང་གི་ཚོར་བ་ཡང་དེ་ཉིད་ཡིན་ལ། མྱོང་བ་ཡང་དེ་ཉིད་ཡིན་ན་ནི། དེ་ལྟ་ན་སྡུག་བསྔལ་རང་གིས་བྱས་པ་ཡིན་པར་འགྱུར་ན། འོད་སྲུང། ང་ནི། དེ་སྐད་ [16A]༄༅། །ཅེས་མི་ཟེར་རོ། །འོད་སྲུང། གང་གི་ཚོར་བ་ཡང་གཞན་ཡིན་ལ། མྱོང་བ་ཡང་གཞན་ཡིན་ན་ནི། དེ་ལྟ་མ་སྡུག་བསྔལ་གཞན་གྱིས་བྱས་པ་ཡིན་ པར་འགྱུར་ན། འོད་སྲུང། ང་ནི། དེ་སྐད་མི་ཟེར་རོ། །འོད་སྲུང་གང་གི་ཚོར་བ་ཡང་དེ་ཉིད་ཡིན་ལ། མྱོང་བ་ཡང་དེ་ཉིད་ཡིན་པ་དང། གང་གི་ཚོར་བ་ཡང་གཞན་ཡིན་ ལ༑ མྱོང་བ་ཡང་གཞན་ཡིན་ན་ནི། དེ་ལྟ་ན་སྡུག་བསྔལ་རང་གིས་བྱས་པ་ཡིན་ལ། གཞན་གྱིས་བྱས་པ་ཡང་ཡིན་པར་འགྱུར་ན། འོད་སྲུང། ང་ནི། དེ་སྐད་མི་ཟེར་ རོ༑ ༑འོད་སྲུང། གང་གི་སྡུག་བསྔལ་རྐྱེན་རྣམས་མེད་པར་བྱུང་བར་གྱུར་ན་ནི། དེ་ལྟ་ན་སྡུག་བསྔལ་རང་གིས་བྱས་པ་དང། གཞན་གྱིས་བྱས་པ་དང། རྒྱུ་ལས་བྱུང་བ་ ཡང་མ་ཡིན་པར་འགྱུར་ན། འོད་སྲུང། ང་ནི། དེ་སྐད་མི་ཟེར་རོ་།དེ་བཞིན་གཤེགས་པ་ནི། མཐའ་དེ་གཉིས་ལ་མི་རྟེན་པར་དབུ་མའི་ལམ་གྱིས་ཆོས་སྟོན་ཅིང། འདི་ ལྟ་སྟེ༑ འདི་ཡོད་ན་འདི་འབྱུང་ལ། འདི་སྐྱེས་པས་འདི་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འབྱུང། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ ཤེས་པ་འབྱུང། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་འབྱུང། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་འབྱུང་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་འབྱུང་ [16B] ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང། །སྲེད་པའི་རྐྱེན་གྱིས་ལེན་པ་འབྱུང། །ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང། སྲིད་པའི་རྐྱེན་གྱིས་སྐྱེ་བ་འབྱུང་ སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་ བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་མེད་ན་འདི་མི་འབྱུང་ལ། འདི་འགགས་པས་འདི་འགག་པར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་ པ་འགགས་པས་འདུ་བྱེད་འགག་འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་མིང་དང་གཟུགས་འགགས་ པས་སྐྱེ་མཆེད་དྲུག་འགག་སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་།རེག་པ་འགགས་པས་ཚོར་བ་འགག་ཚོར་བ་འགགས་པས་སྲེད་པ་འགག་།སྲེད་པ་འགགས་པས་ ལེན་པ་འགག་ལེན་པ་འགགས་པས་སྲིད་པ་འགག་སྲིད་པ་འགགས་པས་སྐྱེ་བ་འགག་སྐྱེ་བ་འགགས་པས་རྒ་ཤི་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་ བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །ཆོས་ཀྱི་རྣམ་ [17A]༄༅། །གྲངས་འདི་བཤད་པ་ན་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་ གཅེར་བུ་པ་འོད་སྲུང་དང་རུས་གཅིག་པས་ཆོས་མཐོང། ཆོས་རྙེད་ཆོས་རྟོགས། ཆོས་ཀྱི་གཏིང་སླེབས། སོམ་ཉི་ལས་བརྒལ། ཐེ་ཚོམ་ལས་བརྒལ་ཏེ་གཞན་གྱི་དྲིང་ མི་འཇོག་ཅིང་གཞན་གྱི་བཀྲི་བ་མེད་ལ། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་ བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ནི། མངོན་པར་འཕགས་ལགས་སོ། །མངོན་པར་ཞུགས་པ་ལགས་སོ། །བཙུན་པ། བདག་ བཅོམ་ལྡན་འདས་ལ་སྐྱབས་སུ་མཆིས་པ་དང། ཆོས་ལ་སྐྱབས་སུ་མཆིས་པ་དང། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིས་པ་ལགས་ཏེ། བདག་དགེ་བསྙེན་ ལགས་པར་གཟུང་དུ་གསོལ། བདག་མངོན་པར་དད་པར་གྱུར་ཏེ། དེང་སླན་ཆད་སྙིང་ཐག་པ་ནས་སྐྱབས་སུ་མཆི་ལགས་སོ། །ཞེས་གསོལ་ནས་དེ་ལྟར་གཅེར་བུ་པ་ འོད་སྲུང་དང་རུས་གཅིག་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་ཅིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ [17B] །དེ་ནས་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ནས་རིང་པོ་མ་ལོན་པར་བ་དྲུས་མ་ཞིག་གིས་བརྡུངས་ ཏེ་བསད་ནས་དེ་འཆི་ཁར་དབང་པོ་རྣམས་དྭངས་ཤིང་བཞིན་གྱི་མདོག་ཡོངས་སུ་དག་ལ་པགས་པའི་མདོག་དཀར་པོར་འདུག་གོ་དེ་ནས་དགེ་སློང་མང་པོ་དག་སྔ་དྲོ་ཤམ་ཐབས་ དང་ཆོས་གོས་གྱོན་ནས་ལྷུང་བཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་དོང་ནས་དགེ་སློང་མང་པོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་རྒྱུ་བ་ན། །གཅེར་བུ་པ་འོད་ སྲུང་དང་རུས་གཅིག་པས་ལམ་ཕྱེད་དེ་ཉིད་དུ་བཅོམ་ལྡན་འདས་ལ་ཞུ་བ་ཞུས་ཏེ། དེ་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ནས་རིང་པོ་མ་ལོན་པར་བ་དྲུས་མས་བརྡུངས་ཏེ་ བསད་ནས་དེ་འཆི་ཁར་དབང་པོ་རྣམས་དྭངས་ཤིང་བཞིན་གྱི་མདོག་ཡོངས་སུ་དག་ལ་པགས་པའི་མདོག་དཀར་པོར་འདུག་གོ་ཞེས་ཐོས་སོ་།ཐོས་ནས་ཀྱང་རྒྱལ་པོའི་ཁབ་ ནས་བསོད་སྙོམས་བླངས་ནས་ཟན་ཟོས་ཏེ་ཕྱིས་བསོད་སྙོམས་བླང་བ་སྤངས་ནས་ལྷུང་བཟེད་དང་ཆོས་གོས་བཞག་སྟེ་རྐང་པ་བཀྲུས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་དགེ་སློང་མང་པོས་བཅོམ་ལྡན་འདས་ལ་འདི་ [18A]༄༅། །སྐད་ཅེས་གསོལ་ཏོ། །བཙུན་པ། འདི་ན་བདག་ཅག་དགེ་སློང་མང་པོ་སྔ་དྲོ་ཤམ་ཐབས་དང། ཆོས་གོས་གྱོན་ཏེ་ལྷུང་བཟེད་ཐོགས་ནས་རྒྱལ་ པོའི་ཁབ་ཏུ་བསོད་སྙོམས་ལ་མཆིས་པ་ན། བཙུན་པ། བདག་ཅག་དགེ་སློང་མང་པོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་རྒྱུ་བ་རྣམས་ཀྱིས་གཅེར་བུ་པ་འོད་སྲུང་དང་རུས་ གཅིག་པས་ཤུལ་ཕྱེད་དེ་ཉིད་དུ་བཅོམ་ལྡན་འདས་ལ་ཞུ་བ་ཞུས་ནས་དེ་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ནས་རིང་པོ་མ་ལོན་པར་བ་དྲུས་མས་བརྡུངས་ཏེ་བཀུམ་ ནས་དེ་འགུམ་གར་དབང་པོ་རྣམས་དྭངས་ཤིང་བཞིན་གྱི་མདོག་ཡོངས་སུ་དག་ལ་པགས་པའི་མདོག་དཀར་པོར་མཆིས་སོ། །ཞེས་ཐོས་ལགས་ན་བཙུན་པ། དེའི་ འགྲོ་བ་ནི། གང་ལགས། སྐྱེ་བའི་གནས་ནི། གང་ལགས། འཆི་བའི་གནས་ནི། གང་ལགས། བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་དེ་ནི། ནོར་དུ་ གྱུར་པ་ཡིན་ཏེ། དེས་ངའི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་མངོན་པར་རྟོགས་པས་ན། དེས་ནི། ང་ལ་གནོད་པ་མ་བྱས་ཀྱི། དགེ་སློང་དག་རིགས་ཀྱི་བུ། དེས་ནི་ འདི་ལྟ་སྟེ། ཆོས་ལ་ལྷག་པར་བྱ་བ་བྱས་ནས་མྱ་ངན་ལས་འདས་ཀྱི། དེའི་རུས་བུ་ལ་རུས་བུའི་མཆོད་པ་གྱིས་ཤིག་ཅེས་བཀའ་སྩལ་ཏེ། དེར་བཅོམ་ལྡན་འདས་ཀྱིས་ [18B][?]བུ་པ་འོད་སྲུང་དང་རུས་གཅིག་པ་མཆོག་ཏུ་གྱུར་པར་ལུང་བསྟན་ནས་རྒྱལ་པོའི་ཁབ་དེར་ལྷ་རྣམས་ཀྱིས་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་ཡོངས་སུ་མྱ་ངན་ལས་ འདས་སོ། །ཞེས་སྒྲ་བསྒྲགས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་གཞན་མུ་སྟེགས་པ་རྣམས་ཀྱིས་རས་ཀྱི་བ་དན་དག་བསྒྲེང་སྟེ་ལམ་པོ་ཆེ་དང། སྲང་དང། བཞི་མདོ་དང། སུམ་མདོ་ རྣམས་སུ་བསྒྲགས་ཏེ། དགེ་སྦྱོང་གོའུ་ཏ་མ་ན་རེ། ངའི་ཆོས་འདུལ་བ་འདི་འབའ་ཞིག་ལ་མཐར་ཐུག་པ་ཡོད་ཀྱི། གཞན་ལ་མེད་དོ་ཞེ་ན། ངེད་ཀྱི་ཚངས་པ་མཚུངས་པར་ སྤྱོད་པ་འདི་ཡང་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་སྨྲས་ནས་དེ་དག་དེའི་ཐད་དུ་དོང་སྟེ་འདིའི་རུས་བུ་ལ་མཆོད་པ་བྱའོ་སྙམ་མོ། །དགེ་སློང་དག་ཀྱང་དེའི་ཐད་དུ་དོང་སྟེ་ འདིའི་རུས་བུ་ལ་མཆོད་པ་བྱའོ་སྙམ་མོ། །དེ་ནས་དེར་གཞན་མུ་སྟེགས་པ་ཀུན་ཏུ་རྒྱུ་རྣམས་ན་རེ། འདི་ནི། བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱི། བདག་ཅག་གིས་ འདིའི་རུས་བུ་ལ་མཆོད་པ་བྱའོ། །ཞེས་ཟེར་རོ། །དགེ་སློང་དག་ན་རེ། འདི་ནི། བདག་ཅག་གིས་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱི་བདག་ཅག་གིས་འདིའི་རུས་བུ་ལ་མཆོད་ པ་བྱའོ༑ ༑ཞེས་ཟེར་རོ། །དེ་ནས་གཞན་མུ་སྟེགས་པ་ཀུན་ཏུ་རྒྱུ་དག་ན་རེ། བདག་ཅག་གི་དབང་པོ་ནི། ལྷ་གང་དག་གིས་རྒྱལ་པོའི་ཁབ་འདིར་བསྒྲགས་པ་དེ་དག་ཡིན་ནོ། །ཞེས་ཟེར་རོ། །དགེ་ [19A]༄༅། །སློང་དག་ན་རེ། འདི་སུའི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་པ་ལྷ་དེ་དག་ཉིད་ལ་དྲི་བར་བྱའོ། །ཞེས་ཟེར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་གཞན་མུ་ སྟེགས་པ་ཀུན་ཏུ་རྒྱུ་བ་དག་གིས་ལྷ་དེ་དག་ཉིད་ལ་གསོལ་བ་བཏབ་སྟེ། འདི་སུའི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་པ་དང། སུའི་མ་ཡིན་པ་དེ་ལྷ་རྣམས་གསུངས་ཤིག་ ཅེས་བྱས་སོ། །དེ་ནས་ཆོས་རྟོགས་པའི་ལྷ་རྣམས་ན་རེ། འདི་ནི། དགེ་སློང་རྣམས་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཏེ། འདིས་བཅོམ་ལྡན་འདས་ལས་ཆོས་རྟོགས་ ནས་དེས་ན་འདི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ་།ཞེས་ཟེར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་གཞན་མུ་སྟེགས་པ་ཀུན་ཏུ་རྒྱུ་རྣམས་སྐྱེངས་ནས་ས་ཕྱོགས་ དེ་ནས་སོང་ངོ། །དེ་ནས་དགེ་སློང་རྣམས་ཀྱིས་དེའི་རུས་བུ་ལ་རུས་པའི་མཆོད་པ་བྱས་ཏེ་འོད་མའི་ཚལ་དུ་དོང་ནས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། གཅེར་བུ་པ་ འོད་སྲུང་དང་རུས་གཅིག་པ་འདིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་བ་དྲུས་མས་བརྡུངས་ཏེ་བཀུམ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ དགེ་སློང་དག་འདི་ཉིད་ཀྱིས་ལས་དེ་ལྟ་བུ་བྱས་ཤིང་བསགས་ཏེ། འདིའི་སྔོན་གྱི་གཏམ་རྒྱུད་ནི། པུས་ཀ་ར་ས་རའི་གཏམ་རྒྱུད་ལས་འབྱུང་བ་བཞིན་དུ་མིང་པོ་བཞིས་ [19B]།གསོལ་པ། བཙུན་པ། གཅེར་བུ་པ་འོད་སྲུང་དང་རུས་གཅིག་པས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་འདིས་བཅོམ་ ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ་།གསོལ་པ། བཙུན་པ། འདིས་ སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་ པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་ དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གྲགས་པ་ཀུན་ཏུ་རྒྱས་པར་གྱུར་ཏོ། །དེ་ནས་ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་གིས་ཝཱ་ར་ཎ་སིར་གནས་བཅས་ཏེ་བདུད་རྩིའི་ཆར་འབེབས་ཤིང། བདུད་རྩིས་འགྲོ་བ་རྣམས་ཚིམ་པར་མཛད་དོ། །དེའི་ཚ་ཡུལ་དེ་ན་བྲམ་ཟེའི་ཁྱེའུ་ཞིག་ གནས་པ་དེས་ཀྱང་ཝཱ་ར་ཎཱ་སི་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ་བདུད་རྩིའི་ཆར་འབེབས་ཏེ། བདུད་རྩིས་འགྲོ་བ་རྣམས་ཚིམ་པར་མཛད་དོ། །ཞེས་ཐོས་ [20A]༄༅། །སོ༑ ༑ཐོས་ནས་ཀྱང་ཡུལ་དྲང་སྲོང་སྨྲ་བར་སོང་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དེ་ག་ལ་བཞུགས་པ་དེར་སོང་སྟེ་ཕྱིན་ནས་ ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ་དེ་ནས་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་གིས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལས་ཆོས་ཐོས་ནས་སྐྱབས་སུ་འགྲོ་བ་དང། བསླབ་ པའི་གཞི་རྣམས་བླངས་ནས་སོང་ངོ། །དེ་ནས་དེས་ཚེ་གཅིག་ཏུ་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ཏེ། སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ བསྲུངས་ནས་འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་ བསླབ་པའི་གཞི་རྣམས་བསྲུངས་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་ པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ་།དགེ་སློང་དག་ཇི་ [20B] དེའི་ཚེ་བྲམ་ཟེར་གྱུར་པ་གང་ཡིན་པ་དེ་ནི་གཅེར་བུ་པ་འོད་སྲུང་དང་རུས་གཅིག་པ་འདི་ཁོ་ན་ཡིན་ཏེ། དེས་དེར་སྦྱིན་པ་དག་བྱིན་ཞིང། བསོད་ནམས་ དག་བྱས་ནས་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བསྲུངས་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང་ ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་བརྒྱད་པ། འོད་སྲུང་གཙོ་བོ་ཞེས་བྱ་བ་ནི་ གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་རིའི་སུལ་ཞིག་ན་དྲང་སྲོང་འཁོར་ཁྲི་ཉིས་སྟོང་ཡོད་པ་ཞིག་གནས་ཏེ། དྲང་སྲོང་དེ་ཡང་བསྟན་བཅོས་ཐམས་ཅད་ཀྱི་མཐར་ ཕྱིན་པ༑ རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་སྟེ། དེས་བྲམ་ཟེ་ཁྲི་ཉིས་སྟོང་པོ་དེ་དག་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ལ་བཀོད་དོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ [21A]༄༅། །མཚོ་ཆེན་པོ་མ་དྲོས་པའི་ནང་དུ་ལས་ཀྱི་རྣམ་པར་སྨིན་པ་ཞིག་ལུང་བསྟན་ནས་མཚོ་དེ་ཉིད་ཀྱི་ནང་ནས་འཁོར་ལྔ་བརྒྱ་དང། ནམ་མཁའ་ལས་རྒྱལ་ བུ་རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་སོ། །དྲང་སྲོང་དེ་འཁོར་དང་བཅས་པས་ཀྱང་བཅོམ་ལྡན་འདས་མཚོ་དེ་ཉིད་ཀྱི་ནང་ནས་ནམ་མཁའ་ལ་གཤེགས་པ་མཐོང་ངོ། །མཐོང་ མ་ཐག་ཏུ་བཅོམ་ལྡན་འདས་ལ་དགའ་བར་གྱུར་ནས་ཐམས་ཅད་བོར་ཏེ་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་ཞིང་དེ་དག་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཞུགས་ནས་ བཅོམ་ལྡན་འདས་ག་ལ་བཞུགས་པ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཁྲི་ཉིས་སྟོང་པོ་དེ་རྣམས་ཀྱི་བསམ་པ་དང། བག་ལ་ཉལ་བ་དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་དྲང་སྲོང་ཁྲི་ཉིས་སྟོང་པོ་དེ་རྣམས་ཀྱིས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་བདེན་པ་རྟོགས་པའི་མོད་ལ་ཕྱིར་མི་འོང་ བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དྲང་སྲོང་གཙོ་བོ་དེས་ནི་ཐོས་པས་རྒྱགས་ཤིང་དྲེགས་པས་ཅི་ཡང་མ་ཐོབ་བོ། །དེ་ནས་དྲང་སྲོང་ཁྲི་ཉིས་སྟོང་པོ་དེ་རྣམས་སྟན་ [21B]འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་ པ༑ བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་ འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཁྲི་ཉིས་སྟོང་པོ་དེ་དག་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་ སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་རྣམས་ལ་ལུང་ཡང་ཕོག་སྟེ། དེ་རྣམས་ཀྱིས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་ བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དྲང་སྲོང་གཙོ་བོ་དེ་ནི་རབ་ཏུ་བྱུང་ཡང་ཅི་ཡང་མ་ཐོབ་བོ། །དེ་ནས་དེས་དེ་ཐོས་ནས་འབད་པ་ལ་ཞུགས་ཏེ། དེས་རིང་པོ་མ་ལོན་པར་སྡེ་ སྣོད་གསུམ་ལོབས་ནས་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེའི་བློ་སྐྱེས་པ་བདག་ནི། སེམས་ཅན་སྟོང་ཕྲག་དུ་མ་དག་ལ་ ཆོས་སྟོན་ལ། བདག་ཉིད་ནི། ཆོས་སྟོན་པར་མི་འདོད་དེ། བདག་གི་གྲོགས་པོ་འདི་དག་ཐམས་ཅད་ཀྱིས་དགྲ་བཅོམ་པ་ཉིད་ཐོབ་ལ། བདག་གིས་ནི། དེ་ཐོས་ནས་ཅི་བྱ་གཏོལ་མེད་ [22A]༄༅། །པར་གྱུར་ཏེ་ཁྱད་པར་ཅི་ཡང་མ་ཐོབ་ཀྱི། བདག་གིས་མཉན་པ་དང། སེམས་པ་བཏང་ལ་རེ་ཞིག་བསྒྲིམ་པར་བྱའོ་སྙམ་ནས་དེས་ཐོས་པ་དེ་ཉིད་ སེམས་པ་དང། འཇལ་བ་དང། ཉེ་བར་བརྟགས་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་ པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ་ཙནྡན་སྦངས་པ་ལྟ་བུར་ བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་ དང་བཀུར་བསྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། དྲང་སྲོང་དེ་ཐོས་པའི་རྒྱགས་པས་དྲེགས་ནས་ཅི་ཡང་མ་ཐོབ་ལ། སླད་ཀྱིས་ཐོས་པ་དེ་ཉིད་སེམས་པ་དང་ འཇལ་པ་དང། ཉེ་བར་བརྟགས་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ [22B] ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདིས་སེམས་པ་དང། འཇལ་བ་དང། བརྟགས་པས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ཇི་ལྟར་བསྐྱེད་ པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་ཁྲོད་ཅིག་ན་བྲམ་ཟེ་འོད་སྲུང་གཙོ་བོ་ཞེས་བྱ་བ་ཞིག་གནས་ཏེ་ཕྱི་ཞིག་ན་དེ་རྩ་བ་དང་འབྲས་བུ་དག་གི་དོན་ལ་ རིའི་སུལ་ཞིག་ཏུ་སོང་བ་ལས་དེས་དེར་དྲང་སྲོང་ཁྲི་ཉིས་སྟོང་མཐོང་ནས་མཐོང་མ་ཐག་ཏུ་དེ་དག་ལ་ཤིན་ཏུ་དགའ་བར་གྱུར་ནས་དེས་བསམ་པ། བདག་ནི། ཁྱིམ་གྱི་ཆོས་ལ་ གནས་ལ། འདི་རྣམས་ནི། ཁྱིམ་གྱི་གནས་ནས་ངེས་པར་བྱུང་བ་ལས་ན། འདི་རྣམས་ནི། འཁོར་བ་ལས་གྲོལ་བ་ཡིན་གོར་མ་ཆག་གི་མ་ལ་བདག་ཀྱང་འདི་དག་ཁོ་ནའི་ ཐད་དུ་རབ་ཏུ་འབྱུང་བར་བྱའོ། །སྙམ་ནས་དེས་ཐམས་ཅད་བོར་ཏེ་དྲང་སྲོང་དེ་དག་གི་ཐད་དུ་རབ་ཏུ་བྱུང་སྟེ། དེ་དེར་སོང་ནས་བསྟན་བཅོས་ཐམས་ཅད་ཁོང་དུ་ཆུད་པར་གྱུར་ཏོ། །དེ་ནས་ ཕྱི་ཞིག་ན་དྲང་སྲོང་གཙོ་བོ་དེ་ཤི་ནས་བྲམ་ཟེའི་ཁྱེའུ་ཁྲི་ཉིས་སྟོང་པོ་དེ་རྣམས་དྲང་སྲོང་དེ་ཤི་བའི་ཕྱིར་ཤིན་ཏུ་མྱ་ངན་བྱེད་ཅིང་སྡུག་བསྔལ་ལ་སྨྲེ་སྔགས་འདོན་པར་བྱེད་དོ། །དེ་ནས་ འོད་སྲུང་གཙོ་བོ་དེས་དེ་དག་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག་།ཧ་ཅང་མྱ་ངན་མ་བྱེད། སྡུག་བསྔལ་བར་མ་བྱེད། སྨེ་སྔགས་འདོན་པར་མ་བྱེད་ཅིག་དང། ངས་ཁྱོད་ཀྱི་དགོས་པ་ [23A]༄༅། །ཐམས་ཅད་སྦྱར་བར་བྱའོ། །ཞེས་བྱས་ནས་དེས་བྲམ་ཟེའི་ཁྱེའུ་ཁྲི་ཉིས་སྟོང་པོ་དེ་དག་ཐམས་ཅད་བསྡུས་ཏེ། དེ་དག་ལ་ཡིད་ལ་བྱེད་པའི་ལུང་ཡང་ཕོག་ ནས་དེ་དག་ཐམས་ཅད་ཀྱིས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེ་ནས་ཕྱི་ཞིག་ན་འོད་སྲུང་གཙོ་བོས་བསམ་པ་བདག་གིས་སློབ་མ་འདི་རྣམས་ཀྱིས་ ནི༑ བདག་གི་ཡིད་ལ་བྱེད་པས་ཆོས་འདི་ལྟ་བུ་རྟོགས་པར་གྱུར་ལ་བདག་ནི། ཐོས་པས་རྒྱགས་ཤིང་དྲེགས་པས་ཅི་ཡང་མ་ཐོབ་ན། བདག་ལ་ཐོས་པ་འདི་ཅི་དགོས་ སྙམ་ནས་དེས་ཀྱང་སེམས་པ་དང། འཇལ་བ་དང། ཉེ་བར་བརྟགས་པས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས་ དེའི་ཚེ་འོད་སྲུང་གཙོ་བོར་གྱུར་པ་གང་ཡིན་པ་དེ་ནི། དྲང་སྲོང་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་ཐོས་པའི་རྒྱགས་པས་དྲེགས་པས་ཅི་ཡང་མ་ཐོབ་ལ། ཕྱིས་ཐོས་པ་དེ་ ཉིད་སེམས་པ་དང། འཇལ་བ་དང། ཉེ་བར་བརྟགས་པས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །ད་ལྟར་ཡང་འདི་ཐོས་པའི་རྒྱགས་པས་དྲེགས་ པས་སྔར་ཅི་ཡང་མ་ཐོབ་ལ། ཕྱིས་ཐོས་པ་དེ་ཉིད་སེམས་པ་དང་འཇལ་བ་དང། ཉེ་བར་བརྟགས་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་ [23B] །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། དྲང་སྲོང་འཁོར་དང་བཅས་པ་རྣམས་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་ པས་འདི་རྣམས་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ་བཙུན་པ། འདི་རྣམས་ཀྱིས་ སྨོན་ལམ་གང་དུ་བཏབ་ལགས། བཀའ་སྩལ་པ། དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན་ཡང་དག་ པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོས་གྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། གང་གི་ཚེ་དེ་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས་ཕུང་པོའི་ལྷག་ མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ནས་རྒྱལ་པོ་མཛེས་ལྡན་གྱིས་དེའི་སྐུ་གདུང་ལ་མཆོད་པ་བྱས་ཏེ་སྐུ་གདུང་གི་མཆོད་རྟེན་བརྩིགས་ནས་མཆོད་ [24A]༄༅། །རྟེན་དེ་ལ་བཀུར་སྟི་ཆེན་པོ་བྱས་ཏེ། མཆོད་རྟེན་གྱི་དུས་སྟོན་གྱི་ལུགས་བཏོད་དོ། །དེ་ནས་ཕྱི་ཞིག་ན་མཆོད་རྟེན་དེའི་མཆོད་རྟེན་གྱི་དུས་སྟོན་ལ་བབ་པ་ ན༑ རྒྱལ་པོ་མཛེས་ལྡན་གྱི་ཁམས་སུ་གཏོགས་པ་རི་ཁྲོད་ཀྱི་རྒྱལ་པོ་འཁོར་ཁྲི་ཉིས་སྟོང་དང་ལྡན་པ་ཞིག་གིས་ཀྱང་མཆོད་པའི་ལས་ལ་བརྩོན་པར་བྱས་ནས་སྨོན་ལམ་བཏབ་པ་ དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་སྟོན་པ་འདི་དང་འདྲ་བའི་བསྟན་ པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་ཞམ་རིང་བ་རྣམས་ཀྱིས་དེ་མཐོང་ནས་ དྲིས་པ༑ ལྷ་གཅིག་གིས་སྨོན་ལམ་ཅི་བཏབ་ལགས། དེ་ནས་རྒྱལ་པོས་ཀྱང་དེ་དག་ལ་རྒྱས་པར་བསྙད་དོ། །དེ་ནས་ཞམ་རིང་བ་རྣམས་ཀྱིས་སྨྲས་པ། བདག་ཅག་གིས་ ཀྱང་ལྷ་གཅིག་ལ་བརྟེན་ཏེ་སྟོན་པ་འདི་འདྲ་བ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པ་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རི་ཁྲོད་ཀྱི་རྒྱལ་པོར་གྱུར་པ་གང་ཡིན་པ་ [24B] དྲང་སྲོང་འདི་ཁོ་ན་ཡིན་ནོ། །དེའི་ཚེ་དེའི་འཁོར་ཁྲི་ཉིས་སྟོང་པོར་གྱུར་པ་གང་ཡིན་པ་དེ་ནི། བྲམ་ཟེ་ཁྲི་ཉིས་སྟོང་པོ་འདི་དག་ཁོ་ན་ཡིན་ཏེ། དེར་མཆོད་རྟེན་དེ་ལ་བཀུར་བསྟི་བྱས་ནས་ སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་ པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དྲང་སྲོང་ཁྲི་ཉིས་སྟོང་པོ་འདི་རྣམས་ཀྱིས་ཀྱང་ དེ་ཉིད་ལ་བརྟེན་ནས་འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ ཉིད་མངོན་སུམ་དུ་བྱས་སོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་དག་ཐམས་ཅད་རབ་ཏུ་བྱུང་སྟེ། དེར་འདི་དག་ཐམས་ཅད་ཀྱིས་ཚེ་ གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།གླང་ཆེན་གནས་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ ན་བཞུགས་ཏེ། དེའི་ཚེ་རྒྱལ་པོའི་ཁབ་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོའི་གླང་པོ་ཆེའི་བླ་གླང་ཆེན་སྙིང་པོ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་མང་བ་ [25A]༄༅། །རྣམ་ཐོས་ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང། བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ་ཁྱེའུ་འདི་རྒྱུ་སྐར་ནག་པ་ལ་སྐྱེས་ལ། གཅིག་ ཏུ་ན་གླང་པོ་ཆེའི་བླ་གླང་ཆེན་སྙིང་པོའི་བུ་ཡིན་པས་ན་ཁྱེའུ་འདིའི་མིང་ནག་པ་གླང་ཆེན་གནས་ཞེས་གདགས་སོ། །ཞེས་ཟེར་རོ། །དེ་ནས་ཁྱེའུ་ནག་པ་གླང་ཆེན་གནས་འོ་ མ་དང། ཞོ་དང། མར་དང། ཞུན་མར་དང། མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཁྱེའུ་དེ་ཡི་གེ་སློབ་དུ་བཅུག་སྟེ། རྒྱལ་རིགས་སྤྱི་བོ་ ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱིས་བཟོའི་གནས་དང། ལས་ཀྱི་གནས་ཐ་དད་པ་འདི་ལྟ་སྟེ། གླང་པོ་ཆེ་བཞོན་པ་དང། རྟ་བཞོན་པ་དང། མཚོན་ཆ་བཅང་བ་ དང། འཕོང་དང། མདུན་དུ་བསྣུར་བ་དང། ཕྱིར་བསྣུར་བ་དང་གཡུལ་ལས་ཐར་བར་བྱ་བ་དང། ལྕགས་ཀྱུས་གཟུང་བ་དང། ཞགས་པས་གཟུང་བ་དང། མདའ་བོ་ [25B] རྡོ་རྗེ་རྩེ་གཅིག་པ་འཕང་བ་དང་མཚོན་རྩེ་གཅིག་པ་གདབ་པ་དང། འཁོར་ལོ་འཕང་བ་དང། གཅད་པ་དང། གཤེགས་པ་དང། ལག་པས་གཟུང་བ་དང་ རྐང་པའི་སྟབས་དང། མགོ་བོ་བསྐྱབ་པ་དང། རྒྱང་མར་འཕང་བ་དང། སྒྲ་གྲག་པར་འཕང་བ་དང། གནད་དུ་འཕང་བ་དང་གདོན་མི་ཟ་བར་ཕོག་པར་བྱ་བ་དང། ཚབས་ཆེར་ གཏང་བ་རྣམས་ཀྱང་བསླབས་ནས་གནས་ལྔ་ལ་བྱང་བར་གྱུར་ཏོ་།དེ་ནས་ཕྱི་ཞིག་ན་དེའི་ཕ་མ་གཉིས་ཤི་ནས་དེ་རྒྱལ་པོ་གཟུགས་ཅན་སྙིང་པོས་གླང་པོ་ཆེའི་བླར་བསྐོས་ཏེ་ཕའི་ ལས་ཐབས་དེ་ཉིད་བྱིན་ནོ། །དེ་ནས་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན་དེས་བཅོམ་ལྡན་ འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་ཏེ། དེས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ ལ་རབ་ཏུ་བྱུང་ངོ། །དེ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་བསླབས་ཏེ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེས་བསམ་པ། བདག་གིས་ ཐོས་པའི་སྒོ་ནས་བྱ་བ་གང་ཡིན་པ་དེ་དག་ནི། བྱས་ཟིན་གྱི། ད་ཕྱིན་ཆད་ནི། བདག་གིས་ཡིད་ལ་བྱེད་པ་ལ་འབད་པར་བྱའོ། །སྙམ་དུ་བསམ་སྟེ་དེས་ཡིད་ལ་བྱེད་པ་བཟུང་ནས་ [26A]༄༅། །སྲོད་དང་ཐོ་རངས་མི་ཉལ་བར་ཉམས་སུ་བླངས་ཏེ་གནས་པས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བསམ་གཏན་གྱི་བར་དུ་བསྐྱེད་ནས་ དེས་སློབ་མ་ལྔ་བརྒྱ་བསྡུས་ཏེ་འཁོར་དང་ལྡན་པར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེ་འཁོར་དང་བཅས་པ་ལྗོངས་རྒྱུ་ཞིང་དོང་སྟེ། དེ་མཐར་གྱིས་སྤྱོད་ཡུལ་དུ་རྒྱུ་བ་ལས་སླར་ལོག་ ནས་བློན་པོ་རྣམས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་དེ་རབ་ཏུ་བྱུང་ངོ། །ཞེས་གསོལ་ཏེ། ལྷ་གཅིག་ནག་པ་གླང་ཆེན་གནས་ནི་རབ་ཏུ་བྱུང་ལ། དེ་ཡང་བུ་མ་ མཆིས་ཏེ། བུ་མ་མཆིས་པས་ན། དེ་ཅི་བདོག་པ་ཐམས་ཅད་ལྷ་གཅིག་མངའ་ལགས་སོ། །ཞེས་བྱས་སོ། །དེ་ནས་རྒྱལ་པོས་སྨྲས་པ། ང་ནི་ཤི་བའི་ནོར་དབང་དུ་ཟད་ ཀྱི༑ གསོན་པོའི་ནི་མི་དབང་སྟེ། རིགས་ཀྱི་བུ་དེ་ཡང་ད་དུང་གསོན་པོར་འདུག་ལ། དྲང་སྲོང་རྣམས་ནི་ཕྱིར་ཡང་འབབ་ཅིང་ཁྱིམ་ན་གནས་པར་འགྱུར་ཡང་སྲིད་དོ། །ཞེས་བྱས་ ནས་རྒྱལ་པོས་དེའི་ཁྱིམ་ནས་ཅི་ཡང་མ་བཞེས་སོ། །དེ་ནས་ཕྱི་ཞིག་ན་དེའི་ཆུང་མས་ནག་པ་གླང་ཆེན་གནས་འཁོར་ལྔ་བརྒྱ་དང་བཅས་པ་རྒྱལ་པོའི་ཁབ་ཏུ་ལྷགས་སོ། །ཞེས་ ཐོས་སོ༑ ༑ཐོས་ནས་ཀྱང་དེས་འཁོར་དང་བཅས་པ་སྤྱན་དྲངས་ཏེ་ཁྱིམ་དུ་ཟན་བྱིན་ནོ། །དེ་ནས་དེའི་ཆུང་མས་བསམ་པ། ཅི་འདི་བྱ་བ་བྱས་པ་ཡིན་ནམ། འོན་ཏེ་སོ་སོའི་སྐྱེ་ [26B]གལ་ཏེ་སོ་སོའི་སྐྱེ་བོ་ཡིན་ན་ནི། འདི་དྲང་བའི་ཐབས་ཤིག་བྱའོ་སྙམ་ནས་དེས་དེ་ཟན་ཟ་བའི་ཚེ་ཁང་ཐོག་ནས་ཟངས་གཞོང་ཞིག་མདུན་དུ་བོར་ནས་དེ་དེའི་སྒྲས་སྐྲག་ པར་གྱུར་ལ། གཅིག་ཏུ་ན་ཟན་ཟ་བའི་ཚེ་དེས་ཟངས་གཞོང་དེ་ལ་གྲིས་བྲུད་པ་ལྟར་ཡང་བྱེད་དེ། དེས་དེ་མཐོང་ནས་བསམ་པ། འདི་ནི། དགྲ་བཅོམ་པ་མ་ཡིན་ཏེ། འདི་ནི། སོ་སོའི་ སྐྱེ་བོ་ཡིན་པས་བདག་གིས་འདི་དྲང་ནུས་སོ་སྙམ་ནས་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། ཇོ་བོ་མི་བཞུགས་པས་བདག་གི་ལོངས་སྤྱོད་འདི་དག་དམས་པར་གྱུར་ཏོ། །དེ་བས་ན་ཇོ་བོ་ སང་ཡང་འཁོར་བརྒྱ་ལྔ་བཅུ་དང་ཁྱིམ་འདིར་བཤོས་གསོལ་བར་ཅི་གནང་ཞེས་བྱས་སོ། །དེ་ནས་ནག་བ་གླང་ཆེན་གནས་ཀྱིས་ཆུང་མ་ལ་ཅང་མི་ཟེར་བར་ཁས་བླངས་ནས་དེས་ཕྱི་ ཉིན་དེ་འཁོར་བརྒྱ་ལྔ་བཅུ་དང་ཟན་བྱིན་ནས་ཡང། ཕྱི་དེ་ཉིན་པར་འཁོར་བརྒྱ་ལྔ་བཅུ་དང་ཟན་ལ་བོས་སོ། །དེ་བཞིན་དུ་མཐར་གྱིས་བུད་མེད་དེས་འཁོར་ཇེ་ཉུང་ཇེ་ཉུང་དུ་ཕྲི་ནས་ཐ་མའི་ཉིན་ པར་གཅིག་པུ་ཟན་ལ་བོས་ཏེ། དེ་དེས་ཟན་བྱིན་ནས་དེ་དྲང་བའི་ཕྱིར་ཕོངས་པའི་ཚོག་སྨྲ་ཞིང། ཇོ་བོ་མི་བཞུགས་པས་འདི་ལྟར་བྲན་རྣམས་ཀྱིས་ཀྱང་བརྙས་སོ། །ཞེས་ཟེར་རོ། །དེས་ སྔ་ནས་ཁོལ་པོ་ཁྱེའུ་ཞིག་ལ་བསྒོ་སྟེ། གང་གི་ཚེ་ང་ཆོས་ཉན་ཅིང་འདུག་པ་དེའི་ཚེ་ཁྱོད་ཀྱིས་ང་ལན་གསུམ་གྱི་བར་དུ་དགུག་པ་ཐོང་ལ། ངའི་གན་དུ་ཤོག་ཅིག་ཅེས་སྤྲིངས་ཤིག་ [27A]༄༅། །དེ་ནས་ཁྱོད་ཀྱི་ཐད་དུ་འོངས་པ་དང། དེའི་འོག་ཏུ་ཁྱོད་ཀྱིས་ངའི་ཅོ་ཏོ་ནས་ཟུངས་ལ་ཇོ་བོའི་མདུན་དུ་རྡེག་ཅིག་ཅེས་བྱས་ཏེ་བཞག་གོ་དེ་ནས་ཁོལ་བ་ ཁྱེའུ་དེས་ཀྱང་དེ་ཁོ་ན་བཞིན་དུ་བྱས་ནས་བུད་མེད་དེས་སྨྲས་པ། ཇོ་བོ། ད་གཟིགས། ཁྱོད་ཉིད་ཀྱི་མདུན་དུ་ཡང་བདག་འདི་ཁོ་ན་ལྟ་ཞིང་མཆིས་སོ། །ཞེས་བྱས་སོ། །དེ་ནས་ ཐོས་མ་ཐག་ཏུ་ནག་པ་གླང་ཆེན་གནས་ཁྲོ་བའི་ཀུན་ཏུ་དཀྲིས་པ་ཆེན་པོ་སྐྱེས་ནས་དེ་ཁྲོས་པས་ཆུང་མས་སྔ་ནས་མལ་དུ་རལ་གྲི་བཞག་པ་དེ་བླངས་ནས་ཤུབས་ལས་ཕྱུང་སྟེ་ ཁྱེའུ་དེའི་སྟེང་དུ་བརྒྱུགས་ནས་ཆུང་མས་རྐང་པ་ལ་ཕྱག་བྱས་ཏེ་སྨྲས་པ། ཇོ་བོ། རེ་ཞིག་གཟུ་ལུམས་མ་མཛད་པར་བསླབ་པའི་གཞི་རྣམས་ཕུལ་ལ། དེའི་འོག་ཏུ་འདི་བཅོས་ པས་སླེབས་སོ། །དེ་ནས་ནག་པ་གླང་ཆེན་གནས་ཀྱིས་ཆུང་མ་དེ་ཉིད་ཀྱི་མདུན་དུ་བསླབ་པའི་གཞི་རྣམས་ཕུལ་ཏེ། ཆོས་གོས་ཚོན་ཅན་རྣམས་བོར་ནས་ཁྱིམ་པའི་གོས་རྣམས་ བགོས་ཏེ་འདུག་གོ། །དེ་ནས་ཆུང་མ་ན་རེ། འདི་ནི། བདག་གིས་ཇོ་བོ་དྲང་པའི་ཐབས་བགྱི་བའི་སླད་དུ་དེ་ལྟར་བགྱིས་པར་བས་ཀྱི། ཇོ་བོས་འདི་ལ་འཁོན་དུ་མི་གཟུང་བར་ གསོལ༑ ཇོ་བོའི་ཁྱིམ་གྱི་འབྱོར་བ་ནི། རྒྱ་ཆེ་བ་ལགས་ཀྱི། ད་སླན་ཆད་ཇོ་བོ་འདོད་པ་རྣམས་ཀྱང་སྤྱོད་ཅིང་བཞུགས་ཤིག་སྦྱིན་པ་དག་ཀྱང་སྦྱིན་པར་མཛོད་ཅིག་བསོད་ནམས་ [27B] །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་ནག་པ་གླང་པོ་ཆེན་གནས་ཀྱིས་བསླབ་པ་རྣམས་ཕུལ་ཏེ་ཉམས་པར་བྱས་སོ། །ཞེས་ཐོས་ནས་རྒྱལ་པོས་དེ་ལ་ དགུག་པ་བཏང་ནས་དེ་ལ་སྔོན་གྱི་ལས་ཐབས་བྱིན་ནོ། །དེ་ནས་དགེ་སློང་མང་པོ་དག་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ ལ་དོང་སྟེ། དགེ་སློང་མང་པོ་དག་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་རྒྱུ་བ་ན་ནག་པ་གླང་ཆེན་གནས་ཀྱིས་བསླབ་པ་རྣམས་ཕུལ་ཏེ་ཉམས་པར་བྱས་སོ། །ཞེས་ཐོས་སོ། །ཐོས་ནས་ ཀྱང་རྒྱལ་པོའི་ཁབ་ན་བསོད་སྙོམས་བླངས་ནས་ཟན་ཟོས་ཏེ་ཟས་ཕྱིས་ལེན་པ་སྤངས་ནས་ལྷུང་བཟེད་དང་ཆོས་གོས་བཞག་སྟེ་རྐང་པ་བཀྲུས་ནས་བཅོམ་ལྡན་འདས་ག་ལ་བཞུགས་ པ་དེར་སོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་དགེ་སློང་མང་པོ་རྣམས་ཀྱིས་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། འདི་ན་བདག་ཅག་དགེ་སློང་མང་པོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་འཚལ་ཏེ་ལྷུང་བཟེད་ཐོགས་ནས་རྒྱལ་པོའི་ཁབ་ཏུ་ བསོད་སྙོམས་ལ་མཆིས་པ་ན། བཙུན་པ། བདག་ཅག་དགེ་སློང་མང་པོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་རྒྱུ་བ་རྣམས་ཀྱིས་ནག་པ་གླང་ཆེན་གནས་ཀྱིས་བསླབ་པ་རྣམས་ཕུལ་ [28A]༄༅། །ཏེ་ཉམས་པར་བགྱིས་སོ། །ཞེས་ཐོས་ལགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་དེ་ནི་ ཡུན་རིང་དུ་ཁྱིམ་དུ་མི་གནས་ཏེ། དེ་ནི། ཡང་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཞེས་ བཀའ་སྩལ་ཏོ། །དེ་ནས་ཕྱི་ཞིག་ན་བཅོམ་ལྡན་འདས་ཀྱིས་ནག་པ་གླང་ཆེན་གནས་གདུལ་བའི་དུས་ལ་བབ་པར་གཟིགས་ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ ལྷུང་བཟེད་བསྣམས་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་གཤེགས་ཏེ། མཐར་གྱིས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བཞེས་ནས་ནག་པ་གླང་ཆེན་གནས་ཀྱི་ཁྱིམ་གང་ན་ འདུག་པ་དེར་གཤེགས་ཏེ་བྱོན་ནས་ཁྱིམ་གྱི་སྒོན་གཞེས་ཏེ། དེ་དྲང་བའི་ཕྱིར་འོད་ཟེར་བཀྱེ་ནས་དེས་དེའི་ཁྱིམ་ཐམས་ཅད་གསེར་ཞུན་མའི་ཁ་དོག་ལྟ་བུར་སྣང་བར་གྱུར་ ཏོ༑ ༑དེ་ནས་ནག་པ་གླང་ཆེན་གནས་ཀྱིས་བསམ་པ། འོད་འདི་སུའི་ཡིན་ཞིག་གུ་བཅོམ་ལྡན་འདས་ཁོ་ནའི་ཡིན་གོར་མ་ཆག་ན། བཅོམ་ལྡན་འདས་ག་ལ་བཞུགས་ཏེ་ བདག་ལ་དགོངས་ཤིག་གུ་སྙམ་པ་དང། དེའི་སྐབས་སུ་འཕྲིན་པ་འོངས་ནས་ནག་པ་གླང་ཆེན་གནས་ལ་སྦྲན་ཏེ། བཅོམ་ལྡན་འདས་སྒོ་ན་བཞུགས་སོ། །ཞེས་བྱས་སོ། ། [28B]དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ག་ལ་ བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་གསོལ་པ་བཅོམ་ལྡན་འདས་ཀྱིས་བཀའ་ཅི་སྩལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ ཁྱིམ་ན་གནས་པ་ཐོང་ལ་ཚུར་ཤོག་ཡང་ངའི་ཐད་དུ་རབ་ཏུ་བྱུང་ཞིག་ཅེས་བཀའ་སྩལ་ཏོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་ནི་ཚེ་རབས་གཞན་དང་གཞན་དག་ཏུ་བླ་མ་ དང་བླ་མའི་གནས་ལྟ་བུར་གྱུར་པ་སུའི་ངག་ཀྱང་མ་བཅག་པས་ན། བཅོམ་ལྡན་འདས་ཀྱི་བཀའ་ཡང་སུས་ཀྱང་གཅོག་ནུས་པ་མེད་དོ་།དེ་ནས་དེས་གསོལ་པ། བཅོམ་ལྡན་ འདས་ཀྱིས་བཀའ་ཇི་སྐད་སྩལ་བ་བཞིན་དུ་འཚལ་ལོ། །ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་སྟེ། བཅོམ་ལྡན་འདས་ཀྱིས་འོད་མའི་ཚལ་དུ་ཁྲིད་ནས་རབ་ ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ནག་པ་གླང་ཆེན་གནས་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་ [29A]༄༅། །སྨིན་པས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། བཙུན་ པ༑ འདིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་ཁྲོད་ཀྱི་གྲོང་ཞིག་ན་ཁྱིམ་བདག་ནག་ པ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་མང་བ། རྣམ་ཐོས་ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་ ལས༑ ཕྱི་ཞིག་ན་དེ་དཔྱིད་ཀའི་དུས་ན་ཤིང་ཡལ་ག་འཁྲིགས་ཤིང་མེ་ཏོག་རྒྱས་པའི་སྐྱེད་མོས་ཚལ་གྱི་སར་བྱུང་ངོ། །སངས་རྒྱས་འཇིག་རྟེན་དུ་མི་འབྱུང་བའི་ཚེ་རང་སངས་རྒྱས་ སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་ན་གནས་པ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་རྣམས་འཇིག་རྟེན་དུ་འབྱུང་སྟེ། རང་སངས་རྒྱས་ ཤིག་རི་ཁྲོད་དེར་བསོད་སྙོམས་ལ་འགྲོ་འདོད་ནས་དེས་སྐྱེད་མོས་ཚལ་དེ་ན་རོལ་མོའི་སྒྲ་གྲག་པ་ཐོས་ནས་དེས་བསམ་པ། བདག་དགང་དཀའ་བའི་ལྟོ་འདིའི་ཕྱིར། རི་ཁྲོད་དུ་འགྲོ་ [29B] སྐྱེད་མོས་ཚལ་འདིའི་ནང་དུ་སོང་དང། འདི་ནས་བདག་གི་བསོད་སྙོམས་འབྱུང་བར་འགྱུར་རོ་སྙམ་སྟེ། རང་སངས་རྒྱས་དེ་སྐྱེད་མོས་ཚལ་དེར་སོང་ནས་ཁྱིམ་བདག་ དེས་དེ་ལུས་མཛེས་པ་དང། སེམས་མཛེས་པ་དེ་དེ་མཐོང་ངོ། །མཐོང་ནས་ཀྱང་ཁྱིམ་བདག་དེ་རང་སངས་རྒྱས་དེ་ལ། ཤིན་ཏུ་དགའ་བར་གྱུར་ཏོ། །དེ་དགའ་བར་གྱུར་ནས་བཤོས་ གསོལ་ཏེ་སྨྲས་པ། འཕགས་པ། ཁྱོད་ག་ལ་བཞུགས། བདག་གིས་ཁྱོད་ཀྱི་བསྙེན་བཀུར་བགྱིའོ། །རང་སངས་རྒྱས་དེས་སྨྲས་པ། ནགས་ཁྲོད་ག་གེ་མོ་ཞིག་ན་འདུག་གོ་ཞེས་སྨྲས་ ནས་རང་སངས་རྒྱས་དེ་དོང་ངོ། །དེ་ནས་ཁྱིམ་བདག་དེ་དུས་དུས་སུ་ནགས་ཁྲོད་དེར་བཤོས་འབུལ་ཞིང་བསྙེན་བཀུར་ཡང་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་དེ་དེ་བལྟ་བའི་ཕྱིར་ སོང་བ་ལས། རང་སངས་རྒྱས་དེ་ཤིང་ཞིག་གི་དྲུང་དུ་གནས་བཅས་ཏེ་ཀླུའི་རྒྱལ་པོའི་ལུས་བསྐྱིལ་ཏེ་གཉིད་ལོག་པ་བཞིན་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ་དེ་ནས་ཁྱིམ་བདག་དེས་ རང་སངས་རྒྱས་དེ་རབ་ཏུ་དབེན་པར་གནས་པ་མཐོང་ནས་དེ་ཡང་རབ་ཏུ་འབྱུང་བར་འདོད་པའི་སེམས་སྐྱེས་སོ། །དེ་ནས་དེ་རང་སངས་རྒྱས་དེའི་ཐད་དུ་སོང་ནས་རྐང་པ་ལ་ཕྱག་འཚལ་ཏེ་ སྨྲས་པ། འཕགས་པ། བདག་རབ་ཏུ་ཕྱུང་ཞིག་དང། བདག་ཀྱང་ཁྱོད་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །རང་སངས་རྒྱས་ཀྱིས་སྨྲས་པ། ང་ནི། རབ་ཏུ་འབྱིན་པར་མི་ [30A]༄༅། །བྱེད་དེ༑ དྲང་སྲོང་རྣམས་རབ་ཏུ་འབྱིན་པར་བྱེད་ཀྱི་དྲང་སྲོང་རྣམས་ཀྱི་ནང་དུ་སོང་ལ་རབ་ཏུ་འབྱུང་བར་གྱིས་ཤིག་།དེ་ནས་དེ་ཐོས་མ་ཐག་ཏུ་ ཁྱིམ་བདག་དེས་ཁྱིམ་གྱི་འཁོར་བཏང་ནས་སྦྱིན་བ་དག་བྱིན་ཞིང་བསོད་ནམས་དག་བྱས་ཏེ་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ནས་དེ་དེར་རབ་ཏུ་བྱུང་སྟེ་བསམ་གཏན་ བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེ་རབ་ཏུ་བྱུང་ནས་རང་སངས་རྒྱས་དེ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་དྲང་སྲོང་དེའི་བློ་སྐྱེས་པ། བདག་སོང་ལ་ ཡོན་གནས་ཀྱི་མཆོག་དགེ་བའི་བཤེས་གཉེན་དེ་ལ་བསྙེན་བཀུར་བྱའོ་།འོན་ཏང་དེ་ལས་བདག་གིས་གོང་མའི་ཁྱད་པར་རྟོགས་པར་འགྱུར་རོ་སྙམ་སྟེ། དེ་ནགས་ཁྲོད་དེར་ སོང་བ་ལས་དེས་དེར་རང་སངས་རྒྱས་དེ་ནི། མ་མཐོང་གི་རང་སངས་རྒྱས་གཞན་ཞིག་ནགས་ཁྲོད་དེར་མཐོང་ནས་དེས་དེ་ལ་དྲིས་པ། འཕགས་པ། དགེ་སློང་ཤ་ཚུགས་ དང། ཁ་དོག་འདི་ལྟ་བུ་ཞིག་ནགས་ཁྲོད་འདི་ན་འདུག་འདུག་པ་གར་སོང། རང་སངས་རྒྱས་ཀྱིས་སྨྲས་པ། ཡོངས་སུ་མྱ་ངན་ལས་འདས་སོ། །དེས་སྨྲས་པ་དེ་གང་དུ་མྱ་ ངན་ལས་འདས། དེ་ནས་རང་སངས་རྒྱས་དེས་དེའི་སྐུ་གདུང་དེ་དག་བསྟན་ཏོ། །དེ་ནས་དེས་སྐུ་གདུང་གི་མཆོད་རྟེན་བརྩིགས་ནས་བདུག་པ་དང། ཕྱེ་མ་དང། སྤོས་དང། མེ་ [30B] ཀྱེ་མ་དགེ་བའི་རྩ་བ་འདིས་ན། བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་ རིགས་སུ་སྐྱེ་བར་ཤོག་ཅིག་འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཡོན་ཏན་ འདི་ལྟ་བུ་དག་ཀྱང་བདག་གིས་ཐོབ་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་ནས་ས་ཕྱོགས་དེ་ནས་སོང་ངོ། །དེ་ནས་ཕྱི་ཞིག་ན་དེ་ཤིའོ། །དེ་ཤི་འཕོས་ཏེ་དུས་ལས་འདས་ནས་ཚངས་ པའི་འཇིག་རྟེན་དུ་སྐྱེས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་ཁྱིམ་བདག་ནག་པར་གྱུར་པ་གང་ཡིན་པ་དེ་ནི། ནག་པ་གླང་ཆེང་ནས་འདི་ཁོ་ན་ཡིན་ཏེ། དེས་རང་ སངས་རྒྱས་དེ་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་ སྐྱེས་ཏེ༑ རང་སངས་རྒྱས་བྱེ་བ་ཕྲག་འབུམ་པས་ཀྱང་ཆེས་ཁྱད་དུ་འཕགས་པ་ང་ལྟ་བུ་འདིས་མཉེས་པར་བྱས་ཏེ་མི་མཉེས་པ་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་ མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། ནག་པ་གླང་ [31A]༄༅། །ཆེན་གནས་མཆིས་བྲང་གིས་ཐབས་བགྱིས་ཏེ་འདོད་པ་སྤྱོད་དུ་སྩལ་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདི་ཆུང་མ་དེས་ཐབས་བྱས་ནས་ཇི་ལྟར་འདོད་པ་སྤྱོད་དུ་བཅུག་པ་དེ་ཉོན་ཅིག་དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་གྲོང་ ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དོ། །དེའི་ཚེ་རྒྱལ་པོ་ཚངས་པས་བྱིན་གྱི་མདུན་ན་འདོན་བྲམ་ཟེ་མེས་བྱིན་ཞེས་བྱ་བ་ཞིག་ཡོད་དེ། ཕྱི་ཞིག་ ན་དེའི་ཆུང་མ་ལ་བུ་ཆགས་ནས་བུ་མཚེ་མ་གཉིས་བྱུང་སྟེ། དེ་གཉིས་ཀྱི་བཙས་སྟོན་རྒྱས་པར་བྱས་སྟེ་ཁྱེའུ་འདི་གཉིས་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ་ ཁྱེའུ་འདི་གཉིས་མེས་བྱིན་གྱི་བུ་ཡིན་པས་ན། ཁྱེའུ་གཅིག་གི་མིང་ནི། མེའི་བུ་ཞེས་གདགས་སོ། །གཅིག་གི་མིང་ནི། མེ་ལྕེ་ཞེས་གདགས་སོ། །ཞེས་ཟེར་རོ། །དེ་ནས་ ཁྱེའུ་མེའི་བུ་དང། མེ་ལྕེ་གཉིས་འོ་མ་དང། ཞོ་དང། མར་དང་ཞུན་མར་དང། མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ནས་གང་གི་ཚེ་དེ་གཉིས་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་ དང་བྲམ་ཟེའི་སྤྱོད་ལམ་དང་སྤྱོད་པ་དང་ཨོཾ་ཞེས་བྱ་བ་དང་བཧོ་ཞེས་བྱ་བ་དང་གཙང་སྦྲ་དང་ཆོ་ག་དང་ཐལ་བ་བླང་བ་དང་རིལ་བ་ཐོགས་པ་དང་ངེས་བརྗོད་ཀྱི་རིག་བྱེད་དང་ [31B]སྲིད་སྲུང་གི་རིག་བྱེད་དང་མཆོད་སྦྱིན་བྱ་བ་དང་མཆོད་སྦྱིན་བྱེད་དུ་གཞུག་པ་དང་སྦྱིན་པ་དང་བླང་བ་དང་ཁ་ཏོན་བྱ་བ་དང་ཁ་ཏོན་སློབ་ཏུ་གཞུག་ བའི་ཐབས་བསླབས་ནས་ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་གཉིས་མཐར་གྱིས་རིག་པའི་གནས་བཅོ་བརྒྱད་ལ་བྱང་བར་གྱུར་ཏོ། །ཕྱི་ཞིག་ན་དེ་གཉིས་ཀྱིས་ ཕས་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་འཛིན་པ་མཐོང་ངོ་།དེ་ནས་ཕྱི་ཞིག་ན་དེ་གཉིས་ཀྱི་བློ་སྐྱེས་པ། ཕ་མེད་པར་གྱུར་པའི་འོག་ཏུ་ནི། བདག་ཅག་གཉིས་པའི་ལས་ ཐབས་སུ་བསྐོ་བར་འགྱུར་གྱི། བདག་ཅག་གཉིས་ཁྱིམ་ན་གནས་པ་གཏང་ངོ། །ཞེས་ཟེར་རོ། །འདི་སྐད་ཅེས་ཀྱང་ཟེར་ཏེ། འཇིག་རྟེན་ཕ་རོལ་གྱིས་འཇིགས་པའི་མིས་ནི། རྒྱལ་སྲིད་ ཀྱི་ཕྱིར་གསོད་པ་དང། བཅིང་པ་དང། བརྡེག་པའི་ལས་བྱེད་པ་བས། ནགས་ཁུང་དུ་ཤིང་ཤུན་གྱི་གོས་གྱོན་ཞིང་ཤིང་ཏོག་ཟ་ལ་གཅན་གཟན་དག་དང་ལྷན་ཅིག་གནས་ཀྱང་བླའི་ ཞེས་ཟེར་ནས་ཕ་མ་ལ་གསོལ་ཏེ། ཡབ་ཡུམ། བདག་ཅག་གཉིས་དཀའ་ཐུབ་ཀྱི་ནགས་ཚལ་དུ་མཆིའོ། །ཞེས་བྱས་སོ། །ཕ་མ་གཉིས་ཀྱིས་སྨྲས་པ། བུ་གཉིས། གང་གི་ ཕྱིར་དྲང་སྲོང་རྣམས་དཀའ་ཐུབ་སྤྱོད་པ་དེ་ནི། ཁྱོད་གཉིས་ཀྱི་ལག་ན་འདུག་སྟེ། ངེད་ཤི་བའི་འོག་ཏུ་ཁྱེད་གཉིས་ཅོད་པན་མེད་པའི་རྒྱལ་སྲིད་འཛིན་པར་འོང་ངོ། །ཁྱེའུ་གཉིས་ཀྱིས་ [32A]༄༅། །སྨྲས་པ༑ བདག་ཅག་གཉིས་འཇིགས་པ་ཡང་དེ་ཁོ་ན་ཡིན་ཏེ་དེའི་ཕྱིར་ནགས་ཁུང་དུ་གནས་བཅའ་བར་འདོད་པས་ན། བདག་ཅག་གཉིས་ན་ འདོད་པ་ལ་ལོངས་སྤྱོད་པའི་རྔོ་མི་ཐོགས་སོ། །དེ་ལྟར་ཕ་མ་གཉིས་ཀྱིས་དེ་གཉིས་ལ་ལན་མང་དུ་བཀག་ཀྱང་དགག་མ་ནུས་ནས་དེ་གཉིས་ལ་ཕ་མས་སྨྲས་པ། རབ་ཏུ་འབྱུང་ བར་གྱིས་ལ། གལ་ཏེ་ཁྱད་པར་ཅུང་ཟད་ཐོབ་པར་གྱུར་ན། ངེད་གཉིས་ལ་བལྟར་ཤོག་ཅིག་ཅེས་བྱས་སོ། །དེ་ནས་དེ་གཉིས་ཀྱིས་སྨྲས་པ། ཁྱེད་གཉིས་ཇི་ལྟར་དགྱེས་པ་ བཞིན་དུ་འཚལ་ལོ། །ཞེས་བྱས་ནས་ཁྱེའུ་དེ་གཉིས་ཀྱིས་ཕ་མ་ལ་ཕྱི་ཕྱག་བྱས་ཏེ་ནགས་ཁུང་དུ་གནས་བཅས་སོ། །དེ་གཉིས་དེར་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང་ མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེ་ནས་ཕྱི་ཞིག་ན་དེ་གཉིས་ཀྱི་བློ་སྐྱེས་པ། བདག་ཅག་གཉིས་ཀྱིས་ཕ་མ་ལ་དམ་བཅས་པ། གལ་ཏེ་ཁྱད་པར་ཅུང་ཟད་ཐོབ་པར་གྱུར་ ན༑ ཁྱེད་གཉིས་ལ་བལྟར་འོང་ངོ། །ཞེས་བྱས་ཀྱི། འདོང་ངོ་།ཞེས་ཟེར་ནས་སྟེང་གི་ནམ་མཁའ་ལས་དོང་སྟེ་ཕ་མ་གཉིས་ཀྱི་ཐད་དུ་ཕྱིན་ཏོ། །དེ་ནས་དེ་མཐོང་མ་ཐག་ཏུ་ཕ་མ་ གཉིས་དེ་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་སྨྲས་པ། ཁྱེད་གཉིས་ཀྱང་བསོད་སྙོམས་འདོད་ལ། ངེད་གཉིས་ཀྱང་བསོད་ནམས་འདོད་ཀྱི། འདིར་བདག་ [32B] བདག་ཅག་གཉིས་ཀྱིས་ཁྱེད་གཉིས་ཀྱི་ཟན་སྦྱར་རོ། །ཞེས་བྱས་སོ་དེ་གཉིས་ཀྱིས་སྨྲས་པ། ཁྱེད་གཉིས་ཇི་ལྟར་དགྱེས་ པ་བཞིན་དུ་བགྱིའོ། །ཞེས་བྱས་ནས་སྐྱེད་མོས་ཚལ་དེ་ཉིད་དུ་ཡལ་ག་དང། ལོ་མའི་སྤྱིལ་པོ་བཅས་ནས་འཁོད་དོ། །དེ་ནས་དེ་གཉིས་ཝཱ་ར་ཎཱ་སིའི་ཕྱོགས་ཀུན་ཏུ་བཀུར་སྟི་བྱ་བ་ དང། བླ་མར་བྱ་བ་དང། རི་མོར་བྱ་བ་དང། མཆོད་པ་བྱ་བའི་གནས་སུ་གྱུར་ཏོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་མདུན་ན་འདོན་མེས་བྱིན་གྱི་བུ་གཉིས་དེ་ལྟར་རྫུ་འཕྲུལ་ཆེ་ཞིང་ མཐུ་ཆེ་བར་གྱུར་ཏོ། །ཞེས་ཐོས་ནས་ཐོས་མ་ཐག་ཏུ་ངོ་མཚར་དུ་གྱུར་ཏེ། གཡར་དྲངས་ནས་ཟན་བྱིན་ནོ། །ཟན་བྱིན་ནས་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། དུས་དུས་སུ་ཁྱེད་གཉིས་ ང་ལ་བལྟར་ཤོག་ཅེས་བྱས་སོ། །དེ་ནས་དེ་གཉིས་ཀྱིས་སྨྲས་པ་ལྷ། ཇི་ལྟར་དགྱེས་པ་བཞིན་དུ་བགྱིའོ། །ཞེས་བྱས་ནས་དེ་གཉིས་སོང་ངོ། །དེ་ནས་དུས་དུས་སུ་དེ་གཉིས་སྟེང་ གི་ནམ་མཁའ་ལ་འགྲོ་ཞིང་རྒྱལ་པོའི་ཕོ་བྲང་དུ་འདོང་བར་བྱེད་དེ། རྒྱལ་པོ་ཚངས་པས་བྱིན་ལ་བལྟར་འགྲོའོ། །རྒྱལ་པོ་ཚངས་པས་བྱིན་གྱིས་ཀྱང་དེ་གཉིས་འོངས་ནས་ནམ་མཁའ་ དེ་ཉིད་ལས་པང་དུ་བླངས་ཏེ་སྟན་ལ་བཞག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ་དེ་ནས་ཕྱི་ཞིག་ན་ [33A]༄༅། །རྒྱལ་པོ་ཚངས་པས་བྱིན་གྱི་འབངས་རི་ཁྲོད་པ་རྣམས་ལོག་ནས་དཔུང་གི་ཚོགས་གོ་བསྐོན་ཏེ་ཆས་ནས་དེས་བུ་མོ་ལ་བསྒོ་བ་བུ་མོ། །དྲང་སྲོང་དེ་ གཉིས་ནམ་འོངས་དང་ང་ཇི་ལྟར་བཀུར་སྟི་བྱེད་པ་དེ་ཁོ་ན་བཞིན་དུ་ཁྱོད་ཀྱིས་ཀུན་གྱིས་ཤིག་ཅེས་བྱས་ནས་རྒྱལ་པོ་དེ་སོང་ངོ་།དེ་ནས་ཕྱི་ཞིག་ན་རྒྱལ་པོའི་ཕོ་བྲང་དུ་དྲང་སྲོང་ མེའི་བུའི་དོན་ཞིག་ཡོད་པའི་ཕྱིར་དེར་དྲང་སྲོང་མེ་ལྕེ་བཏང་སྟེ་དེ་སྟེང་གི་ནམ་མཁའ་ལས་རྒྱལ་པོའི་ཕོ་བྲང་དུ་འོངས་ནས་བུ་མོ་དེས་དྲང་སྲོང་ནམ་མཁའ་ལ་འདུག་པ་བང་དུ་ བླངས་ཏེ་འཁྱུད་ནས་སྟན་ལ་བཞག་གོ་བུད་མེད་རྣམས་ནི། རེག་ན་གདུག་པ་ཡིན་ཏེ། བུ་མོ་དེས་རེག་མ་ཐག་ཏུ་དྲང་སྲོང་མེ་ལྕེ་རྫུ་འཕྲུལ་དེ་ལས་ཉམས་སོ། །བུ་མོ་དེ་ཡང་ དྲང་སྲོང་དེ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མཐོང་ནས་ཆགས་པར་གྱུར་ཏེ། དེ་དེ་དང་གནས་དབེན་པ་ཞིག་ཏུ་ཞུགས་ནས་དེ་དེ་དང་ལྷན་ཅིག་ཏུ་ཉལ་བོ་བྱས་སོ། ། དེ་ནས་དེ་བཙུན་མོའི་འཁོར་གྱིས་ཚོར་ཏེ་དེ་དག་གིས་བསམ་པ། གལ་ཏེ་བདག་ཅག་གིས་དྲང་སྲོང་འདི་ལ་ཚིག་འགའ་བྱས་ན་ནི། དྲང་སྲོང་འདི་རྫུ་འཕྲུལ་ཆེ་བས་དམོད་པ་ འདོར་སྲིད་དོ་སྙམ་སྟེ། དེ་དག་འཇིགས་སྐྲག་ནས་ཅུང་ཟད་ཀྱང་མ་སྨྲས་སོ། །དྲང་སྲོང་དེ་ཡང་རྒྱལ་པོའི་ཕོ་བྲང་དེ་ཉིད་དུ་འདུག་ཅིང། རྐང་པས་འགྲོར་ངོ་ཚ་སྟེ་མ་ཕོད་དོ། ། [33B]པ་ཕབ་ནས་ཕྱིར་ལོག་སྟེ་རྒྱལ་པོའི་ཕོ་བྲང་དུ་འོངས་སོ། །ཞེས་ཐོས་ནས་ཐོས་མ་ཐག་ཏུ་རྒྱལ་པོ་དེ་དེ་ལ་བལྟར་སོང་སྟེ། དེས་ བཅའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོ་དག་ཕུལ་ལོ། །བུ་མོས་ཀྱང་དྲང་སྲོང་དེའི་སྐོམ་ཁྱེར་ཏེ་འོངས་སོ། །དེ་ནས་དེ་མཐོང་མ་ཐག་ཏུ་དྲང་སྲོང་དེ་ཤིན་ཏུ་ཆགས་པར་གྱུར་ ཏོ༑ ༑དྲང་སྲོང་དེ་མྱོས་པ་ཙམ་དུ་ཆགས་པར་གྱུར་ནས་རྒྱལ་པོ་དེའི་སྤྱན་སྔར་ལག་པ་བརྐྱངས་ནས་ལག་པས་གཟུང་ཞེས་བྱས་པ་དང། རྒྱལ་པོས་དེ་མཐོང་ནས་མཐོང་མ་ཐག་ཏུ་རལ་ གྲི་རྣོན་པོ་ཐོགས་ཏེ་དྲང་སྲོང་དེ་གསད་པར་བྱས་པ་དང། བུ་མོས་མཐོང་ནས་དྲང་སྲོང་དེ་ལ་སྨྲས་པ། མཁན་པོ། །ཅི་ལགས། ཁྱོད་གསང་ནན་དགོས་པའི་ཕྱིར་འཁྲུལ་ཏེ། ཁྱོད་ [?]གྱིས་འདིར་ཕྱག་བརྐྱང་ལགས་སམ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་དེ་བཞིན་དུ་ཡིད་ཆེས་པར་གྱུར་ཏེ། དྲང་སྲོང་འདི་འཁྲུལ་ཏོ་སྙམ་དུ་བསམ་ནས་སྐྱེན་པར་ སྐོམ་ཕུལ་ལོ། །དེ་ནས་དེ་ལ་ཟན་བྱིན་ནས་ཆོས་མཉན་པའི་ཕྱིར་མདུན་ན་འདུག་གོ་དེ་ནས་དྲང་སྲོང་མེའི་བུ་དཀའ་ཐུབ་ཀྱི་ནགས་ཚལ་ན་འདུག་པས་བསམ་པ། ཅི་དྲང་སྲོང་དེ་ དེ་ཙམ་གྱི་བར་དུ་མ་འོངས་ན་ཅི་སྙམ་སྟེ། དེས་བལྟས་ན་འདོད་པ་སྤྱོད་པར་གྱུར་ལ་སྐབས་སུ་ཆུད་ཅིང་འདུག་པར་མཐོང་ནས་འདི་དེང་དུ་སྲོག་ཡལ་བར་འགྱུར་སྲིད་དོ་སྙམ་ནས་སྟེང་ [34A]༄༅། །གི་བར་སྣང་ལས་རྒྱལ་པོའི་ཕོ་བྲང་དུ་འོངས་སོ་།རྒྱལ་པོ་ཚངས་པས་བྱིན་གྱིས་ཀྱང་དྲང་སྲོང་དེ་ནམ་མཁའ་དེ་ཉིད་ལས་པང་དུ་བླངས་ནས་ སྟན་ལ་བཞག་སྟེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ་དེ་ནས་དེས་རྒྱལ་པོ་དེ་ལ་ཆོས་ཐ་གི་ཙམ་བཤད་ནས་ནུ་བོ་ཁྲིད་དེ་སྟེང་གི་ནམ་མཁའ་ལས་དཀའ་ཐུབ་ཀྱི་ ནགས་ཚལ་དུ་སོང་ངོ། །དེ་ནས་དེས་དེ་ལ་ཡིད་ལ་བྱེད་པའི་མན་ངག་ཕོག་ནས་དེས་ཕྱིར་ཡང་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེ་ནས་ ཕྱི་ཞིག་ན་རྒྱལ་པོ་ཚངས་པས་བྱིན་གྱི་བཙུན་མོའི་འཁོར་རྣམས་ཀྱིས་བསམ་པ། བུ་མོ་འདིས་མ་ལེགས་པ་འདི་ལྟ་བུ་བྱས་པ་དེ་གལ་ཏེ་བདག་ཅག་གིས་མ་གསོལ་ ན༑ བདག་ཅག་ལ་ཡང་འདིའི་ཕྱིར་གྱོད་འབྱུང་བར་འགྱུར་རོ་སྙམ་ནས་དེ་རྣམས་ཀྱིས་རྒྱལ་པོ་ལ་གསོལ་ཏོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་ཚངས་པས་བྱིན་ཞེ་སྡང་ ཆེན་པོའི་དབང་དུ་གྱུར་ནས་དེས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་དྲང་སྲོང་དེའི་གནས་སུ་སོང་ནས་དྲང་སྲོང་མེ་ལྕེས་རྒྱལ་པོ་ཚངས་པས་བྱིན་དཔུང་གི་ཚོགས་ ཡན་ལག་བཞི་དང་ཆས་ཏེ་འོངས་པ་མཐོང་ངོ། །མཐོང་ནས་ཀྱང་སེམས་པ་ལ་ཞུགས་ཏེ། འདི་བསམ་པ་ཇི་ལྟ་བུ་ཞིག་གིས་འདིར་འོངས་སྙམ་སྟེ། དེས་བལྟས་ན་བདག་ [34B]ཕྱིར་སྟེང་གི་བར་སྣང་ལ་མངོན་པར་འཕགས་ཏེ་འདུག་སྟེ། དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་དྲང་སྲོང་མེ་ལྕེ་སྟེང་ གི་བར་སྣང་ལ་མངོན་པར་འཕགས་ཏེ་འདུག་པ་མཐོང་ནས་མཐོང་མ་ཐག་ཏུ་དེའི་ཁྲོ་བའི་ཀུན་ནས་དཀྲིས་པ་དེ་མེད་པར་གྱུར་ཏེ་ཐེ་ཚོམ་སྐྱེས་པ། ཅི་འདི་ངས་ཇི་སྐད་ཐོས་པ་དེ་བཞིན་དུ་ གྱུར་ཏམ། འོན་ཏེ་མ་གྱུར་སྙམ་ནས་ཚིགས་སུ་བཅད་དེ་སྨྲས་པ་བྲམ་ཟེ་མེ་ལྕེ་བདག་གིས་ནི། །འདོད་པ་སྤྱོད་ཅེས་སྔར་ཐོས་ན་།ཚིག་དེ་བདེན་པ་ཡིན་ནམ་ཅི། །འོན་ཏེ་ཅི་ལགས་ མི་སྤྱོད་དམ། །རྒྱལ་པོ་ཆེན་པོ་དེ་བདེན་ཏེ། །ཁྱོད་ཀྱི་གཞན་ལས་ཐོས་པ་བཞིན། །བདག་ནི་ལམ་ངན་ཞུགས་གྱུར་ཏེ། །ཆགས་པའི་གནས་སུ་མྱོས་པར་གྱུར། །དེ་ནས་རྒྱལ་པོ་ཚངས་ པས་བྱིན་ཐེ་ཚོམ་སྐྱེས་ཏེ་དྲང་སྲོང་མེའི་བུའི་ཐད་དུ་སོང་ནས་དེས་དྲང་སྲོང་དེ་ལ་དྲིས་པ། དྲང་སྲོང། ཅི་ལགས། འདིའི་སླད་དུ་བདག་གིས་ཇི་སྐད་ཐོས་པ་དེ་ཁོ་ན་བཞིན་ལགས་ སམ༑ དྲང་སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ། དེ་ཁོ་ན་བཞིན་དུ་བདེན་མོད་ཀྱི། ཉོན་མོངས་པ་རྣམས་ནི། དེ་ལྟར་མཐུ་ཆེའོ་།རྒྱལ་པོས་སྨྲས་པ། འོ་ན་ཇི་ལྟར་འདོད་པ་ཡང་ལོངས་ སྤྱོད་པར་བྱེད་ལ། རྫུ་འཕྲུལ་འདི་ལྟ་བུ་དག་དང་ཡང་ལྡན་དྲང་སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ། དྲང་སྲོང་འདི་གང་གི་ཚེ་འདོད་པ་སྤྱོད་པར་གྱུར་པ་དེའི་ཚེ་ན་རྫུ་འཕྲུལ་ལས་ཉམས་ [35A]༄༅། །སོ༑ ༑འདི་གནས་དེ་ནས་བདག་གིས་ཁྲིད་དེ་ལུང་ཡང་ཕོག་།ཡིད་ལ་བྱེད་པའི་ཐབས་ཀྱང་བསྟན་ནས་འདིས་ཀྱང་ཕྱིར་ཡང་རྫུ་འཕྲུལ་བསྐྱེད་དོ། །དེ་ ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ་དེ་ལ་དགའ་བར་གྱུར་ནས་དེས་དྲང་སྲོང་དེའི་རྐང་པ་ལ་ཕྱག་འཚལ་ཏེ་བཟོད་པ་གསོལ་ནས་སོང་ངོ། །དགེ་སློང་དག་ཇི་སྙམ་དུ་སེམས་ དེའི་ཚེ་དྲང་སྲོང་མེའི་བུར་གྱུར་པ། བྱང་ཆུབ་ཀྱི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་དེའི་ནུ་བོར་གྱུར་པ་གང་ཡིན་པ་དེ་ནི། ནག་པ་གླང་ཆེན་ གནས་འདི་ཁོ་ན་ཡིན་ནོ། །དེའི་ཚེ་རྒྱལ་པོའི་བུ་མོར་གྱུར་པ་ཡིན་པ་དེ་ནི། ཆུང་མ་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་དེས་ཚངས་པར་སྤྱོད་པའི་གནས་ལས་ཉམས་པར་བྱས་ ཏེ་འདོད་པ་སྤྱོད་པ་ལ་གནས་པར་བྱས་པ་ལས་དེ་ངས་དེ་ནས་དྲངས་ཏེ་ཕྱིར་ཡང་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ལ་གནས་པར་བྱས་ལ། ད་ལྟར་ཡང་ འདིས་འདི་ཚངས་པར་སྤྱོད་པའི་གནས་ལས་ཉམས་པར་བྱས་ནས་འདོད་པ་ལ་གནས་པར་བྱས་པ་ལས་དེ་ངས་དེ་ནས་དྲངས་ཏེ་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་ བདེ་བའི་མྱ་ངན་ལས་འདས་པ་ལ་གཞག་གོ་གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རབ་ཏུ་བྱུང་ནས་དེས་དེར་ཚེ་གཅིག་ཏུ་ཚངས་ [35B]པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།ལས་པ་རྒྱ་ཐམ་པ་བམ་པོ་ཉི་ཤུ་དགུ་པ། ས་ར་ན་ཞེས་བྱ་བ་ནི། གླེང་ གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་ཡུལ་གྱེན་དུ་རྒྱལ་ཞེས་བྱ་བ་ན་ནི། རྒྱལ་པོ་རབ་སྣང་ཞེས་བྱ་བ་རྒྱལ་པོ་བྱེད་དོ། །ཡུལ་དཔའ་རབ་ཅེས་བྱ་བ་ན་ནི། རྒྱལ་པོ་འཆར་ཀ་ཞེས་བྱ་ བ་རྒྱལ་པོ་བྱེད་དེ། དེ་གཉིས་ཕན་ཚུན་མི་མཐུན་པར་གྱུར་པས་དུས་དུས་སུ་སྐྱེ་བོ་ཕལ་པོ་ཆེ་ཁ་འདོག་པར་བྱེད་དོ། །དེ་ནས་གང་གི་ཚེ་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནའི་བུས་ཉོན་མོངས་ པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པ་དེའི་ཚེ་དེས་བསམ་པ། བཅོམ་ལྡན་འདས་ནི། བདག་གི་སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོ་སེལ་བ་ ཡིན༑ བདེ་བ་དང་ཡིད་བདེ་བ་རྣམ་པ་དུ་མ་སྒྲུབ་པ་ཡིན། སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་སེལ་བ་ཡིན། །དགེ་བའི་ཆོས་རྣམ་པ་དུ་མ་སྒྲུབ་པ་ཡིན་ལ། དགེ་བའི་བཤེས་ གཉེན་སངས་རྒྱས་བཅོམ་ལྡན་འདས་ལ་བརྟེན་ཏེ་རུས་པའི་རི་ནི་བརྒལ། ཁྲག་དང་མཆི་མའི་རྒྱ་མཚོ་ནི། བསྐམས་ན། བཅོམ་ལྡན་འདས་དེའི་བཀའ་དྲིན་བདག་གིས་ཇི་ལྟར་ བསམ་པར་བྱ་སྙམ་མོ། །དེ་ནས་ཡང་དེས་བསམ་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་བ་གང་ཡང་རུང་བ་དེ་དག་ཐམས་ཅད་ནི། སེམས་ཅན་ལ་ཕན་པའི་ཕྱིར་ [36A]༄༅། །འབྱུང་བ་ཁོ་ནར་ཟད་ཀྱི། མ་ལ་བདག་གིས་ཀྱང་སེམས་ཅན་ལ་ཕན་པ་བྱའོ་སྙམ་མོ། །དེ་ནས་དེ་སེམས་པ་ལ་ཞུགས་ཏེ། བདག་གིས་གདུལ་ བར་བྱ་བ་འགའ་ལྟ་ཅི་ཡོད་སྙམ་པ་དང། དེས་བལྟས་ན་ཡུལ་དཔའ་རབ་ཅེས་བྱ་བ་ན་གནས་པའི་སྐྱེ་བོ་མང་པོ་རྣམས་ལྷག་པར་བདག་གིས་གདུལ་བར་བྱ་བ་ཡིན་པར་ མཐོང་ནས་བཅོམ་ལྡན་འདས་ག་ལ་བཞུགས་པ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལྗོངས་རྒྱུ་ཞིང་མཆི་བར་འཚལ་ལོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཱ་ཏྱཱ་ཡ་ནའི་བུ། ཁྱོད་སོང་ལ་བདག་བརྒལ་ནས་གཞན་སྒྲོལ་ཅིག་བདག་གྲོལ་ནས་གཞན་གྲོལ་བར་གྱིས་ཤིག་བདག་ དབུགས་ཕྱིན་ནས་གཞན་དབུགས་ཕྱུང་ཤིག་བདག་ཡོངས་སུ་མྱ་ངན་ལས་འདས་ནས་གཞན་ཡོངས་སུ་མྱ་ངན་ལས་ཟློས་ཤིག་དེ་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནའི་བུ་ བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བས་ཕྱག་འཚལ་ཏེ་འཁོར་ལྔ་བརྒྱ་དང་ལྗོངས་རྒྱུ་ཞིང་སོང་ངོ། །དེ་ནས་དེ་མཐར་གྱིས་རྒྱུ་ཞིང་སོང་སོང་བ་ལས་ཡུལ་གྱེན་དུ་རྒྱལ་དུ་ཕྱིན་ [36B]ཀྱི་བསྟན་པ་ལ་ཞུགས་པར་བྱས་སོ། །ཡུལ་དཔའ་རབ་ཏུ་སོང་ནས་རྒྱལ་པོ་འཆར་དཀའ་དད་པ་ཕུན་སུམ་ཚོགས་པ་ལ་ གནས་པར་བྱས་སོ། །སྐྱེ་བོ་ཕལ་པོ་ཆེ་ཡང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པར་བྱས་སོ། །དེ་ནས་ཕྱི་ཞིག་ན་ཡུལ་དཔའ་རབ་ཀྱི་རྒྱལ་པོ་འཆར་ཀའི་བཙུན་མོ་ལ་བུ་ ཆགས་ནས་དེ་ཟླ་བ་དྒུའམ། བཅུ་ལོན་པ་དང་བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་མིང་ས་རན་ཞེས་བྱ་ བར་བཏགས་སོ། །དེ་ནས་ཁྱེའུ་ས་ར་ན་འོ་མ་དང། ཞོ་དང། མར་དང། ཞུན་མར་དང། མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པདྨ་བཞིན་དུ་སྐྱེང་དྲག་པར་གྱུར་ཏོ། ། དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཁྱེའུ་དེ་ཡི་གེ་སློབ་ཏུ་བཅུག་སྟེ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱི་བཟོའི་གནས་དང། ལས་ཀྱི་གནས་ཐ་དད་པ་ འདི་ལྟ་སྟེ། གླང་པོ་ཆེ་ཞོན་པ་དང། རྟ་ཞོན་པ་དང། མཚོན་ཆ་བཅང་བ་དང། འཕྲེང་བ་དང། མདུན་དུ་བསྣུར་བ་དང། ཕྱིར་བསྣུར་བ་དང། གཡུལ་ལས་ཐར་པར་བྱ་བ་དང་ ལྕགས་ཀྱུས་གཟུང་བ་དང། ཞགས་པས་གཟུང་བ་དང། མདའ་བོ་ཆེ་འཕང་བ་དང། རྡོ་རྗེ་རྩེ་གཅིག་པ་གདབ་པ་དང། མཚོན་རྩེ་གཅིག་པ་གདབ་པ་དང། འཁོར་ལོ་འཕང་བ་དང་ [37A]༄༅། །གཅད་པ་དང། གཤེག་པ་དང། ལག་པས་གཟུང་བ་དང་རྐང་པའི་སྟབས་དང། མགོ་བོ་བསྐྱབ་པ་དང། རྒྱང་མར་འཕང་བ་དང། སྒྲ་གྲག་པར་ འཕང་བ་དང། གནད་དུ་འཕང་བ་དང། གདོན་མི་ཟ་བར་ཕོག་པར་བྱ་བ་དང། ཚབས་ཆེར་གཏང་བ་རྣམས་ཀྱང་བསླབས་ནས་གནས་ལྔ་ལ་བྱང་བར་གྱུར་ཏོ། །དེ་ནས་ ཕྱི་ཞིག་ན་གཞོན་ནུས་ར་ན་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནའི་བུ་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་དེ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ བླངས་སོ། །དེ་ནས་དེས་བལྟས་ན་ཕ་ཆོས་དང་ཆོས་མ་ཡིན་པས་རྒྱལ་པོ་བྱེད་པ་མཐོང་ངོ། །དེ་ནས་དེས་བསམ་པ། ཡབ་ནོངས་པའི་འོག་ཏུ་ནི། བདག་རྒྱལ་སར་འཇུག་ པར་འོང་སྟེ། བདག་ལ་རྒྱལ་སྲིད་མི་དགོས་ཀྱི། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ལ་ཆུ་བོ་རྣམས་ལས་བརྒལ་བར་བྱ་བ་དང། སྦྱོར་བ་རྣམས་ལས་འདའ་ བར་བྱ་བའི་ཕྱིར་བརྩོན་པ་དང། སྒྲུབ་པ་དང། འབད་པར་བྱའོ་།སྙམ་ནས་ཡབ་ཡུམ་ལ་གསོལ་ཏེ་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནའི་བུའི་ཐད་དུ་རབ་ཏུ་བྱུང་སྟེ་བསྙེན་པར་ རྫོགས་སོ། །དེ་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནའི་བུས་བསམ་པ་ཡུལ་འདི་ནས་བཀར་དགོས་སོ་སྙམ་ནས་དེ་ཁྲིད་དེ་ཡུལ་གྱེན་དུ་རྒྱལ་དུ་སོང་ནས་དེ་ན་འཁོད་དོ། །དེ་ནས་ [37B]དང་ཤམ་ཐབས་གྱོན་ཏེ་ལྷུང་བཟེད་ཐོགས་ནས་གྲོང་ཁྱེར་གྱེན་དུ་རྒྱལ་དུ་བསོད་སྙོམས་ལ་སོང་ངོ། །དེ་ཡང་སྤྱོད་ཡུལ་གྱི་རྒྱུས་མི་ ཤེས་ལ༑ ལམ་པོ་ཆེ་དང་སྲང་གི་རྒྱུས་ལ་མི་མཁས་པ་ཞིག་སྟེ་དེ་མཐར་གྱིས་བསོད་སྙོམས་ལ་རྒྱུ་ཞིང་སོང་སོང་བ་ལས་རྒྱལ་པོ་གཏུམ་པོ་རབ་སྣང་གི་ཕོ་བྲང་གི་ཆབ་སྒོར་ བྱིན་ནས་ཆབ་སྒོ་བ་རྣམས་མེད་པའི་སྐབས་སུ་དེ་རྒྱལ་པོའི་ཕོ་བྲང་གི་ནང་དུ་སོང་ནས་དེ་རྒྱལ་པོའི་བཙུན་མོ་རྣམས་ཀྱིས་མཐོང་ན་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་ཏེ་ ལུས་ཀྱི་ཤ་རྒྱས་པར་འདུག་གོ། །དེ་ནས་དེ་མཐོང་མ་ཐག་ཏུ་དེ་དག་དེ་ལ། ཤིན་ཏུ་དགའ་བར་གྱུར་ཏེ། དེ་དག་གིས་བསམ་པ། དགེ་སློང་འདི། འདི་ལྟར་ གཟུགས་མཛེས་ཤིང་ན་སོ་གཞོན་ལ། ཚངས་པར་སྤྱོད་པ་ལ་ཡང་གནས་སོ་སྙམ་མོ། །དེ་ནས་དེ་དག་དགའ་བར་གྱུར་པས་དེའི་སྟན་བཤམས་ཏེ་འདུག་ཏུ་བཅུག་ནས་བཟའ་བ་ དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ནས་ཚེ་དང་ལྡན་པ་ས་ར་ན་བསྐོར་ཏེ་ཆོས་མཉན་པའི་ཕྱིར་གུང་ལ་བཞག་གོ། །དེ་ནས་དེ་དེ་ན་འདུག་པའི་སྐབས་སུ་རྒྱལ་པོ་ གཏུམ་པོ་རབ་སྣང་བཙུན་མོའི་འཁོར་དུ་འོངས་སོ། །བཙུན་མོ་རྣམས་ཀྱི་ལུགས་ཀྱིས་ན། གང་གི་ཚེ་རྒྱལ་པོ་བཙུན་མོའི་འཁོར་དུ་འོང་བ་དེའི་ཚེ་ལངས་ཏེ་བསུར་འགྲོ་བ་ཡིན་ན་ [38A]༄༅། །དེ་རྣམས་ཆོས་ཉན་པ་ལ་འདུན་ཆེས་ནས་ལྡང་བ་དང་བསུ་བ་ཡང་མ་བྱས་སོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་བསམ་པ། མ་ལ་བདག་ བཙུན་མོ་རྣམས་ཀྱིས་མ་བསུས་པ་འདི་ཅི་ལས་གྱུར་སྙམ་ནས་རྒྱལ་པོས་དེ་འཕྲིགས་ཏེ། དེ་ཁྲོས་བཞིན་དུ་བཙུན་མོའི་འཁོར་དུ་སོང་ངོ། །དེ་དེར་སོང་སྟེ་བལྟས་ན་ཚེ་དང་ ལྡན་པ་ས་ར་ན་བཙུན་མོ་རྣམས་ཀྱིས་བསྐོར་བ་མཐོང་ནས་རྒྱལ་པོ་དེ་ལྷག་པར་ཡང་ཁྲོ་བའི་ཀུན་ཏུ་དཀྲིས་པ་སྐྱེས་ཏེ། དེ་ཁྲོས་ནས་བསམ་པ། དགེ་སློང་གིས་ངའི་ཆུང་མ་ མཐོང་གིས་མེད་དོ་སྙམ་མོ། །དེ་ནས་དེས་བསམ་པ། རེ་ཞིག་འདི་འདོད་ཆགས་དང་བྲལ་བ་ཡིན་ནམ། འོན་ཏེ་འདོད་ཆགས་དང་མ་བྲལ་བ་ཡིན་བརྟག་པར་བྱའོ་ སྙམ་སྟེ༑ དེ་ནས་ཚེ་དང་ལྡན་པ་ས་ར་ན་ལ་སྨྲས་པ། ཅི་ཁྱོད་དགྲ་བཅོམ་པ་ཡིན་ནམ། དེས་སྨྲས་པ། རྒྱལ་པོ་ཆེན་པོ། མ་ཡིན་ནོ་།རྒྱལ་པོས་སྨྲས་པ། ཅི་ཁྱོད་ཕྱིར་ མི་འོང་བ་དང། ལན་གཅིག་ཕྱིར་འོང་བ་དང། རྒྱུན་དུ་ཞུགས་པ་ཐོབ་པ་ཡིན་ནམ། འདུ་ཤེས་མེད་འདུ་ཤེས་མིན་སྐྱེ་མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་དང་ རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཐོབ་པ་ཡིན་ནམ། བསམ་གཏན་བཞི་པ་དང། གསུམ་པ་དང་གཉིས་པ་དང། བསམ་ [38B] དེས་སྨྲས་པ། རྒྱལ་པོ་ཆེན་པོ། མ་ཡིན་ནོ། །དེ་ནས་རྒྱལ་པོས་བསམ་པ། དགེ་སློང་འདི་འདོད་ཆགས་དང་བྲལ་བ་མ་ཡིན་ལ། འདི་མཁན་པོ་ དང་སློབ་དཔོན་གྱིས་མ་བསླབས་ཀྱི། ངས་འདི་བསླབ་པར་བྱའོ་སྙམ་ནས་ཞམ་རིང་པ་རྣམས་བོས་ཏེ་དེ་ལྕག་གིས་ཞེན་པར་བཞུས་ཏེ་བཏང་ངོ། །དེ་ནས་དེ་ལྕག་གིས་བཞུས་ པས་པགས་པ་རལ་ནས་ཁྲོས་ཏེ་བསམ་པ། བདག་མཉེས་པར་དུས་ངན་པའི་རྒྱལ་པོ་གཏུམ་པོ་འདིས་བརྡེགས་ཀྱི། བདག་ཕའི་ཡུལ་དུ་སོང་ལ་ཕའི་ཡུལ་དུ་འདུག་སྟེ་དཔུང་གི་ཚོགས་ ཡན་ལག་བཞི་གོ་བསྐོན་ཏེ་སོང་ལ་དུས་ངན་པའི་རྒྱལ་པོ་གཏུམ་པོ་འདི་རྡུལ་བཏོན་ཏེ་གཏང་ངོ་སྙམ་མོ། །ཚེ་དང་ལྡན་པ་ཀཱ་ཏྱ་ཡ་ནའི་བུ་ག་ལ་འདུག་པ་དེར་སོང་སྟེ་ཕྱིན་ནས་ ཚེ་དང་ལྡན་པ་ཀཱ་ཏྱ་ཡ་ནའི་བུའི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། མཁན་པོ། བདག་མ་ནོངས་པར་དུས་ངན་པའི་རྒྱལ་པོ་གཏུམ་པོ་དེས་བརྡེགས་པས་ན། བདག་ཕའི་ ཡུལ་དུ་མཆིས་ཏེ། དེར་མཆིས་ནས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་མཆིས་ལ་དུས་ངན་པའི་རྒྱལ་པོ་གཏུམ་པོ་དེ་རྡུལ་བ་ཏོན་ཏེ་གཏང་གི་བསླབ་པའི་གཞི་རྣམས་ བཞེས་སུ་གསོལ། གནས་བརྟན་གྱིས་སྨྲས་པ། བུ། ཁྲོ་བའི་དབང་དུ་མ་འགྲོ་ཞིག་བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བས་ནི། འཇིག་རྟེན་གྱི་ཆོས་བརྒྱད་དེ། རྙེད་པ་དང། མ་རྙེད་ [39A]༄༅། །པ་དང། གྲགས་པ་དང། གྲགས་པ་མ་ཡིན་པ་དང། བསྟོད་པ་དང། སྨད་པ་དང། བདེ་བ་དང། སྡུག་བསྔལ་ཐམས་ཅད་བཟོད་པར་བྱའོ། ། ཞེས་མ་གསུངས་སམ་ཞེས་བྱས་ཏེ། གནས་བརྟན་དེས་དེ་ལ་ལན་མང་དུ་བཀག་ཀྱང་དགག་མ་ནུས་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡཱ་ནའི་བུས་དེ་ལ་སྨྲས་པ། བུ། དེ་ལྟར་ཁྱོད་འགྲོ་ འདོད་ན། ད་ལྟར་ནི། ནམ་སྲོས་སུ་ཉེ་སྟེ། ལམ་ན་སེངྒེ་དང་སྟག་དང། གཟིག་དང། དྲེད་མོ་རྣམས་ཀྱིས་འཇིགས་པ་ཡོད་ཀྱི། དོ་ནུབ་ཀྱི་ཚེ་ལ་འདིར་འདུག་ལ་ནང་ པར་སོང་ཞིག་ཅེས་བྱས་སོ། །དེ་ནས་དེས་སྨྲས་པ། མཁན་པོས་ཇི་སྐད་བཀའ་སྩལ་པ་བཞིན་འཚལ་ལོ། །ཞེས་བྱས་ནས་དེ་གནས་བརྟན་དེ་དང་གནས་ཁང་གཅིག་ཏུ་ ཉལ་ཏེ༑ ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནའི་བུས་དེ་བཟློག་པའི་ཕྱིར་དེ་བྱིན་གྱིས་བརླབས་ཏེ་ཅི་ནས་དེ་ཉལ་བའི་རྨི་ལམ་དུ་དེས་བསླབ་པ་ཕུལ་ཏེ་ཕའི་ཡུལ་དུ་སོང་ནས་ཕས་དེ་རྒྱལ་ སྲིད་ལ་དབང་བྱེད་དུ་བཅུག་སྟེ། དཔུང་གི་ཚོགས་ཡན་ལག་བཞི་བྱིན་ནས་འདི་སྐད་ཅེས་བསྒོ་སྟེ། ཁྱོད་ཀྱིས་ཐོག་མ་ཁོ་ནར་ལས་སུ་བྱ་བ་ནི། དགྲ་ཚར་གཅད་པར་གྱིས་ ཤིག་ཅེས་བྱས་ནས་དེ་ཐོས་མ་ཐག་ཏུ་དེས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་རྒྱལ་པོ་རབ་སྣང་གི་ཡུལ་དུ་དམག་དྲངས་པ་ལས། རྒྱལ་པོ་གཏུམ་པོ་རབ་སྣང་གིས་ [39B]ཕྱོགས་པར་བྱས་ཏེ་གསོན་པོར་བཟུང་ནས་གསོད་དུ་བཏང་སྟེ། དེ་གཤེད་མའི་མི་རྣམས་ཀྱིས་ཁྲིད་དེ་གསད་པའི་སར་ ཕྱིན་དུ་ཉེ་བ་དང། དེས་བལྟས་ན་རྨི་ལམ་ཉིད་ན་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནའི་བུ་གྲོང་ཁྱེར་གྱེན་དུ་རྒྱལ་ན་བསོད་སྙོམས་བྱེད་ཅིང་འདུག་པ་མཐོང་ནས་དེས་ཁུས་བཏབ་སྟེ་མཁན་ པོ༑ ༑བདག་གི་སྐྱབས་མཛད་དུ་གསོལ། །བདག་ལ་དཀའ་བ་མཛད་པ་དང། སྲོག་ཕངས་བ་སྦྱིན་པར་མཛད་དུ་གསོལ་ཞེས་ཟེར་ཞིང་འདུག་པ་རྨི་ལམ་དུ་མཐོང་བར་བྱིན་གྱིས་བརླབས་ སོ༑ ༑དེ་ནས་དེ་དེས་སྐྲག་ནས་སད་ཀྱང་རྨི་ལམ་ལ་ཡང་དག་པ་ཙམ་དུ་འཛིན་ཅིང་དེ་བཞིན་དུ་རྡོལ་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནའི་བུས་དེ་ལ་སྨྲས་པ། བུ། ཁྱོད་ཀྱིས་རྨི་ལམ་མཐོང་ བར་ཟད་ཀྱི། མ་འཇིགས་ཤིག་དེ་ནས་དེ་ཐོས་མ་ཐག་ཏུ་ས་ར་ན་དགའ་བར་གྱུར་ནས་སེམས་པ་ལ་ཞུགས་ཏེ། ས་ར་ན་ཞེས་བྱ་བ་དེ་ནི། ང་ཉིད་ཡིན་ཞིང་འདུག་ལ། བདག་གིས་ནི་ སེམས་ཅན་གཅིག་ལ་ཡང་འཚེ་བ་མ་བྱས་ན། ད་བདག་ཁྲོ་བའི་དབང་དུ་སོང་སྟེ་རྨི་ལམ་དུ་ཡང་སྐྱེ་བོ་མང་པོ་དེ་སྙེད་བསད་ཀྱི་དོན་དུ་གཉེར་བ་འདི་ལྟ་བུ་བདག་གིས་གཏང་ངོ་ སྙམ་མོ༑ ༑དེ་ནས་གནས་བརྟན་དེས་དེའི་ཡིད་སྐྱོ་བར་རིག་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་ས་ར་ནས་སྟན་དེ་ཉིད་ལ་འདུག་བཞིན་དུ་ཉོན་མོངས་པ་ཐམས་ཅད་སྤངས་ [40A]༄༅། །ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་བདག་གིས་དགེ་སློང་ལྕག་གིས་བཞུས་པ་གང་ཡིན་པ་ དེ་རྒྱལ་པོ་འཆར་ཀའི་བུ་ཡིན་ནོ། །ཞེས་ཐོས་ནས་དེའི་ཐད་དུ་སོང་སྟེ་རྐང་པ་ལ་ཕྱག་འཚལ་ནས་བཟོད་པ་གསོལ་ཏེ། དེ་ཉིད་ལ་བརྟེན་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནའི་བུ་ ཞག་བདུན་གྱི་བར་དུ་བཤོས་ལ་སྤྱན་དྲངས་སོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནའི་བུས་བསམ་པ། རྙེད་པ་དང་བཀུར་སྟི་སྐྱེས་ཀྱི། གཅད་དགོས་སོ་སྙམ་ནས་ ཚེ་དང་ལྡན་པ་ས་ར་ན་དང་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཏུ་སོང་ངོ། །དེ་ནས་ཚེ་དང་ལྡན་པ་ས་ར་ན་ཇི་ལྟར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་སོ། །ཐོས་ནས་ཀྱང་ བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ས་ར་ནས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལགས། ། ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་ལྕག་གིས་བཞུས་ལ། འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ་མི་མཉེས་ པར་མ་བགྱིས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་ [40B] དགེ་སློང་དག་འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་པས་ བྱིན་རྒྱལ་པོ་བྱེད་དོ། །ཕྱི་ཞིག་ན་དེ་བཙུན་མོའི་འཁོར་གྱིས་ཞམ་རིང་བྱས་ཏེ་སྐྱེད་མོས་ཚལ་གྱི་སར་སོང་བ་ལས། རྒྱལ་པོ་གཉིད་ཀྱིས་ལོག་གོ་བུད་མེད་རྣམས་ནི། མེ་ཏོག་དང་ འབྲས་བུ་ལ་སྲེད་པས་དེའི་བཙུན་མོ་རྣམས་སྐྱེད་མོས་ཚལ་དེར་ཕན་ཚུན་དུ་རྒྱུ་བ་ལ་ཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་མི་འབྱུང་བའི་ཚེ་རང་ སངས་རྒྱས་རྣམས། འཇིག་རྟེན་དུ་འབྱུང་སྟེ་རང་སངས་རྒྱས་ཤིག་སྐྱེད་མོས་ཚལ་དེར་མཚན་མོ་དགོངས་མལ་བཏབ་ནས་ལུས་མཛེས་པ་དང། སེམས་མཛེས་པ་དེ་བུད་ མེད་དེ་དག་གིས་མཐོང་ནས་མཐོང་མ་ཐག་ཏུ་དེ་ལ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་རྐང་པ་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་དོ། །དེ་ནས་རྒྱལ་པོ་ དེ་སད་དེ་བཙུན་མོའི་འཁོར་མི་སྣང་བས་ཁྲོས་ཏེ་རལ་གྲི་རྣོན་པོ་ཐོགས་ནས་རྗེས་གར་བྱུང་བའི་ཐོགས་ཐག་ཏུ་སོ་བ་ལས། རྒྱལ་པོ་དེས་རང་སངས་རྒྱས་དེ་བཙུན་མོའི་འཁོར་ལ་ཆོས་ འཆད་ཅིང་འདུག་པ་མཐོང་ངོ། །མཐོང་ནས་ཀྱང་དགེ་སློང་གིས་ངའི་ཆུང་མ་མཐོང་ངོ་སྙམ་སྟེ། དེ་ལྷག་པར་ཡང་ཁྲོ་བའི་ཀུན་ཏུ་དཀྲིས་པ་སྐྱེས་ཏེ། དེས་ཞམ་རིང་འཁོར་རྣམས་ [41A]༄༅། །ལ་བསྒོ་སྟེ། རང་སངས་རྒྱས་དེ་ལྕག་གིས་ཞེན་པར་བཞུས་ཏེ་གཏང་ངོ། །དེ་ནས་རང་སངས་རྒྱས་དེས་བསམ་པ། ཉོན་མོངས་འདི་ནི། སྨྲས་ཤིང་ ཉམས་པར་གྱུར་ཏེ། འདི་གཏན་དུ་འཁྱམས་ན་མི་རུང་གི། ར་མདའ་བྱ་དགོས་སོ་སྙམ་དུ་བསམ་ནས་ནམ་མཁའ་ལ་འཕགས་ཏེ་འབར་བ་དང་ལམ་མེར་འདུག་པ་དང། ཆར་ འབབ་པ་དང། གློག་འགྱུ་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་ཏོ། །སོ་སོའི་སྐྱེ་བོ་རྣམས་ནི། རྫུ་འཕྲུལ་གྱིས་མྱུར་དུ་དད་པར་འགྱུར་ཏེ་དེ་མཐོང་མ་ཐག་ཏུ་དེ་ལ་ཤིན་ཏུ་ དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་སྡོང་པོ་སོག་ལེས་བཅད་པ་བཞིན་དུ་དེའི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། སྐལ་པ་ཆེན་པོ་དང་ལྡན་པ་མར་སྤྱོན། བདག་ཉེས་ པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲོངས་ཤིག་ཅེས་བྱས་སོ། །དེ་ནས་རང་སངས་རྒྱས་དེ་དེ་ཉིད་ལ་སྙིང་བརྩེ་བའི་ཕྱིར་ས་ལ་བབས་ནས་དེས་དེའི་རྐང་པ་ལ་ཕྱག་ འཚལ་ཏེ་བཟོད་པ་གསོལ་ནས་ཇི་སྲིད་འཚོ་བའི་བར་དུ་ཡོ་བྱད་ཐམས་ཅད་བསྟབས་ཏེ་སྐྱེད་མོས་ཚལ་དེ་ཉིད་དུ་ཡལ་ག་དང། ལོ་མའི་སྤྱིལ་པོ་ཕུབ་ནས་ཡོ་བྱད་ཐམས་ ཅད་ཀྱིས་བསྙེན་བཀུར་བྱས་སོ། །དེ་ནས་ཕྱི་ཞིག་ན་རང་སངས་རྒྱས་དེས་བསམ་པ། བདག་ལ་ལུས་ཁོལ་བ་པ་འདིས་ཅི་དགོས་ཀྱི། བདག་ཞི་བ་མྱ་ངན་ལས་འདས་པའི་ [41B] ལམ་མེར་འདུག་པ་དང། ཆར་འབབ་པ་དང། གློག་འགྱུ་བའི་ཆོ་འཕྲུལ་བསྟན་ཏེ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ རྒྱལ་པོ་དེས་དེའི་སྐུ་གདུང་ལ་མཆོད་པ་བྱས་ནས་སྐུ་གདུང་གི་མཆོད་རྟེན་བརྩིགས་ཏེ་མཆོད་རྟེན་ལ་བཀུར་སྟི་ཆེན་པོ་བྱས་ནས་སྨོན་ལམ་བཏབ་པ། ཀྱེ་མ་འདི་ལྟར་བདག་ གིས་སེམས་ཅན་དག་ལ་འདི་ལྟ་བུ་ལ་གནོད་པ་བྱས་པའི་ལས་འདི་བདག་གིས་མྱོང་བར་མ་གྱུར་ཅིག་བདག་གིས་ཕྱིར་ཡང་བཀུར་སྟི་བྱས་པའི་དགེ་བའི་རྩ་བ་འདིས་ན་ བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་འདི་བས་ཀྱང་ཆོས་ཁྱད་པར་དུ་འཕགས་པའི་སྟོན་པ་ བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་ པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི། ས་ར་ན་ འདི་ཁོ་ན་ཡིན་ཏེ། དེས་རང་སངས་རྒྱས་ལ་གནོད་པ་བྱས་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ལུས་ལ་ལྕག་གིས་བཞུས་པས་ལྕག་འོག་ཏུ་ཤི་ [42A]༄༅། །ནས་འདིས་རང་སངས་རྒྱས་བྱེ་བ་ཕྲག་འབུམ་པས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་ད་ལྟ་བུ་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ་ ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ སྲུང་གི་གསུང་རབ་ལ་འདི་རབ་ཏུ་བྱུང་ནས་འདིས་དར་ཚེ་གཅིག་ཏུ་ཚངས་པར་སྤྱད་དེ་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ ཏོ༑ །རི་དྭགས་ཀྱི་བརྟུལ་ཞུགས་ཅན་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་ཡུལ་བི་དེ་ཧའི་ལྗོངས་ན་རི་དྭགས་ཀྱི་བརྟུལ་ཞུགས་ཅན། རི་དྭགས་ཀྱི་ པགས་པ་གྱོན་ཞིང་རྭ་ཐོགས་པ། རི་དྭགས་རྣམས་དང་ལྷན་ཅིག་ཏུ་རྩ་ཟ་ཞིང་ཆུ་འཐུང་བ་ལྔ་བརྒྱ་ཙམ་ཞིག་འཁོད་དོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་ འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ་རྣམ་པར་ཐར་པ་བརྒྱད་ལ་ [42B] མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་ རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི། དར་ སུ་ནི༑ ཕོངས་ཤིག་འདུག་སུ་ནི། ཉམ་ང་བར་གྱུར། སུ་ནི། གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་སོང་དུ་གཞོལ། སུ་ནི་ ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི། ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་པའི་འདམ་དུ་ བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི། འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་ བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་ པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟགས་པ་འཇུག་གོ་ [43A]༄༅། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་ བ་མེད༑ ༑དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། རི་དྭགས་ཀྱི་བརྟུལ་ཞུགས་ཅན་ལྔ་བརྒྱ་པོ་རྣམས་གདུལ་བའི་དུས་ལ་བབ་བོ་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་ ཀྱིས་ཅི་ནས་རི་དྭགས་ཀྱི་བརྟུལ་ཞུགས་ཅན་དེ་རྣམས་ཀྱིས་རི་དྭགས་དེ་དག་རྒྱལ་པོའི་ཁབ་ཏུ་འགྲོ་བ་མཐོང་ལ། མཐོང་ནས་དེ་རྣམས་ཀྱང་རི་དྭགས་དེ་དག་དང་ལྷན་ཅིག་ ཏུ་རྒྱལ་པོའི་ཁབ་ཏུ་འགྲོ་བར་འགྱུར་བ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་དེ་དག་དེར་སོང་ནས་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་རི་དྭགས་དེ་དག་མི་སྣང་བར་བྱས་སོ།། དེ་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་དེ་རྣམས་མཐོང་ནས་རྣམ་པར་སྨོད་པར་བྱེད་དོ། །དེ་ལྟར་སྨད་ནས་དེ་རྣམས་རྒྱལ་པོའི་ཁབ་ནས་བྱུང་སྟེ་འོད་མའི་ཚལ་ལོགས་སུ་ ཆས་སོ༑ ༑དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་ཐུགས་བརྩེ་བའི་ཕྱིར་མདུན་དུ་བཞུགས་སོ། །དེ་ནས་རི་དྭགས་ཀྱི་བརྟུལ་ཞུགས་ཅན་ལྔ་བརྒྱ་པོ་དེ་དག་གིས་ཐག་ རིང་པོ་ཞིག་ནས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་དེ་དག་བཅོམ་ལྡན་འདས་ལ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་བཅོམ་ལྡན་འདས་ག་ལ་བཞུགས་ [43B]བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྦྱན་སྔར་འཁོད་དོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་ པ་དང། བག་ལ་ཉལ་དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དག་དང་མཐུན་པའི་ཆོས་བསྟན་ཏེ་དེས་ན་རི་དྭགས་ཀྱི་བརྟུལ་ཞུགས་ཅན་ལྔ་བརྒྱ་ པོ་དེ་དག་གིས་སྟན་དེ་ཉིད་ལ་འཁོད་བཞིན་དུ་བདེན་པ་མངོན་པར་རྟོགས་པའི་མོད་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་དག་གིས་བདེན་པ་མཐོང་ནས་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་ སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙན་པར་རྫོགས་པར་མཛད་ནས་དེ་དག་ལ་ལུང་ཡང་ཕོག་གོ། །དེ་དག་གིས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་ མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། དགེ་སློང་འདི་ [44A]༄༅། །རྣམས་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་རི་དྭགས་ཀྱི་ཆ་ལུགས་སུ་མཆིས་ལ། རི་དྭགས་རྣམས་དང་ལྷན་ཅིག་ཏུ་ རྩྭ་ཟ་ཞིང་ཆུ་འཐུང་བར་གྱུར་ནས་འདི་རྣམས་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་ བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་རྣམས་ ཉིད་ཀྱིས་ལས་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་ པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་དགེ་སློང་གི་དགེ་འདུན་མང་པོ་དང་ཐབས་ཅིག་ཏུ་ལྗོངས་རྒྱུ་ཞིང་གཤེགས་ པ་ལས་རྒྱལ་པོའི་ཁབ་ཏུ་གཤེགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ན་དཀའ་ཐུབ་ཀྱི་གནས་ཤིག་ན་བྲམ་ཟེ་འཁོར་ལྔ་བརྒྱ་དང་ལྡན་པ་ཞིག་གནས་པ་དེས་བཅོམ་ལྡན་ [44B] །མཐོང་ནས་ཀྱང་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། ཁྱེད་འོད་སྲུང་གི་དགེ་སློང་རི་དྭགས་བཞིན་དུ་རྒྱུ་བ་འདི་དག་ལ་ལྟོས་ འདི་རྣམས་ནི། གནས་མེད་དེ། གང་དགའ་བར་རྒྱུ་བར་བྱེད་དོ། །ཞེས་བྱས་སོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་དེ་བྲམ་ ཟེའི་ཁྱེའུ་དེ་དག་དང་ལྷན་ཅིག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཐད་དུ་རབ་ཏུ་བྱུང་ངོ། །དེ་དག་དེར་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ ན་ཡང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ནས་དེ་དག་གིས་འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་བདག་ཅག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ བསྟན་པ་ལ་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཁྱེའུ་ བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་ བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ་།དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ [45A]༄༅། །དགེ་སློང་ལྔ་བརྒྱར་གྱུར་པ་གང་ཡིན་པ་དེ་དག་ནི། རི་དྭགས་ཀྱི་བརྟུལ་ཞུགས་ཅན་འདི་དག་ཁོ་ན་ཡིན་ཏེ། དེ་རྣམས་ཀྱིས་དེར་དགེ་སློང་རྣམས་ལ་ ཚིག་རྩུབ་པོ་སྨྲས་ཏེ། འདི་དག་ནི། རི་དྭགས་བཞིན་དུ་རྒྱུའོ་།ཞེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས། ཚེ་རབས་ལྔ་བརྒྱར་རི་དྭགས་སུ་སྐྱེས་ནས་ད་ལྟར་སྲིད་པ་ ཐ་མ་དང། གནས་ཐ་མར་གྱུར་པའི་བར་དུ་ཡང་རི་དྭགས་ཀྱི་ཆ་ལུགས་འཛིན་པར་གྱུར་ཏེ། དེ་རྣམས་ཀྱིས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་ མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་།དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་ དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་ [45B]ཉིད་མངོན་སུམ་དུ་བྱས་སོ།། །།ཟླ་བ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ བྲམ་ཟེ་ཆེ་ཞིང་མཐོ་བ་ཟླ་བ་བདེ་བ་ཞེས་བྱ་བ་ཞིག་གནས་ཏེ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ལ་ཡིད་ལ་འདོད་པ་འདི་ལྟ་བུ་ཞིག་སྐྱེས་ཏེ། གཞུང་གིས་རྩོད་པ་རྣམས་དང་ལྷན་ཅིག་ཏུ་གཏམ་ཟེར་ཡང་ཅི་མ་རུང་སྙམ་མོ། །དེ་ནས་དེས་ ཁྱིམ་ཐབ་ལ་བསྙད་དེ། ཇོ་བོ། བདག་ལ་ཡིད་ལ་འདོད་པ་འདི་ལྟ་བུ་ཞིག་སྐྱེས་ཏེ། བདག་གཞུང་གིས་རྩོད་པ་རྣམས་དང་ལྷན་ཅིག་ཏུ་གཏམ་ཟེར་ཡང་ཅི་མ་རུང་སྙམ་བགྱིད་ དོ༑ ༑ཞེས་བྱས་སོ། །བྲམ་ཟེ་དེ་ཡང་ལྟས་ལ་མཁས་པ་ཞིག་སྟེ་དེའི་བློ་སྐྱེས་པ། འདི་ལྟ་ན་འདུག་པའི་སེམས་ཅན་དེའི་མཐུ་ཡིན་ཏེ། དེས་འདིའི་ཡིད་ལ་འདོད་པ་དེ་ལྟ་བུ་སྐྱེས་ སོ་སྙམ་མོ། །དེ་ནས་ཟླ་བ་དྒུའམ། བཅུ་ལོན་པ་དང། བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་བུ་མོ་འདིའི་མིང་ ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། བུ་མོ་འདི་ཟླ་བ་བདེ་བའི་བུ་མོ་ཡིན་བས་ན། བུ་མོ་འདིའི་མིང་ཟླ་བ་ཞེས་གདགས་སོ་ཟེར་རོ། །དེ་ནས་བུ་མོ་ཟླ་བ་འོ་མ་དང། ཞོ་དང་ [46A]༄༅། །མར་དང། ཞུན་མར་དང། མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ་མཚོ་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ནས་གང་གི་ཚེ་དེ་ཆེན་མོར་གྱུར་པ་ དེའི་ཚེ་ཁྱིམ་དེ་ཉིད་དུ་ཡི་གེ་བསླབས་ཏེ། དེ་རིང་པོ་མ་ལོན་པར་ཡི་གེའི་མཐར་ཕྱིན་ནས་དེས་ཁྱིམ་དེ་ཉིད་དུ་ཕ་མ་ལས་བསྟན་བཅོས་ཐམས་ཅད་ལོབས་ཏེ། གཞུང་གིས་རྩོད་ པ་ཐམས་ཅད་ཚར་བཅད་ནས་དེས་ཚིག་ཏུ་བྱ་བ་ཐོས་སོ་ཙོག་ལོབས་སོ། །དེ་ནས་ཕྱི་ཞིག་ན་དེས་མཉན་དུ་ཡོད་པ་འདི་ཉིད་ན་དགེ་སྦྱོང་གོའུ་ཏ་མ་ཐམས་ཅད་མཁྱེན་པ། ཐམས་ ཅད་གཟིགས་པ་ཡིན་པར་བདག་ཉིད་ཁས་འཆེ་བ་ཞིག་ཡོད་དོ། །ཞེས་ཐོས་ནས་ཐོས་མ་ཐག་ཏུ་བུ་མོ་དེ་ཡ་མཚན་དུ་གྱུར་ཏེ་བདག་སོང་ལ་དགེ་སྦྱོང་གོའུ་ཏ་མ་དེ་ཅི་འདྲ་བ་ བལྟ་བར་བྱའོ་སྙམ་སྟེ་ཕ་མ་གཉིས་ལ་གསོལ་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་བུ་མོ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་ པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་བ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་བ་ལྟ་བུ། མར་མེ་གསེར་ གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ [46B] །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་ དེ་ལྟ་བུ་ནི། ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལ་ཡང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ་།དེ་དེ་ལྟར་དགའ་བ་སྐྱེས་ནས་བཅོམ་ ལྡན་འདས་ག་ལ་བཞུགས་པ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་བུ་མོ་ཟླ་བས་ སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་དེས་ བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བཅོམ་ལྡན་འདས་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་བར་རྫོགས་ཤིང་དགེ་སློང་མའི་དངོས་ [47A]༄༅། །པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐྱེ་ རྒུའི་བདག་མོ་ཆེན་མོ་གོའུ་ཏ་མའི་ལ་གཏད་ནས་སྐྱེ་རྒུའི་བདག་མོ་ཆེན་མོ་གོའུ་ཏ་མའིས་དེ་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་དེ་ལ་ལུང་ཡང་ཕོག་སྟེ། དེས་ཀྱང་ བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེར་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་ སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་རྣམས་ཀྱིས་ལས་ལ་འདུ་བ་ལོགས་ཤིག་ཏུ་གྱིས་ཤིག་ཅེས་གསུངས་པ་ལས། སྐྱེ་རྒུའི་བདག་མོ་གོའུ་ཏ་མའིས་སོ་སོ་ ཐར་པའི་མདོ་འདོན་མི་ནུས་ནས་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་སྐྱེ་རྒུའི་བདག་མོ་གོའུ་ཏ་མའིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཀྱང་ ལས་ཀྱི་འདུ་བ་ལོགས་ཤིག་ཏུ་གྱིས་ཤིག་དགེ་སློང་མ་རྣམས་ཀྱིས་ཀྱང་ལས་ཀྱི་འདུ་བ་ལོགས་ཤིག་ཏུ་གྱིས་ཤིག་ཅེས་བཀའ་སྩལ་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང་ [47B] སོ་སོ་ཐར་པ་བསྟན། དགེ་སློང་མ་རྣམས་ལ་ནི་མ་བསྟན་ལགས་ན། བཅོམ་ལྡན་འདས་ཀྱིས་སོ་སོ་ཐར་པ་བསྟན་དུ་གསོལ། བདག་གིས་གཟུང་པར་འཚལ་ ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཚིག་རེ་རེ་ནས་ཟློས་ཤིང་ཆོས་གསུང་མི་སྲིད་དེ། དེའི་སྐབས་མེད་དོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་སྐྱེ་རྒུའི་ བདག་མོ་གོའུ་ཏ་མའི་ལ་བཀའ་སྩལ་པ། ཀྱེ་གོའུ་ཏ་མའི། གལ་ཏེ་ལན་གཅིག་སྨྲས་པས་འཛིན་ནུས་ན་ནི། བསྟན་པར་བྱའོ། །ཞེས་གསུངས་སོ་།དེ་ནས་དེའི་ཚེ་དགེ་ སློང་མ་ཟླ་བ་འཁོར་དེ་ཉིད་དུ་འདུས་ཏེ། དགེ་སློང་མ་ཟླ་བས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སོ་སོ་ཐར་པ་བསྟན་དུ་གསོལ། ལན་གཅིག་བཀའ་སྩལ་པས་བདག་གིས་གཟུང་བར་འཚལ་ ལོ༑ ༑དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་སོ་སོ་ཐར་པའི་མདོ་བསྟན་ཏེ། ལན་གཅིག་བཀའ་སྩལ་པས་དགེ་སློང་མ་ཟླ་བས་ལོབས་ནས་དེས་སྡེ་སྣོད་ གསུམ་ཡང་ལོབས་སོ། །ཚིག་ཏུ་བྱ་བ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ཀྱང་ཐོས་མ་ཐག་ཏུ་ལོབས་ནས་བཅོམ་ལྡན་འདས་ཀྱིས་དེ་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ [48A]༄༅། །ཏོ༑ ༑དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། དགེ་སློང་མ་ཟླ་བས་ལས་ཅི་བགྱིས་ན་ལས་དེའི་ རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། འདིས་བསྟན་བཅོས་ཐམས་ཅད་ཀྱང་ལོབས་ཏེ། གཞུང་གིས་རྩོད་པ་ཐམས་ཅད་ ཚར་བཅད་ནས་འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལ། འདིས་ཐོས་པ་ཐམས་ཅད་ཀྱང་འཛིན་ནུས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ཐོས་པ་འཛིན་པ་རྣམས་ཀྱི་ མཆོག་ཏུ་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། བཙུན་པ། འདིས་སྨོན་ལམ་གང་དུ་བཏབ་ ལགས༑ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་ [48B] ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་འདི་རབ་ཏུ་བྱུང་ངོ། །དེ་གང་ལས་རབ་ཏུ་བྱུང་བར་ གྱུར་པའི་མཁན་མོ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ནས་དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་ འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ ཚོགས་ཅི་ཡང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་ པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཇི་ལྟར་བདག་གི་མཁན་མོ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་ བཞིན་དུ་བདག་ཀྱང་ཤཱཀྱ་ཐུབ་པ། ཤཱཀྱའི་རྒྱལ་པོ་དེས་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་ཤོག་ཅིག་ཅེས་བྱས་སོ་།དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ [49A]༄༅། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བའི་དགེ་སློང་མར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་མ་ཟླ་ བ་འདི་ཁོ་ན་ཡིན་ཏེ། དེས་དེར་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་འཆི་ཁར་སྨོན་ལམ་བཏབ་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་ བྱས་ཏེ་མ་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་ངས་འདི་ཐོས་ པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ།། །།མིའམ་ཅི་གཉིས་ཞེས་བྱ་བ་དེ་ལ། མིའམ་ཅི་དང་པོ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་ འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ [49B] བཅུ་ལོན་པ་དང། བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་བཟང་བ། གསེར་གྱི་མདོག་ཅན་མགོ་བོ་གདུགས་ལྟར་འདུག་པ་ ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་མཆོག་ཏུ་བྱད་གཟུགས་མཛེས་ཏེ། བྱད་གཟུགས་མིའམ་ཅི་དང་འདྲ་བས་ན། ཁྱེའུ་འདིའི་མིང་མིའམ་ཅི་ཞེས་གདགས་སོ། །ཞེས་ ཟེར་རོ། །དེ་ནས་ཁྱེའུ་མིའམ་ཅི་འོ་མ་དང། ཞོ་དང། མར་དང་ཞུན་མར་དང། མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་གང་ གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང། ཁོང་རྩིས་དང། ཤོད་དགོད་པ་དང། ལག་རྩིས་དང། དབྱུང་བ་དང། སྤ་བ་དང། དགྲམ་པ་དང། གོས་བརྟག་པ་དང། ནོར་བུ་བརྟག་ པ་དང། རིན་པོ་ཆེ་བརྟག་པ་དང། སྤོས་བརྟག་པ་དང། སྨན་བརྟག་པ་དང། གླང་པོ་ཆེ་བརྟག་པ་དང། རྟ་བརྟག་པ་དང། གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང། ཀློག་མཁས་ པ་དང། མཛངས་པ་དང། བྱ་བ་ལ་གསལ་བ་དང། ཡིད་གཞུངས་པ་དང། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་གྲོང་ཁྱེར་ཆེན་པོ་དྲུག་པོ་ཐམས་ཅད་དུ་དེའི་ [50A]༄༅། །གྲགས་པ་རྒྱས་པར་གྱུར་ཏེ། མཉན་དུ་ཡོད་པ་ན་ཁྱིམ་བདག་ཆེ་གེ་མོའི་བུ་བྱད་གཟུགས་མིའམ་ཅི་དང་འདྲ་བ་ཞིག་སྐྱེས་སོ། །ཞེས་གྲགས་ སོ༑ ༑དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་ཡ་མཚན་དུ་གྱུར་ཏེ། དེ་བལྟ་བའི་ཕྱིར་འོང་ངོ། །དེ་ནས་དེ་བྱད་གཟུགས་ཀྱི་རྒྱགས་པས་དྲེགས་ནས་སུ་ལ་ཡང་མི་ལྡང་སྟེ་ བྱད་གཟུགས་ང་དང་མཚུངས་པ་མེད་དོ་སྙམ་མོ། །དེ་ནས་དེའི་ཕ་མ་གཉིས་ཀྱིས་བསམ་པ། འདིའི་ང་རྒྱལ་བསལ་དགོས་ཏེ། འདི་ལ་བཅོམ་ལྡན་འདས་བསྟན་པར་ བྱའོ་སྙམ་ནས་སྨྲས་པ། བུ། སུ་ཡང་ང་དང་མཚུངས་པ་མེད་དོ་སྙམ་དུ་བྱད་གཟུགས་ཀྱི་རྒྱགས་པས་དྲེགས་པར་མ་བྱེད་ཅིག་བུ་ཁྱོད་ཀྱི་བཅོམ་ལྡན་འདས་མ་ མཐོང་སྟེ། ཁྱོད་ནི། དེའི་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆར་ཡང་མི་ཕོད། འབུམ་གྱི་ཆར་ཡང་མི་ཕོད་དོ། །ཞེས་བྱས་སོ་།དེ་ནས་དེ་ཐོས་མ་ཐག་ཏུ་དེ་ཡ་མཚན་ དུ་གྱུར་ཏོ། །བདག་བས་དགེ་སྦྱོང་གོའུ་ཏ་མ་ཆེས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་ཆེས་མཛེས་པ་བལྟ་སྙམ་ནས་སྐྱེ་བོ་མང་པོས་གཡོག་བྱས་ཏེ་བཅོམ་ལྡན་འདས་ག་ལ་ བ་དེར་སོང་ངོ། །ཁྱེའུ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་ [50B] མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་བ་ལྟ་ བུ༑ བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་དེའི་བྱད་གཟུགས་ཀྱི་རྒྱགས་པས་དྲེགས་པ་དེ་མེད་ པར་གྱུར་ཏོ། །དེ་ནས་དེ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་ དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་ཁྱེའུ་མིའམ་ཅིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་ རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཕ་མ་ལ་གསོལ་ཏེ་བཅོམ་ལྡན་འདས་ ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་ [51A]༄༅། །དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཁྱེའུ་དེའི་བྱད་གཟུགས་ཀྱིས་རྒྱགས་ པ་བསལ་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང། བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་ འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ངས་འདིའི་བྱད་གཟུགས་ཀྱིས་རྒྱགས་པ་གསལ་ནས་ཇི་ལྟར་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ལ་གནས་ པར་བྱས་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་བྲམ་ཟེ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་ དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ཏེ། དེ་ཟླ་བ་དྒུའམ། བཅུ་ལོན་པ་དང། བུ་གཟུགས་བཟང་ ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་འོ་མ་དང། ཞོ་དང། མར་དང། ཞུན་མར་དང། མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ ཚེ་བྱད་གཟུགས་ཀྱི་རྒྱགས་པས་དྲེགས་ནས་སུ་ལ་ཡང་གསོང་པོར་སྨྲ་བ་དང། ཕྱག་འཚལ་བ་དང། ལྡང་བར་མི་བྱེད་དོ། །དེ་ནས་དེའི་ཕ་མ་གཉིས་ཀྱིས་བསམ་པ། འདིའི་ [51B] །དེ་ལྟར་མ་བྱས་ན་འདི་ཞི་བར་མི་འགྱུར་རོ་སྙམ་མོ། །དེའི་ཚེ་ཝཱ་ར་ཎཱ་སིའི་ས་ཕྱོགས་ཞིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ ལྡན་པ༑ རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གནས་ཏེ། དེ་ནས་བྲམ་ཟེ་དེས་དྲང་སྲོང་དེ་ལ་གསོལ་བ་བཏབ་པ། ཁྱེའུ་འདི་བྱད་གཟུགས་ཀྱི་རྒྱགས་པས་དྲེགས་ནས་སུ་ལ་ཡང་ གསོང་པོར་སྨྲ་བ་དང། ཕྱག་འཚལ་བ་དང། ལྡང་བ་ཡང་མི་བགྱིད་ཀྱི། ཁྱོད་ཀྱིས་དེའི་བྱད་གཟུགས་ཀྱིས་རྒྱགས་པ་བསལ་དུ་གསོལ་ཞེས་བྱས་སོ། །དེ་ནས་དྲང་སྲོང་དེས་བྲམ་ ཟེ་དེ་ལ་ཅང་མི་སྨྲ་བས་ཁས་བླངས་སོ། །དེ་ནས་བྲམ་ཟེ་དེ་དྲང་སྲོང་དེའི་ཐད་ནས་སོང་ནས་བུ་ལ་སྨྲས་པ། བུ། ཁྱོད་བྱད་གཟུགས་བདག་དང་མཚུངས་པ་མེད་དོ་སྙམ་དུ་བྱད་ གཟུགས་ཀྱིས་རྒྱགས་པར་མ་བྱེད་ཅིག་དཀའ་ཐུབ་ཀྱི་གནས་ག་གེ་མོ་ཞིག་ན་དྲང་སྲོང་ཞིག་གནས་ཏེ། དེ་ལ་ནི། ཁྱོད་ཀྱི་བྱད་གཟུགས་ཀྱིས་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ ཆར་ཡང་མི་ཕོད། འབུམ་གྱི་ཆར་ཡང་མི་ཕོད་དོ། །ཞེས་བྱས་སོ་།དེ་ནས་དེ་ཡ་མཚན་དུ་གྱུར་ཏོ། །དེ་ཡ་མཚན་དུ་གྱུར་ནས་དྲང་སྲོང་དེ་ག་ལ་འདུག་པ་དེར་སོང་སྟེ། དྲང་སྲོང་ དེས་ཁྱེའུ་དེ་མཐོང་ནས་དེས་ཁྱེའུ་དེ་བས་ཆེས་བྱད་གཟུགས་བཟང་བར་བདག་ཉིད་སྤྲུལ་ཏོ། །དེ་ནས་ཁྱེའུ་དེས་ཐག་རིང་པོ་ཞིག་ནས་དྲང་སྲོང་དེ་ཆེས་གཟུགས་བཟང་བ་དང། ཆེས་བལྟ་ [52A]༄༅། །ན་སྡུག་པ་དང། ཆེས་མཛེས་པ་མཐོང་ངོ། །མཐོང་ནས་ཀྱང་དེའི་བྱད་གཟུགས་ཀྱིས་རྒྱགས་པ་མེད་པར་གྱུར་ཏེ། དྲང་སྲོང་དེ་ལ་ཡང་དགའ་བར་གྱུར་ཏོ།། དགའ་བར་གྱུར་ནས་དྲང་སྲོང་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྐང་པ་ལ་མགོ་པོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ། །དེ་ནས་དེས་དེ་དང་མཐུན་པའི་ ཆོས་བསྟན་ཏེ། དེ་ནས་ཁྱེའུ་དེ་དྲང་སྲོང་དེ་ཉིད་ལས་རབ་ཏུ་བྱུང་ངོ། །དེ་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་ དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་ཁྱེའུ་གྱུར་པ་གང་ཡིན་པ་དེ་ནི། ཁྱེའུ་མིའམ་ ཅི་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་ངས་འདིའི་བྱད་གཟུགས་ཀྱིས་རྒྱགས་པ་བསལ་ནས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ལ་གནས་པར་བྱས་སོ། །ད་ལྟར་ཡང་ངས་ འདིའི་བྱད་གཟུགས་ཀྱི་རྒྱགས་པ་བསལ་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་གོ་།གཞན་ཡང་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རབ་ཏུ་བྱུང་སྟེ། དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པས་ན། དེའི་ཕྱིར་ད་ [52B]། །།མིའམ་ཅི་གཉིས་པ་ནི་གླེང་གཞི་ཡུལ་སེར་སྐྱའི་གནས་ན་བཞུགས་ཏེ། དེར་གང་གི་ཚེ་བཅོམ་ལྡན་འདས་ཡབ་དང་སྲས་མཇལ་བར་མཛད་པ་དེའི་ ཚེ་བཅོམ་ལྡན་འདས་ཀྱིས་ཉི་མ་གཅིག་ནི། རྒྱལ་པོ་ཟས་གཙང་གི་དེར་བཤོས་གསོལ་ཏོ། །ཕྱི་ཉིན་ནི། བཙུན་མོའི་འཁོར་དུ་བཤོས་གསོལ་ཏོ། །དེར་གང་གི་ཚེ་བཅོམ་ལྡན་འདས་ བཙུན་མོའི་འཁོར་དུ་བཤོས་གསོལ་ནས་སླར་གཤེགས་པ་དེའི་ཚེ་གྲགས་འཛིན་མ་ཁང་ཐོག་ཏུ་སོང་ནས་བཅོམ་ལྡན་འདས་ལ་ལྟ་ཞིང་འདུག་གོ། །དེ་ནས་གང་གི་སྐབས་སུ་མི་ མཐོང་བར་གྱུར་པ་དེའི་སྐབས་སུ་ཁང་ཐོག་ནས་མཆོངས་ནས་སངས་རྒྱས་ཀྱི་མཐུས་ས་གཞི་སྟན་ཤིང་བལ་གྱི་ནང་ཚངས་ཅན་འདྲ་བར་བསྒྱུར་ཏེ། ཅི་ནས་དེ་ལ་ཅུང་ཟད་ཀྱང་མི་ གནོད་པར་མཛད་དོ། །དེ་ནས་སྐབས་དེ་རྣམས་དགེ་སློང་རྣམས་ཀྱིས་ཐོས་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། གྲགས་འཛིན་མས་བཅོམ་ལྡན་ འདས་ཀྱི་སླད་དུ་རང་གི་སྲོག་བཏང་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ངའི་ཕྱིར་འདིས་ཇི་ལྟར་རང་གི་སྲོག་བཏང་བདེ་ཉོན་ཅིག་།དགེ་ སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་པས་བྱིན་རྒྱལ་པོ་བྱེད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཚངས་པས་བྱིན་གྱིས་དཔུང་གི་ཚོགས་ཡན་ལག་བཞི་གོ་ [53A]༄༅། །བསྐོན་ནས་རི་དྭགས་བཤོར་དུ་སོང་བ་ལས་དེ་རྟ་ཁ་མ་ཐུབ་ནས་དཔུང་གི་ཚོགས་ཀྱང་ལོགས་ཤིག་ཏུ་ལུས། རྒྱལ་པོ་ཡང་ལོགས་ཤིག་ཏུ་སོང་ སྟེ༑ དེ་དཔུང་དང་བྲལ་ནས་ལུས་ངལ་བ་དང། ལུས་སྡུག་བསྔལ་བ་དང། ལུས་ཞིག་པར་གྱུར་ཏེ་ནགས་ཁྲོད་ཅིག་ཏུ་ཞུགས་ཏེ་འདུག་གོ་།ནགས་ཁྲོད་དེ་ན་མི་འམ་ཅི་ཞིག་ མི་འམ་ཅི་མོ་དང་ལྷན་ཅིག་ཏུ་པི་ཝང་ཐོགས་ཏེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་རྒྱལ་པོ་དེས་དེ་མཐོང་ནས་མཐོང་མ་ཐག་ཏུ་རྒྱལ་པོ་དེ་མི་འམ་ཅི་མོ་དེ་ལ་ ཤིན་ཏུ་ཆགས་པར་གྱུར་ཏོ། །དེ་འདོད་ཆགས་ཀྱི་དབང་དུ་གྱུར་ནས་མི་འམ་ཅི་དེ་དུག་མདས་གནད་དུ་བསྣུན་ཏེ། དེ་ཕྱོགས་དེ་ཉིད་དུ་ཤིའ། །དེ་ནས་རྒྱལ་པོ་དེས་མི་འམ་ཅི་ དེ་བསད་པའི་འོག་ཏུ་མི་འམ་ཅི་མོའི་ཐད་དུ་སོང་སྟེ་སྨྲས་པ་བཟང་མོ་ཚུར་ཤོག་བདག་ཅག་གཉིས་དགའ་མགུར་སྤྱད་པར་བྱའོ་།མིའམ་ཅི་མོས་སྨྲས་པ། ཁྱིམ་བདག་ ཤི་བའི་རོ་མདུན་ན་འདུག་བཞིན་དུ་བདག་ཁྱོད་དང་ཇི་ལྟར་དགའ་མགུར་སྤྱད་པར་བྱ། རེ་ཞིག་འདིའི་རུས་བུ་ལ་མཆོད་པ་བྱས་ནས་དེའི་འོག་ཏུ་ཁྱོད་ཇི་ལྟར་འདོད་པ་བཞིན་ དུ་བྱའོ༑ ༑ཞེས་སྨྲས་ནས་དེས་ཤིང་རྣམས་བསྡུས་ཏེ་སྤུངས་པའི་སྟེང་དུ་མི་འམ་ཅིའི་རུས་བུ་དེ་བཞག་ནས་མེ་བཏང་སྟེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་གང་གི་ཚེ་རུས་བུ་ [53B]མི་འམ་ཅི་མོ་དེ་ཉིད་མེའི་ནང་དུ་མཆོངས་ནས་དེ་དེར་ཤིའོ། །དེ་ནས་རྒྱལ་པོ་དེ་རེ་ཐག་ཆད་ནས་དེའི་ཚེ་ཚིགས་སུ་བཅད་དེ་ སྨྲས་པ༑ བདག་གིས་དོན་གཞན་བསམ་བསམ་ནས། །ལོག་པར་གཞན་དུ་གྱུར་གྱིས་མེད། །མི་འམ་ཅི་མོ་སྤྱད་སྙམ་ནས། །བདག་གིས་སྲོག་ཆགས་གཉིས་བསད་དོ། །དགེ་སློང་ དག་ཇི་སྙམ་དུ་སེམས། དེའི་ཚེ་མི་འམ་ཅིར་གྱུར་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་མི་འམ་ཅི་མོར་གྱུར་པ་གང་ ཡིན་པ་དེ་ནི། གྲགས་འཛིན་མ་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདིས་ངའི་ཕྱིར་བདག་ཉིད་ཡོངས་སུ་བཏང་ལ། ད་ལྟར་ཡང་འདིས་ངའི་ཕྱིར་བདག་ཉིད་ཡོངས་སུ་བཏང་ངོ། ། ལས་བརྒྱ་ཐམ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་བདུན་པ་རྫོགས་སོ།། །།ལས་བརྒྱ་ཐམ་པ་ཁམ་པོ་སུམ་ཅུ་པ། སྡོམ་ནི། གང་པོ་མཆོད་སྦྱིན་ལེ་ལོ་ཅན། །མགོན་མེད་ དང་ནི་ཉམ་ཆུང་བ། །པདྨ་གཉིས་དང་ལྟ་བ་དང། །རིན་ཆེན་ནོར་དང་སྟོབས་འཕྲོག་པ། །གང་པོ་དང་ནི་དོན་གཟིགས་དང། །སྟོབས་བརྩོན་རྩལ་དང་མྱ་ངན་མེད། །མཐུན་མཛད་དང་ ནི་པདྨ་ཡི། །བླ་མ་གཉིས་དང་ལེགས་མཐོང་དང། །རིན་ཆེན་གཙུག་ཏོར་ཆུ་རླབས་དང། །རྣམ་པར་རྒྱལ་བ་ཐ་མའོ། །ཞེས་བྱ་བ་ནི་སྔོམ་གྱི་ཚིགས་སུ་བཅད་པའོ། །གང་པོ་ཞེས་ [54A]༄༅། །བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་ལྷོ་ཕྱོགས་ཀྱི་རིའི་ལྗོངས་ན་རི་བྲགས་ཀྱི་གྲོང་ཞིག་ན་བྲམ་ཟེ་ཆེ་ཞིང་མ་ཐོ་བ་ཕྱུག་ཅིང་ ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ། བྱམས་པའི་རང་ བཞིན་ཅན། སྙིང་རྗེ་དང་ལྡན་པ། སེམས་ཅན་ལ་གཉེས་གཤིན་པ་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་གང་པོ་ཞེས་བྱ་བ་ཞིག་གནས་ཏེ། དེ་ནི། ཁྱིམ་ན་གནས་ པ་དང། རབ་ཏུ་བྱུང་བ་རྣམས་དང། སློང་བ་རྣམས་ལ་གཏོང་ཞིང་སྡུད་པར་བྱེད་དོ། །དུས་དུས་སུ་མཆོད་སྦྱིན་གྱི་གནས་བཅས་ནས་མཆོད་སྦྱིན་ཡང་བྱེད་དོ། །དེ་ནས་ མཆོད་སྦྱིན་གྱི་དུས་ཤིག་ལ་བབ་པའི་ཚེ་བསྟན་བཅོས་ཐམས་ཅད་ཀྱི་གཞུང་རྣམས་ལ་རྟོག་ཅིང་གང་དང་གང་གི་ལྟ་བ་ཅི་འདྲ་བ་ཞིག་སྙམ་སྟེ། དེས་གཞུང་དེ་དག་ཡིད་ ལ་བཞག་ནས་སེམས་པ་དང། འཇལ་བ་དང། ཡོངས་སུ་རྟོགས་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་དེས་མཆོད་སྦྱིན་བྱ་བར་བརྩམས་ནས་མཆོད་སྦྱིན་བྱེད་པ་ དེར་སྟོན་པ་ཐམས་ཅད་འདུས་པར་གྱུར་ཏོ། །བྲམ་ཟེ་དེས་ཀྱང་སྟོན་པ་ཐམས་ཅད་ཀྱི་གཞུང་ཡིད་ལ་བཞག་ནས་སེམས་པ་ལ་ཞུགས་པ་ལས་ལྟ་བའི་རྣམ་པ་དེ་དག་ [54B] །དེ་ནས་ཕྱི་ཞིག་ན་རྒྱལ་པོའི་ཁབ་ན་གནས་པའི་དགེ་བསྙེན་རྣམས་ཀྱིས་བྲམ་ཟེ་དེའི་མདུན་དུ་སངས་རྒྱས་ཀྱི་བསྔགས་པ་བརྗོད་དོ། །དེ་ནས་དེ་ཐོས་ མ་ཐག་ཏུ་བྲམ་ཟེ་དེ་བཅོམ་ལྡན་འདས་ལ་བལྟ་འདོད་པར་གྱུར་ཏོ་།དེ་ནས་ཕྱི་ཞིག་ན་དེའི་བློ་སྐྱེས་པ། དགེ་སྦྱོང་དང་བྲམ་ཟེ་སྟོང་ཕྲག་དུ་མ་བདག་གི་མཆོད་སྦྱིན་ལ་འོངས་ནས་ལོངས་ སྤྱོད་པར་བྱེད་ལ། བཅོམ་ལྡན་འདས་གོའུ་ཏ་མ་དེ་ནི། མི་འོང་ན་ཀྱེ་མ་དེ་ཡང་བདག་གི་མཆོད་སྦྱིན་ལ་འོངས་ཏེ་ལོངས་སྤྱོད་པར་བྱེད་ཀྱང་ཅི་མ་རུང་སྙམ་མོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་བྲམ་ཟེ་དེའི་སེམས་ཐུགས་ཀྱིས་མཁྱེན་ནས་དགོངས་པ་བྲམ་ཟེ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སེམས་བསྐྱེད་ པར་འགྱུར་ལ། དེ་ཁོ་ན་ལ་བརྟེན་ཏེ་བདག་གིས་སྐྱེ་བོ་མང་པོ་ལ་ཕན་གདགས་སོ་སྙམ་དུ་དགོངས་ནས་དགེ་སློང་མང་པོས་ཞམ་རིང་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་མདུན་ དུ་བདར་ནས་བྲམ་ཟེ་དེ་ལ་ཐུགས་བརྩེ་བའི་ཕྱིར་རི་བྲགས་ཀྱི་གྲོང་ཁྱེར་དེར་གཤེགས་སོ། །བཅོམ་ལྡན་འདས་དེར་བཤེགས་ནས་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་ ཅི་ནས་མཆོད་སྦྱིན་གྱི་གནས་དེར་མཆོད་སྦྱིན་གྱི་བདག་པོ་དང་སྐྱེ་བོ་མང་པོ་གཞན་རྣམས་ཀྱིས་བདག་གཅིག་པུ་མཐོང་ལ། དགེ་སློང་གི་དགེ་འདུན་རྣམས་སུས་ཀྱང་མི་མཐོང་བ་ [55A]༄༅། །དེ་ལྟ་བུར་བྱིན་གྱིས་བརླབ་བོ་སྙམ་དུ་དགོངས་ཏེ། དེ་ལྟར་བྱིན་གྱིས་བརླབས་ནས་མཆོད་སྦྱིན་གྱི་གནས་སུ་གཤེགས་སོ། །དེ་ནས་བྲམ་ཟེ་དེས་ཐག་ རིང་པོ་ཞིག་ནས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཤེགས་པ་ལེགས་སོ། །བཅོམ་ལྡན་ འདས་ཚུར་གཤེགས། བཅོམ་ལྡན་འདས་ཀྱིས་བདག་གི་མཆོད་སྦྱིན་གྱི་གནས་སུ་མཆོད་པ་རྣམས་ལོངས་སྤྱོད་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། གང་པོ། ཁྱོད་ཀྱིས་ངའི་ལྷུང་བཟེད་འདི་བཟའ་བ་དང་བཅའ་བདག་གིས་མ་བཀང་གི་བར་དུ་ལོངས་སྤྱོད་པར་མི་བྱའོ། །བྲམ་ཟེ་དེས་སྨྲས་པ། བཅོམ་ལྡན་ འདས་གོའུ་ཏ་མ་ཇི་ལྟར་དགོངས་པ་དེ་བཞིན་དུ་བགྱིའོ། །ཞེས་གསོལ་ནས་བྲམ་ཟེ་དེས་མཆོད་སྦྱིན་བྱེད་པ་དེར་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོ་བཤམས་ པ་དེ་དག་བླངས་ནས་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་དགང་བར་བྱས་ནས་དགང་མ་ནུས་ནས་དེས་ང་རྒྱལ་བསྐྱེད་དེ། བདག་གིས་ལྷུང་བཟེད་འདི་མ་གང་དུ་མི་གཏང་ངོ་སྙམ་ ནས་གཡོག་འཁོར་དང་བཅས་པས་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་བཟའ་བ་དང་བཅའ་བས་དགང་བ་ལ་བརྩོན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། ད་ [55B] ཁ་ཟས་འདིས་དགེ་སློང་སྟོང་གི་ཟན་ཆོག་གོ་སྙམ་དུ་དགོངས་ནས་ལྷུང་བཟེད་དེ་གང་བར་བསྟན་ཏོ། །དེ་ནས་བྲམ་ཟེ་དེས་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་གང་བར་མཐོང་ནས་དགའ་ བར་གྱུར་ཏེ་གསོལ་པ། བཅོམ་ལྡན་འདས་ཀྱི་ལྷུང་བཟེད་བལྟམས་ལགས་ཀྱི། བཅོམ་ལྡན་འདས་གོའུ་ཏ་མས་ཅི་བདེར་གསོལ་ཅིག་ཅེས་བྱས་སོ། །དེ་ནས་བྲམ་ཟེ་དེ་ལ་ཐུགས་ བརྩེ་བའི་ཕྱིར་མཆོད་སྦྱིན་གྱི་གནས་དེ་ཉིད་དུ་དགེ་སློང་སྟོང་གི་སྟན་སྤྲུལ་ཏེ་ཆུར་རྣམས་བཀང་ནས་བཅོམ་ལྡན་འདས་གྲལ་གྱི་གཙོ་ལ་བཞུགས་སོ། །དགེ་སློང་གཞན་རྣམས་ཀྱང་ རྒན་རིམས་བཞིན་བཀོད་དོ། །དེ་ནས་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་ནས་འབྲིམ་མཁན་རྣམས་ཀྱིས་བྲིམས་སོ། །དེ་ནས་བྲམ་ཟེ་དེས་ཀྱང་དེ་དག་ཐམས་ཅད་མཐོང་ ནས་མཐོང་མ་ཐག་ཏུ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏེ་དགེ་སྦྱོང་གོའུ་ཏ་མ་འདི་ནི། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ནོ་སྙམ་སྟེ། དགའ་བར་གྱུར་ནས་བཅོམ་ལྡན་ འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་གསོལ་པ། ཟླ་བ་གསུམ་གྱི་བར་དུ་བཅོམ་ལྡན་འདས་གོའུ་ཏ་མ་དགེ་སློང་གི་དགེ་འདུན་དང་བཅས་པའི་ན་བཟའ་དང། ཞལ་ཟས་དང་ གཟིམས་ཆ་དང། གདན་དང། སྙུན་གསོས་དང། སྨན་ཟོང་རྣམས་སྦྱར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ [56A]༄༅། །ཀྱིས་བྲམ་ཟེ་དེ་ལ་ཅད་མི་གསུང་བས་གནང་ངོ། །དེ་ནས་བྲམ་ཟེ་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་རྒྱལ་བུ་ རྒྱལ་བྱེད་ཀྱི་ཚལ་དུ་ཡོ་བྱད་ཐམས་ཅད་སྦྱར་ཏེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བསྐུར་བྱས་ནས་ ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ནས་བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ། ། དགེ་སློང་གཞན་དག་ལ་ཡང་རེ་རེ་ལ་རས་ཟུང་རེ་ཕུལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ་ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་ འཇིག་རྟེན་ལོང་བ། འདྲེན་པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་ གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་ སོ༑ ༑དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་ལ་བཀའ་སྩལ་པ། བྲམ་ཟེ། ལེགས་སོ་ལེགས་སོ། བྲམ་ཟེ། ཁྱོད་མ་འོངས་པའི་དུས་ན་འཇིག་རྟེན་ལོང་བ། འདྲེན་པ་ [56B] སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་ པ༑ སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གང་པོ་ཞེས་བྱ་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ནས་མཆོད་སྦྱིན་གྱི་གནས་དེ་ཉིད་དུ་མི་སྣང་བར་གྱུར་ཏེ། འོད་མའི་ཚལ་དུ་ཞུགས་ པར་གྱུར་ཏོ།། །།མཆོད་སྦྱིན་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཞིག་གནས་ཏེ། དེས་ཐབས་ཟླར་བབ་པ་ལས་ཆུང་མ་ བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ཏེ། དེ་ཟླ་བ་དྒུའམ། བཅུ་ལོན་པ་དང། ཁྱེའུ་གཟུགས་ བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་མཐུན་པའི་མིང་བཏགས་ཏེ་འོ་མ་དང། ཞོ་དང། མར་དང། ཞུན་མར་ དང། མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ནས་གང་གི་ཚེ་དེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང། བྲམ་ཟེའི་སྤྱོད་ལམ་དང། སྤྱོད་པ་དང། ཨོཾ་ཞེས་བྱ་བ་དང། བཧོ་ཞེས་བྱ་བ་དང་ [57A]༄༅། །གཙང་སྤྲ་དང། ཆོ་ག་དང། ཐལ་བ་བླང་བ་དང་རིལ་བ་ཐོགས་པ་དང། ངེས་བརྗོད་ཀྱི་རིག་བྱེད་དང། མཆོད་སྦྱིན་གྱི་རིག་བྱེད་དང། སྙན་ ཚིག་གི་རིག་བྱེད་དང། སྲིད་སྲུང་གི་རིག་བྱེད་དང། མཆོད་སྦྱིན་བྱ་བ་དང། མཆོད་སྦྱིན་བྱེད་དུ་གཞུག་པ་དང། སྦྱིན་པ་དང་བླང་བ་དང། ཁ་ཏོན་བྱ་བ་དང། ཁ་ཏོན་སློབ་ ཏུ་གཞུག་པའི་ཐབས་བསླབས་ནས་ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་གནས་བཅོ་བརྒྱད་ལ་བྱང་བར་གྱུར་ཏོ། །དེས་བསྟན་བཅོས་ ཐམས་ཅད་ཁོང་དུ་ཆུད་ནས་གཞུང་གི་རྩོད་པ་ཐམས་ཅད་ཚར་བཅད་དོ། །དེ་ནས་ཕྱི་ཞིག་ན་དེའི་ཕ་མ་གཉིས་ཤི་ནས་དེས་བསམ་པ། བྱད་གཟུགས་དང་ཐོས་པ་བདག་དང་ མཚུངས་པ་ཡང་མེད་ན་ལྷག་པ་ལྟ་ག་ལ་ཡོད་སྙམ་མོ། །དེའི་ཕ་ཡང་སྔོན་དུས་དུས་སུ་མཆོད་སྦྱིན་བྱེད་དེ། བྲམ་ཟེ་དེ་རྣམས་ཀྱིས་དེ་ལ་སྨྲས་པ། ཁྱེའུ། ཁྱོད་ཀྱི་ཕ་ཡང་ དུས་དུས་སུ་མཆོད་སྦྱིན་བྱེད་ཀྱི། ཁྱོད་ཀྱིས་ཀྱང་ཕའི་ལུགས་དང་མཐུན་པར་གྱིས་ཤིག་ཁྱེའུ་དེ་ན་རེ། བྱད་གཟུགས་དང་ཐོས་པ་བདག་དང་མཚུངས་པ་མེད་ན། ཅིའི་ཕྱིར་ བདག་གིས་འདི་དག་ལ་སྦྱིན་པ་སྦྱིན་ཞེས་ཟེར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ཟེ་དེ་དག་དེ་ལ་མི་དགའ་བར་གྱུར་ཏེ། དེ་དག་གིས་ཕྱིན་ཆད་དེ་དང་མི་འདྲུལ་བར་ནང་ [57B] །དེ་ཡང་དེ་དག་ལ་མི་དགའ་བར་གྱུར་ཏེ། བདག་ལ་ཡོན་གནས་འདི་ལྟ་བུ་དག་ཅི་དགོས་སྙམ་མོ། །དེ་ནས་ཕྱི་ཞིག་ན་བཅོམ་ལྡན་འདས་ཀྱིས་དགོངས་པ་ལ་ བྲམ་ཟེའི་ཁྱེའུ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སེམས་བསྐྱེད་པར་འགྱུར་རོ། །སྙམ་དུ་དགོངས་ནས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་ བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ་བྲམ་ཟེའི་ཁྱེའུ་དེའི་ཁྱིམ་དུ་ས་བརྟོལ་ཏེ་གྱེན་དུ་འཕགས་ནས་བཅོམ་ལྡན་འདས་ཀྱིས་འོད་བཏང་སྟེ། དེས་ཁྱིམ་དེ་ཐོག་ཐག་ཏུ་གསེར་ཞུན་མའི་ཁ་ དོག་ལྟ་བུར་སྣང་བར་བྱས་སོ། །དེ་ནས་དེ་མཐོང་མ་ཐག་ཏུ་བྲམ་ཟེའི་ཁྱེའུ་དེ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་བཅོམ་ལྡན་འདས་ཀྱི་གདན་ བཤམས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སུ་གསོལ། དེ་ནས་བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སོ། །བཞུགས་ ནས་ཀྱང་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་དེ་ལ་སྦྱིན་པ་དང་ལྡན་པའི་ཆོས་དེ་ལྟ་བུ་བསྟན་ཏེ། དེ་ནས་བྲམ་ཟེའི་ཁྱེའུ་དེ་སྦྱིན་པ་བཏང་བའི་འདོད་པ་སྐྱེས་ནས་དེ་སྦྱིན་པ་ བྱེད་འདོད་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བགྱིད་པར་རྔོ་ལྠོགྶ་པར་འགྱུར་བ་དེ་ལྟ་བུ་བདག་ [58A]༄༅། །ལ་མི་བདོག་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་གཏེར་བསྟན་ཏེ། དེ་མཐོང་མ་ཐག་ཏུ་ཁྱེའུ་དེ་བཅོམ་ལྡན་འདས་ལ་ལྷག་པར་ཡང་ དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་ཞབས་ལ་ཕྱག་འཚལ་ཏེ་གསོལ་པ། ཟླ་བ་གསུམ་གྱི་བར་དུ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པའི་ན་བཟའ་ དང། ཞལ་ཟས་དང། གཟིམས་ཆ་དང། གདན་དང། སྙུན་གསོས་དང་སྨན་ཟོང་སྦྱར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ་ དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་དེ་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ ནས་མཉན་དུ་ཡོད་པ་དང། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་བར་དུ་མཆོད་སྦྱིན་གྱི་གནས་བཅས་ནས་དྲིལ་བསྒྲགས་ཏེ། བདག་ཡ་མཚན་ཅན་ཐམས་ཅད་ལ་མཆོད་སྦྱིན་ བགྱིད་ཀྱི། སུ་མཆོད་སྟོན་དང་ཡོན་འདོད་པ་དེ་དག་བདག་གི་མཆོད་སྦྱིན་གྱི་གནས་སུ་ཤོག་ལ་ལོངས་སྤྱད་པར་གྱིས་ཤིག་དེ་ནས་བྲམ་ཟེ་རྣམས་ན་རེ། བྲམ་ཟེ་ལ་སྡང་བ་ལ་ བདག་ཅག་ལོངས་སྤྱོད་པར་མི་བྱེད་ཅེས་ཟེར་རོ། །དེ་ནས་བྲམ་ཟེའི་ཁྱེའུ་སྨྲས་པ། གལ་ཏེ་ལོངས་སྤྱོད་པར་མི་བྱེད་ན། བདག་གིས་ཁྱེད་ཀྱི་ཕྱིར་ཡོན་དཔག་པ་གང་ཡིན་ [58B]དང་བཅས་པ་ལ་ཕུལ་ལ། དེ་ཁོ་ནའི་བསྟན་པ་ལ་ཚངས་པར་སྤྱོད་པ་སྤྱད་པར་བྱའོ། །དེ་ནས་བྲམ་ཟེ་རྣམས་ཀྱིས་ བསམ་པ། བྲམ་ཟེའི་ཁྱེའུ་འདི་ནི། ཇི་སྐད་སྨྲས་པ་བཞིན་དུ་བྱེད་པ་ཡིན་པས་ན། དེས་དེ་ཁོ་ན་ལྟར་བྱེད་སྲིད་དེ། དེ་ལྟ་ན་བདག་ཅག་ཡོན་གྱིས་ཕམ་པར་འགྱུར་རོ། །སྙམ་ ནས་དེ་དག་གིས་དེའི་ནང་ཁྲིམས་བཤིག་ནས་མཆོད་སྦྱིན་གྱི་གནས་སུ་སོང་སྟེ་ལོངས་སྤྱོད་དོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་ཟླ་བ་གསུམ་གྱི་བར་དུ་ཡ་མཚན་ཅན་རྣམས་ཀྱི་བཟའ་ བ་དང་བཅའ་བ་གཙང་མ་བཟང་པོ་སྦྱར་ནས་ཐམས་ཅད་ལ་ཡོན་མང་པོ་ཕུལ་ཏེ་ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ཞལ་ཟས་རོ་བརྒྱ་དང་ ལྡན་པས་ཚིམ་པར་བྱས་ནས་བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ། །དགེ་སློང་གཞན་རྣམས་ལ་ཡང་རེ་རེ་ལ་རས་ཟུང་རེ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ ཀྱི་སྐུ་གསེར་གྱི་མདོག་ལྟ་བུའི་མཚན་གྱིས་བརྒྱན་པ་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་ འཇིག་རྟེན་ལོང་བ། འདྲེན་པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་ [59A]༄༅། །གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་ འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་དེ་ལ་བཀའ་སྩལ་པ། བྲམ་ཟེའི་ཁྱེའུ། ཁྱོད་ལེགས་སོ་ལེགས་སོ། །བྲམ་ཟེའི་ ཁྱེའུ༑ ཁྱོད་མ་འོངས་པའི་དུས་ན་འཇིག་རྟེན་ལོང་བ། འདྲེན་པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་ རྒྱས་བཅོམ་ལྡན་འདས་དོན་གཟིགས་ཞེས་བྱ་བར་འགྱུར་རོ། །ཞེས་གསུངས་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་སོ།། །།ལེ་ལོ་ཅན་ཞེས་བྱ་བ་ནི། གླེང་ གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་ [59B] ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ། བཅུ་ལོན་པ་དང། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ་ དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་མཐུན་པའི་མིང་བཏགས་ཏེ་འོ་མ་དང། ཞོ་དང། མར་དང། ཞུན་མར་དང། མར་གྱི་སྙིང་ཁུས་སྐྱེད་བསྲིངས་ནས་མཚོའི་ ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །ཁྱེའུ་དེ་ལེ་ལོ་ཅན། མཆོག་ཏུ་ལེ་ལོ་ཆེ་བ་ཞིག་སྟེ། ཁྲི་ལ་ཉལ་ཞིང་ཁྲི་ལས་ལྡང་དུ་མི་བཏུབ་ནས་ཕ་མ་གཉིས་ཀྱིས་དེ་ ལ་དྲིས་པ། བུ། ཁྱོད་ལ་ལུས་ཀྱི་ནད་དམ། སེམས་ཀྱི་གདུང་བ་འགའ་ལྟ་ཡོད་དམ་ཞེས་བྱས་ནས་དེ་ལེ་ལོའི་དབང་གིས་དེ་དག་ལ་ཅུང་ཟད་ཀྱང་སྨྲར་མི་བཏུབ་ནས་ཕ་ མ་གཉིས་ཀྱིས་དེ་སྨན་པ་ལ་བསྟན་ན། སྨན་པ་ན་རེ། འདི་ལ་ལུས་ཀྱི་ནད་ཀྱང་ཅི་ཡང་མེད་ལ། སེམས་ཀྱི་གདུང་བ་ཡང་ཅི་ཡང་མེད་ཀྱི། ལེ་ལོ་ཁོ་ནས་ཁྲི་ལས་ལྡང་དུ་ མི་བཏུབ་པར་ཟད་དོ། །ཞེས་ཟེར་རོ། །དེ་ནས་དེ་ལ་ཕ་མ་གཉིས་ཀྱིས་ལན་མང་དུ་བསྒོ་སྟེ། དེ་ལྟར་མ་བྱེད་ཅིག་ཁྱོད་འདི་ལྟར་འདུག་པས་བདེ་བ་ཐོབ་པར་མི་ནུས་སོ། ། མི་རྣམས་ཉེ་བར་འཚོ་བ་ནི། སྒྲུབ་ཕོད་པའི་འབྲས་བུ་ཡིན་ནོ་།ཞེས་ལན་མང་དུ་བརྟུན་ཀྱང་དེ་བསླང་མ་ནུས་སོ། །དེ་ནས་ཕྱི་ཞིག་ན་ཕ་མ་གཉིས་ཀྱི་སེམས་སྐྱེས་པ་ [60A]༄༅། །ཡོན་གནས་དག་སྤྱན་དྲངས་ལ་བཤོས་གསོལ་ན། དེ་དག་མཐོང་ན་ཞེ་ས་བསྐྱེད་དེ་ལྡང་ཡང་སྲིད་དོ་སྙམ་ནས་དེ་དག་གིས་སྟོན་པ་དྲུག་ གཡར་དྲངས་ཏེ་ཟན་བྱིན་ནས་ཁྱེའུ་དེས་དེ་དག་མཐོང་ཡང་མ་ལངས་སོ། །དེས་ན་ཁྱིམ་བདག་གིས་བསམ་པ། དགེ་སྦྱོང་གོའུ་ཏ་མ་ནི། བསོད་ནམས་ཅན་ཆེ་བར་གྲགས་པ་ ཚིག་བཙན་པ་ཡིན་པས་ན། ཁྱེའུ་འདིས་དེ་མཐོང་ན་ཞེ་ས་བསྐྱེད་དེ་ལྡང་བར་འགྱུར་ཡང་སྲིད་དོ་སྙམ་ནས་དེས་ཕྱི་ཉིན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ ཁྱིམ་དུ་སྤྱན་དྲངས་ཏེ། དེ་ཉིད་ཀྱི་ནུབ་མོ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་སྦྱར་ནས་ནང་པར་སྔར་ལངས་ཏེ་གདན་བཤམས་ནས་ཆུ་ར་བཀང་སྟེ་བཞག་ནས་ བཅོམ་ལྡན་འདས་ལ་འཕྲིན་གྱིས་གདུགས་ཚོང་བསྐུལ་བ། བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་ པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཆོས་གོས་དང་ཤམ་ཐབས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་མང་པོས་ ཞམ་རིང་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཁྱིམ་བདག་དེའི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་ [60B] །དེ་ནས་ཁྱེའུ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་མཛེས་ཤིང་ཡིད་དུ་འཐད་ལ་དབང་པོ་ཞི་བ། ཐུགས་མཆོག་ཏུ་དུལ་བ་དང་རྣམ་པར་ཞི་བ་ དང་ལྡན་པ། གསེར་གྱི་མཆོད་སྡོང་ལྟར་དཔལ་འབར་བར་མཐོང་ངོ་།མཐོང་ནས་ཀྱང་དེ་གུས་པར་བསྒྲིམས་པའི་ཤུགས་ཀྱིས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕ་མ་གཉིས་དང་ལྷན་ཅིག་ཏུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བད་བར་བཞུགས་ པར་རིག་ནས་རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་སོ། །དེ་ནས་བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ་ གསང་སྡེར་ནི། གྱུ། ཕྱག་ནི། བཅབས་པར་རིག་ནས་སྟན་ཆས་དམའ་བ་དག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་ཁྱེའུ་དེ་ལ་བརྩོན་འགྲུས་ཀྱི་བསྔགས་པ་བརྗོད་དེ། བུ་བརྩོན་འགྲུས་ཀྱིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་བཀའ་ སྩལ་ཏོ༑ ༑དེ་ནས་ཁྱེའུ་དེས་བསམ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་འདི་ནི། བཟང་སྟེ། བདག་གི་བརྩོན་འགྲུས་ཞན་པས་བླ་མའི་ཁྱད་པར་ཐོབ་པར་མི་ནུས་ཀྱི་ [61A]༄༅། །མ་ལ་བདག་གིས་རྒྱ་མཚོའི་ནང་དུ་འགྲོ་བ་བསྒྲུབས་ལ་སངས་རྒྱས་དང། ཆོས་དང། དགེ་འདུན་ལ་བཀུར་བསྟི་བྱའོ་སྙམ་ནས་རྒྱ་མཚོའི་ནང་དུ་འགྲོ་ བའི་ཟོད་ཁྱེར་ཏེ་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་ནས་དེས་རིན་པོ་ཆེའི་གླིང་དུ་འགྲོ་བའི་དོན་དུ་བསྒྲུབས་ཏེ་རྒྱ་མཚོའི་གྲུ་པོ་ཆེའི་དོན་གྲུབ་ནས་མཉན་དུ་ཡོད་པར་འོངས་ཏེ། དེས་སངས་ རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་དུ་སྤྱན་དྲངས་ནས་ཡོ་བྱད་ཐམས་ཅད་སྦྱར་ཏེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཟླ་བ་གསུམ་གྱི་བར་ དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས་ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ནས་བཅོམ་ལྡན་ འདས་ལན་བཟའ་འབུམ་རི་བ་ཕུལ་ལོ། །དགེ་སློང་གཞན་དག་ལ་ཡང་རེ་རེ་ལ་རས་ཟུང་རེ་ཕུལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་ བཏབ་སྟེ། དགེ་བའི་རྩ་བ་འདིས་ན་བདག་འཇིག་རྟེན་ལོང་བ། འདྲེན་པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་ པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་ [61B] །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་ལ་བཀའ་སྩལ་པ། ཁྱེའུ། ལེགས་སོ། །ལེགས་སོ་།ཁྱེའུ། ཁྱོད་མ་འོངས་པའི་དུས་ ན་འཇིག་རྟེན་ལོང་པ། འདྲེན་པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་ བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྟོབས་དང་ བརྩོན་འགྲུས་ཀྱི་རྩལ་དང་ལྡན་པ་ཞེས་བྱ་བར་འགྱུར་རོ། །ཞེས་གསུངས་སོ།། །།མགོན་མེད་ཟས་སྦྱིན་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ་དེའི་ཚེ་མཉན་དུ་ ཡོད་པ་ན་བྲམ་ཟེ་དབུལ་པོ་འཚོ་བས་ཕོངས་པ་ཞིག་གནས་ཏེ། དེ་ཡང་གསོ་བ་མང་ཞིང་གཡོག་འཁོར་མང་བ་ཞིག་སྟེ། དེས་བསམ་པ་བདག་གིས་ཕྱུག་པོ་གང་ཞིག་ལ་བརྟེན་ ཏེ་འཚོ་བ་བཙལ་བར་བྱ་སྙམ་མོ། །དེ་ནས་དེས་བསམ་པ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི། སྙིང་རྗེ་ཅན། སྦྱིན་པ་ལ་སྲེད་པ་ཡིན་ཏེ། དེས་ནི། བདག་ལ་དགོས་པ་ཐམས་ ཅད་ཀྱིས་སྡུད་པར་ནུས་སོ་སྙམ་མོ། །དེ་ནས་དེའི་གྲིབ་མ་དང་མ་འབྲལ་བ་བཞིན་དུ་དེའི་ཕྱི་བཞིན་འབྲང་ངོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འཕྲིགས་ནས་དྲིས་པ་ [62A]༄༅། །བྲམ་ཟེ༑ ཁྱོད་ང་ལ་རག་ལས་པ་ཅི་ཡོད༑ བྲམ་ཟེས་སྨྲས་པ། ཁྱིམ་བདག་རག་ཅི་ཡང་ལས་ཏེ། ཁྱོད་ལ་བརྟེན་ནས་འཚོ་བ་བཙལ་ བར་འདོད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེའི་འཚོག་ཆས་ཐམས་ཅད་སྦྱོར་བ་ལ་ཞུགས་སོ། །དེ་ནས་ཕྱི་ཞིག་ན་དེ་ཡིས་ཁྱིམ་བདག་ མགོན་མེད་ཟས་སྦྱིན་དང་ལྷན་ཅིག་ཏུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ལུགས་ཀྱིས་ན་ཉིན་གཅིག་བཞིན་དུ་གཡོག་འཁོར་ ལྔ་བརྒྱ་དང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་འགྲོ་ཞིང་ཕྱག་དར་བྱེད་དོ། །དེ་ནས་ཕྱི་ཞིག་ན་དེའི་བྱ་བ་ཞིག་བྱུང་ནས་དེས་བྲམ་ཟེ་དེ་མངགས་ཏེ། དེང་ཁྱོད་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ ཚལ་དུ་ཕྱག་དར་གྱིས་ཤིག་ཅེས་བྱས་ནས་ཁྱིམ་བདག་དེ་སོང་ངོ་།བྲམ་ཟེ་དེ་ཡང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་བྱི་དོར་བྱེད་པ་ལ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ དགོངས་པ། བྲམ་ཟེ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སེམས་བསྐྱེད་པར་འགྱུར་རོ་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ ཅི་ནས་ཅུང་ཟད་ཙམ་ཞིག་བྱི་དོར་བྱས་པ་དེ་ཙམ་ཡང་མི་མངོན་པ་དེ་ལྟར་བྱིན་གྱིས་བརླབས་ནས་དེ་དེས་གཡེངས་ཏེ་ཉི་མ་རངས་པར་ཐལ་བར་གྱུར་ཏེ། དེ་ནས་དེས་བསམ་པ། ད་ནི་ [62B]རྒྱལ་བྱེད་ཀྱི་ཚལ་དེ་ཉིད་དུ་དགོང་མལ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ བཀའ་སྩལ་པ། ཀུན་དགའ་པོ། སོང་ལ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་ནང་དུ་བྲམ་ཟེ་དེའི་མལ་ཆོས་ཏེ་ཁྱོད་ཀྱང་དེའི་འདབས་སུ་འདུག་ལ། དེས་ཁྱོད་ལ་ཅི་དྲིས་པ་དེའི་ལན་ཁྱོད་ ཀྱིས་ཐོབ་ཅིག་གཞན་ཡང་དགེ་སློང་རྣམས་ལ་བསྒོ་བ། དགེ་སློང་དག་གིས་དགེ་བ་བཅབ་པ་དང། སྡིག་པ་བཤགས་པའི་ཚུལ་གྱིས་གནས་པར་གྱིས་ཤིག་ཅེས་ངས་ བསྟན་མོད་ཀྱི། འོན་ཀྱང་བྲམ་ཟེ་འདི་ལ་སྙིང་བརྩེ་བའི་ཕྱིར་སུས་རྫུ་འཕྲུལ་ཇི་ལྟ་བུ་ཐོབ་ཀྱང་རུང་སྟེ་དེས་རྫུ་འཕྲུལ་དེ་ལྟ་བུ་སྟོན་ཅིག་ཅེས་གྱིས་ཤིག་ཚེ་དང་ལྡན་པ་ཀུན་དགའ་ བོས་གསོལ་པ། བཙུན་པ། དེ་ལྟར་འཚལ་ལོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་ལ་བསྒོ་བ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་འདིའི་ནང་ན་བྲམ་ཟེ་འདུག་པ་ དེའི་མལ་ཆོས་ལ་དེའི་འདབས་སུ་འཁོར་ཅིག་ཅེས་བསྒོའོ། །དེ་ནས་དེ་དོན་འདུག་པ་ལ་དགེ་སློང་རྣམས་རྫུ་འཕྲུལ་གྱི་ཆོ་འཕྲུལ་གཞན་དང། གཞན་དག་སྟོན་པ་ལ་ཞུགས་སོ། ། དེ་ནས་བྲམ་ཟེ་དེས་མཐོང་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དྲིས་པ། བཙུན་པ་ཀུན་དགའ་བོ། འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་མཐུ་ཆེ་བ་འདི་དག་སུ་དག་ཅིག་ཚེ་དང་ [63A]༄༅། །ལྡན་པ་ཀུན་དགའ་བོས་སྨྲས་པ། བཅོམ་ལྡན་འདས་ཀྱི་ཉམ་ཐོས་རྣམས་ཡིན་ནོ། །དེ་ནས་བྲམ་ཟེ་དེས་བསམ་པ། སློབ་པ་རྣམས་ཀྱང་འདི་ཁོ་ ན་ལྟར་ཕུན་སུམ་ཚོགས་པ་དང་ལྡན་ན། དགེ་སྦྱོང་གང་ཏ་མ་ལྟ་ཅི་སྨོས་ཏེ། དེ་ཅི་འདྲ་བ་ཞིག་གུ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་སེམས་བསྐྱེད་ དེ༑ ཀྱེ་མ་སྲོད་ལ་ནི། རྒྱལ་པོ་ཆེན་པོ་བཞི་ང་ལ་བལྟ་བའི་ཕྱིར་འོངས་ན་ལེགས་སོ། །ནམ་ཕྱེད་ན་ནི། ལྷའི་དབང་པོ་བརྒྱ་བྱིན་ང་ལ་བལྟ་བའི་ཕྱིར་འོངས་ན་ལེགས་སོ། ། ཐོ་རངས་ན་ནི། མི་མཇེད་ཀྱི་བདག་པོ་ཚངས་པ་ང་ལ་བལྟ་བའི་ཕྱིར་འོངས་ན་ལེགས་སོ་སྙམ་དུ་དགོངས་སོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཐུགས་བསྐྱེད་པའི་འཕྲལ་ འཕྲལ་དུ་རྒྱལ་པོ་བཞི་དང། ལྷའི་དབང་པོ་བརྒྱ་བྱིན་དང། མི་མཇེད་ཀྱི་བདག་པོ་ཚངས་པ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འོངས་སོ། །དེ་ནས་བྲམ་ཟེ་དེས་མཐོང་ ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དྲིས་པ། བཙུན་པ་ཀུན་དགའ་བོ། འདི་འདྲ་བ་འདི་དག་སུ་དག་ཅིག་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། འདི་དག་ནི། རྒྱལ་ པོ་ཆེན་པོ་བཞི་དང། ལྷའི་དབང་པོ་བརྒྱ་བྱིན་དང། མི་མཇེད་ཀྱི་བདག་པོ་ཚངས་པ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འོངས་པ་ཡིན་ནོ། །དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ཟེ་ [63B] མིར་གྱུར་པ་ལ་ཡང་འདི་ལྟ་བུའི་གནས་ཐོབ་པ་ཡོད་པ་སྟེ། ཀྱེ་མ་བདག་ཀྱང་སངས་རྒྱས་སུ་གྱུར་ཏེ་འཇིག་རྟེན་དུ་འབྱུང་ བར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་དེས་བསམ་པ། གནས་འདི་ལྟ་བུ་ནི། ཡིད་སྨོན་དུ་བྱས་པ་ཙམ་གྱིས་འགྲུབ་པར་མི་འགྱུར་གྱི། མ་ལ་བདག་གིས་སྦྱིན་པ་དག་བྱིན་ཞིང་ བསོད་ནམས་དག་བྱས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་གདབ་པོ་སྙམ་ནས་ནམ་ནངས་པ་དང། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ ཕྱག་འཚལ་ཏེ་མཉན་དུ་ཡོད་པར་ཆས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡང་གཡོག་འཁོར་ལྔ་བརྒྱ་དང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དོང་སྟེ། ཁྱིམ་བདག་མགོན་མེད་ ཟས་སྦྱིན་གྱིས་ཐག་རིང་པོ་ཞིག་ནས་བྲམ་ཟེ་དེ་མཐོང་ངོ་།མཐོང་ནས་ཀྱང་བྲམ་ཟེ་དེ་ལ་སྨྲས་པ། བྲམ་ཟེ། ཁྱོད་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དེའི་བར་ངོ་མཚར་རྨད་དུ་ བྱུང་བའི་ཆོས་ལྟ་ཅུང་ཟད་ཅིག་མཐོང་ངམ། དེ་ནས་བྲམ་ཟེ་དེས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཐམས་ཅད་བསྙན་དོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ གྱིས་བྲམ་ཟེ་ལ་སྨྲས་པ། བྲམ་ཟེ། ཁྱོད་ཀྱིས་ངོ་མཚར་རྨད་དུ་བྱུང་བ་དེ་ལྟ་བུ་དག་མཐོང་ན་ཁྱོད་ཅི་འདོད་པར་གྱུར། བྲམ་ཟེ་དེས་སྨྲས་པ། བླ་ན་མེད་པ་ཡང་དག་པར་རྫོགས་ [64A]༄༅། །པའི་བྱང་ཆུབ་འདོད་མོད་ཀྱི། ཁྱིམ་བདག་འོན་ཀྱང་གནས་དེ་ལྟ་བུ་ནི། ཡིད་སྨོན་ཙམ་གྱིས་འགྲུབ་པར་མི་འགྱུར་བས་ན། བདག་གིས་ སློང་མོ་བྱས་ལ་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱ་བར་འདོད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བྲམ་ཟེ་དེ་ལ་ནོར་གྱི་ཕུང་པོ་ཆེན་ པོ་བྱིན་ནོ། །བྲམ་ཟེ་དེས་ཀྱང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་དུ་སྤྱན་དྲངས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཡོ་བྱད་ཐམས་ཅད་ སྦྱར་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བསྐུར་བྱས་ནས་ཐ་མའི་ཉིན་པར་སངས་རྒྱས་ ལ་སོགས་པ་དགེ་སློང་གི་དགེ་འདུན་ཞལ་ཟས་རོ་བརྒྱ་དང་ལྡན་པས་ཚིམ་པར་བྱས་ནས་བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ་།དགེ་སློང་གཞན་ དག་ལ་ཡང་རེ་རེ་ལ་ན་བཟའ་རས་ཟུང་རེ་ཕུལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་འཇིག་ རྟེན་ལོང་བ། འདྲེན་པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་ [64B] འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་ སོ༑ ༑དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་ལ་བཀའ་སྩལ་པ། བྲམ་ཟེ། ལེགས་སོ་ལེགས་སོ། །བྲམ་ཟེ། ཁྱོད་མ་འོངས་པའི་དུས་ན་འཇིག་རྟེན་ལོང་བ། འདྲེན་པ་ མེད་པ༑ སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་ རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་མེད་ཅེས་བྱ་བར་འགྱུར་རོ། །ཞེས་ གསུངས་སོ།། །།ཉམ་ཆུང་བ་ཞེས་བྱ་བ་ནི། གླང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་མཐར་གྱིས་བུ་བདུན་བྱུང་ནས་དེ་དག་རིགས་ དང་མཐུན་པར་མིང་བཏགས་སྟེ་འོ་མ་དང། ཞོ་དང། མར་དང་ཞུན་མར་དང། མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ནས་མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། ། དེ་ནས་ཕྱི་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསམ་པ་བདག་གིས་བྱིས་པ་འདི་དག་མཛའ་སྡེ་དག་གི་ནང་དུ་གཟུད་པར་བྱའོ་།དེ་ཡང་དད་པ་དང་ལྡན་པ་རྣམས་ཀྱི་ [65A]༄༅། །ནང་དུ་གཟུད་པར་བྱའི། མ་དད་པ་རྣམས་ཀྱི་ནང་དུ་གཟུད་པར་མི་བྱའོ། །གལ་ཏེ་མ་དད་པ་རྣམས་ཀྱི་ནང་དུ་བཙུད་པར་གྱུར་ན་ནི། འདི་དག་ ཀྱང་དེ་དག་གིས་བསྟེན་པས་སངས་རྒྱས་ཀྱི་བསྟན་པ་ལ་མི་ལྟ་བར་འགྱུར་སྲིད་དོ་སྙམ་ནས་སངས་རྒྱས་པའི་མཛའ་སྡེའི་ནང་དུ་བཙུད་དོ། །དེ་ལ་མ་དད་པའི་མཛའ་སྡེ་གང་ཡིན་ པ་དེ་དག་ནི། གར་ཐབས་དང། གྲོང་རྒྱུ་བ་དང། སྨད་འཚོང་མ་རྣམས་ལ་ཆགས་ཤིང་འཁོད་དོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་རྣམས་ནི། དགེ་བསྙེན་གྱི་ མཛའ་སྡེ་རྣམས་དང། སངས་རྒྱས་དང། ཆོས་དང། དགེ་འདུན་ལ་ལྷག་པར་བྱ་བ་བྱེད་པ་དང། བསྙེན་གནས་དང། ཆོས་ཉན་པ་ལ་ཆགས་ཤིང་འཁོད་དོ། །མཉན་དུ་ ཡོད་པ་དེ་ན་བྲམ་ཟེའི་ཁྱེའུ་དབུལ་ཞིང་འཚོ་བས་ཕོངས་པ་ཞིག་འདུག་པ་དེས་བསམ་པ། བདག་མཛའ་སྡེ་དག་གི་ནང་དུ་ཞུགས་ལ། བདག་གིས་དེ་དག་ལ་བརྟེན་ ནས་འཚོ་བ་བཙལ་བར་བྱའོ་སྙམ་ནས་དགེ་བསྙེན་གྱི་མཛའ་སྡེའི་ནང་དུ་འཇུག་པར་འདོད་དེ་དྲིས་པ། ནོར་གྱི་བུངས་ཅི་ཙམ་གྱིས་ན་ཁྱད་ཀྱི་ནང་དུ་འཇུག་ཏུ་དབང། དེ་ དག་གིས་སྨྲས་པ། ཀརཤ་པ་ཎ་ལྔ་བརྒྱས་ངེད་ཀྱི་ནང་དུ་འཇུག་ཏུ་དབང་ངོ། །བྲམ་ཟེའི་ཁྱེའུ་དེས་སྨྲས་པ། བདག་ལ་ཀརཤ་པ་ཎ་ལྔ་བརྒྱ་ལྟ་ག་ལ་ཡོད། དེའི་སྟེང་དུ་ཁྱེད་ནི་ [65B]བདག་ནི། དབུལ་པོ་འཚོ་བས་ཕོངས་པ་ཞིག་ཡིན་པས་ན་བདག་གིས་ཁྱོད་ལ་ནོར་དེ་སྙེད་འབུལ་མི་ནུས་སོ། །དེ་ནས་ ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་རྣམས་ཀྱིས་སྨྲས་པ། གལ་ཏེ་ཁྱོད་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པར་བྱེད་ན་ནི། ངེད་ཀྱིས་ཁྱོད་ལ་ཀརཤ་པ་ཎ་ལྔ་བརྒྱ་སྦྱིན་ནོ། །བྲམ་ ཟེའི་ཁྱེའུ་སྨྲས་པ། དགེ་སྦྱོང་གོའུ་ཏ་མ་དེའི་ཡོན་ཏན་རྣམས་བདག་གིས་མི་ཤེས་ན། དགེ་སྦྱོང་གོའུ་ཏ་མའི་ཡོན་ཏན་རྣམས་ཇི་ལྟ་བུ་ཡིན། དེ་ནས་ཁྱིམ་བདག་མགོན་ མེད་ཟས་སྦྱིན་གྱི་བུ་རྣམས་ཀྱིས་བྲམ་ཟེའི་ཁྱེའུ་དེ་ལ་སངས་རྒྱས་ཀྱི་བསྔགས་པ་བརྗོད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ཟེའི་ཁྱེའུ་དེ་སངས་རྒྱས་ལ་ཤིན་ཏུ་དགའ་བར་གྱུར་ཏོ།། དགའ་བར་གྱུར་ནས་སྨྲས་པ། བདག་ཀྱང་ཁྱེད་ཀྱི་ནང་དུ་འཇུག་པར་བགྱིའོ། །བདག་ཀྱང་སངས་རྒྱས་བཅོམ་ལྡན་འདས་དང། ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆི་བར་ བགྱིའོ༑ ༑དེ་ནས་མགོན་མེད་ཟས་སྦྱིན་གྱི་བུ་དེ་རྣམས་ཀྱིས་བྲམ་ཟེའི་ཁྱེའུ་དེས་ཚིག་དེ་ལྟ་བུ་བརྗོད་པ་ཐོས་སོ། །ཐོས་ནས་ཀྱང་དེ་རྣམས་ཀྱིས་དེ་ལ་ཀརཤ་པ་ཎ་བརྒྱ་ཕྲག་དུ་མ་ བྱིན་ན༑ ༑བྲམ་ཟེའི་ཁྱེའུ་དེ་ཡང་དེ་རྣམས་ཀྱི་ནང་དུ་ཞུགས་སོ་།དེ་ནས་ཕྱི་ཞིག་ན་མཛའ་སྡེ་བོ་དེ་རྣམས་ཀྱི་བློ་སྐྱེས་པ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་ [66A]༄༅། །གྱི་བར་དུ་སྤྱན་དྲངས་ལ། ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱའོ། །ཞེས་ཟེར་རོ། །དེའི་ནང་ན་ཁ་ཅིག་ན་རེ་བདག་ཅག་ཀུན་གྱིས་ ཟླ་བ་གསུམ་ཐོག་ཐག་ཏུ་དེ་འབའ་ཞིག་བྱེད་ཀྱང་འདུག་མི་ནུས་ཀྱི་ཉིན་རེས་ཀྱིས་བཤོས་གསོལ་བར་བྱའོ། །ཞེས་ཟེར་རོ། །བྲམ་ཟེའི་ཁྱེའུ་སྨྲས་པ། བདག་ནི། དབུལ་ ལ་འཚོ་བས་ཕོངས་ཏེ། ཉིན་རེས་གཟུང་བ་དེ་ལྟ་བུ་བདག་གིས་མི་ནུས་སོ། །ཞེས་ཟེར་རོ། །དེར་ཁ་ཅིག་ན་རེ། སུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ བཤོས་གསོལ་མི་ནུས་པ་དེ་ནི། བདག་ཅག་གི་ནང་ནས་གུད་དུ་བྱུང་ཞིག་ཅེས་ཟེར་རོ། །དེ་ནས་བྲམ་ཟེའི་ཁྱེའུ་བསམ་པ། བདག་གིས་འདི་རྣམས་ཀྱི་ནང་དུ་དེའུ་མ་ཆུད་ དེ་ཆུད་ན། བདག་འདི་རྣམས་ཀྱི་ནང་ནས་འབྱུང་བ་ནི། ཆ་མ་ཡིན་ནོ་སྙམ་ནས་སྨྲས་པ། བདག་གིས་ཉིན་རེས་མཇུག་ཏུ་གྱིས་ལ་ཁྱེད་ཀྱི་ལྷག་རོལ་ཅི་ཡོད་པ་དེ་དག་ཐམས་ ཅད་ཀྱང་བདག་ལ་བྱིན་ཅིག་མཛའ་སྡེ་བོ་རྣམས་ཀྱིས་སྨྲས་པ་ཁྱོད་ཇི་ལྟར་དགའ་བ་དེ་བཞིན་དུ་བྱའོ། །ཞེས་བྱས་ནས་དེ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་ སློང་གི་དགེ་འདུན་ཟླ་བ་གསུམ་གྱི་བར་དུ་སྤྱན་དྲངས་ནས་ཉིན་རེས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་ཟླ་བ་གསུམ་གྱི་བར་དུ་ [66B] །དེར་དེ་བདག་གི་ལྷག་རོལ་ཅི་ཡོད་པ་དེ་དག་ཐམས་ཅད་བྲམ་ཟེའི་ཁྱེའུ་ལ་བྱིན་ནས་བྲམ་ཟེའི་ཁྱེའུ་དེ་དག་ཐམས་ཅད་བསྡུས་ཏེ་གཞན་དག་ཀྱང་ ཀརཤ་པ་ཎ་གཞན་དག་འབུལ་དུ་བཅུག་ནས་ཐ་མའི་ཉིན་པར་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་སྤྱན་དྲངས་ཏེ། རྒྱལ་པོ་གསལ་རྒྱལ་དང། ཁྱིམ་ བདག་མགོན་མེད་ཟས་སྦྱིན་ལ་ཡང་བསྐྱལ་ནས་དེས་དེ་ཉིད་ཀྱི་མཚན་མོ་ལམ་ཡང་མཛེས་པར་བྱས། གྲོང་ཁྱེར་ཡང་མཛེས་པར་བྱས་ནས་དེ་ཉིད་ཀྱི་མཚན་མོ་བཟའ་བ་ དང། བཅའ་བ་གཙང་མ་བཟང་པོ་མང་པོ་སྦྱར་ཏེ་ནང་པར་སྔར་ལངས་ནས་གདན་བཤམས་ཏེ་ཆུ་ར་བཀང་ནས་བཅོམ་ལྡན་འདས་ལ་འཕྲིན་གྱིས་གདུགས་ཚོད་བསྐུལ་ པ༑ བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་ བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་མང་པོས་ཞམ་རིང་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ བྲམ་ཟེའི་ཁྱེའུ་དེའི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་སངས་ [67A]༄༅། །རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས་རང་གི་ལག་ནས་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་ མང་པོས་ཚོམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་བཅོམ་ལྡན་འདས་ལ་ཆེ་བ་ལ་འོས་པའི་ན་བཟའ་ཕུལ་ལོ། །དགེ་སློང་གཞན་དག་ལ་ཡང་རེ་རེ་ལ་རས་ཟུང་རེ་ཕུལ་ ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་པ། སྟོན་པ་མེད་ པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་ བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ ཟེའི་ཁྱེའུ་དེ་ལ་བཀའ་སྩལ་པ། བྲམ་ཟེའི་ཁྱེའུ། ལེགས་སོ་ལེགས་སོ། །མ་འོངས་པའི་དུས་ན་བྲམ་ཟེའི་ཁྱེའུ་ཁྱོད་འཇིག་རྟེན་ལོང་བ། འདྲེན་པ་མེད་པ། སྟོན་པ་ མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་བ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་ [67B] ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་མཐུན་མཛད་ཅེས་བྱ་བར་འགྱུར་རོ། །ཞེས་གསུངས་སོ།། །།པདྨ་གཉིས་ ཞེས་བྱ་བ་དེ་ལ། པདྨ་དང་པོ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། རྒྱལ་པོ་གསལ་རྒྱལ་གྱི་ལུགས་ཀྱིས་ན། ཉིན་གཅིག་བཞིན་དུ་དུས་གསུམ་དུ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་ འགྲོ་ཞིང། བཅོམ་ལྡན་འདས་ལ་བདུག་པ་དང། ཕྱེ་མ་དང། སྤོས་དང། མེ་ཏོག་རྣམས་ཀྱིས་མཆོད་པ་བྱས་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེའི་ཚེ་ཀུན་དགའ་ ར་བའི་སྲུང་མའི་གནས་དགའ་ལྡན་གྱི་པདྨའི་མཚོའི་ནང་ནས་དུས་མ་ཡིན་པར་པདྨ་ཞིག་སྐྱེས་ནས་དེའི་བློ་སྐྱེས་པ། རྒྱལ་པོ་གསལ་རྒྱལ་ཉིན་གཅིག་བཞིན་དུ་དུས་གསུམ་དུ་ དགེ་སྦྱོང་གོའུ་ཏ་མ་ལ་བདུག་པ་དང། ཕྱེ་མ་དང། སྤོས་དང་མེ་ཏོག་རྣམས་ཀྱིས་བཀུར་སྟི་བྱེད་ཀྱི། པདྨ་འདི་བདག་གིས་དེ་ལ་འབུལ་བར་བྱའོ་སྙམ་ནས་དེ་ཁྱེར་ཏེ་མཉན་དུ་ ཡོད་པར་སོང་ངོ། །དེའི་ཚེ་སྲེད་མེད་ཀྱི་བུ་ལ་དད་པ་ཞིག་ཡ་མཚན་ཅན་ཐམས་ཅད་ལ་མཆོད་སྦྱིན་བྱེད་པ་ལ་ཞུགས་སོ། །དེ་ནས་དེས་མི་དེས་དུས་མ་ཡིན་པའི་པདྨ་དེ་ལྟ་བུ་ཁྱེར་ ཏེ་འོང་མ་མཐོང་ནས་དེས་དེ་ལ་སྨྲས་པ། ཀྱེ་མ། ཁྱོད་ཀྱིས་པདྨ་འོ་ནི་བདག་ལ་བྱིན་ཅིག་དང། འདིས་བདག་གིས་ལེགས་ལྡན་སྲིད་མེད་ཀྱི་བུ་ལ་མཆོད་པར་བྱའོ། །ཁྱོད་ལ་ཡང་ [68A]༄༅། །བདག་གིས་ཀརཤ་པ་ཎ་ལྔ་བརྒྱ་སྦྱིན་ནོ། །ཞེས་བྱས་སོ། །དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གཡོག་འཁོར་ལྔ་བརྒྱ་དང་བཅོམ་ལྡན་ འདས་ལ་བལྟ་བའི་ཕྱིར་ཆས་པ་ལས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མི་དེ་ཚིག་དེ་སྐད་ཟེར་བ་ཐོས་སོ། །ཐོས་ནས་ཀྱང་དེས་བསམ་པ། འདི་ནི། ཉེས་པར་བཤད་ པའི་ཆོས་ཅན་ཡིན་ན། ནོར་གྱི་བུངས་འདི་སྙེད་ཅིག་ཉོས་ཏེ་སྲེད་མེད་ཀྱི་བུ་ལ་འབུལ་བར་འདོད་ན། ཅིའི་ཕྱིར་ངས་ནོར་ཆེས་མང་དུ་བསྐྱེད་དེ་ཉོས་ལ་བཅོམ་ལྡན་འདས་ ལ་དབུལ་བར་མི་བྱ་སྙམ་ནས་དེས་ཀུན་དགའ་ར་བའི་སྲུང་མ་ལ་སྨྲས་པ། ངས་ཁྱོད་ལ་ཀརཤ་བ་ཎ་སྟོང་སྦྱིན་གྱི། པདྨའོ་ནི་ང་ལ་བྱིན་ཅིག་དེ་ནས་སྲེད་མེད་ཀྱི་བུ་ལ་དད་ པ་དེས་ཐོས་ནས་ང་རྒྱལ་སྐྱེས་ཏེ། དེས་ཀརཤ་པ་ཎ་ཉིས་སྟོང་སྦྱིན་པར་བྱས་སོ། །དེ་བཞིན་དུ་དེ་གཉིས་ཀྱིས་ཀརཤ་པ་ཎ་འབུམ་གྱི་བར་དུ་གོང་ནས་གོང་དུ་བསྐྱེད་དོ། །དེ་ནས་ ཀུན་དགའ་ར་བའི་སྲུང་མ་དེའི་བློ་སྐྱེས་པ། འདི་ལྟར་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལྟ་བུས་མི་ཞིག་གི་ཕྱིར་འབུམ་སྟོང་བར་བྱེད་པ་དང་སྦྱར་ན། དགེ་སློང་གོའུ་ ཏ་མ་དེ་ནི། ཆེ་བ་ཞིག་ཡིན་གོར་མ་ཆག་ན། ཅིའི་ཕྱིར་བདག་ཉིད་སོང་ལ་བཅོམ་ལྡན་འདས་དེ་ལ་མཆོད་པར་མི་བྱ་སྙམ་དུ་བསམ་ནས་ཀུན་དགའ་ར་བའི་སྲུང་མ་དེས་ [68B] ཁྱིམ་བདག་བདག་ལ་ནོར་མི་དགོས་ཀྱི། བདག་ཉིད་ཀྱིས་བཅོམ་ལྡན་འདས་དེ་ལ་མཆོད་པར་བྱའོ། །ཞེས་བྱས་ནས་པདྨ་དེ་ ཁྱེར་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་ཀུན་དགའ་ར་བའི་སྲུང་མ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་ གཉིས་ཀྱིས་ལེགས་པར་བརྒྱན་ཅིངས་པ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ་ མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་པ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་ མཆོག་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཚེ་བཅོམ་ལྡན་འདས་ ལ་མཆོད་པའི་ཕྱིར་སྟེང་དུ་བོར་ན། བཅོམ་ལྡན་འདས་ཀྱི་མཐུས་པདྨ་དེ་ཤིང་རྟའི་ཕང་ལོ་ཙམ་དུ་གྱུར་ཏེ་བཅོམ་ལྡན་འདས་གཤེགས་ན་ནི་འགྲོའོ། །གཞེས་ན་ནི། སྡོད་དོ། །དེ་ ནས་ཀུན་དགའ་ར་བའི་སྲུང་མ་དེས་ཆོ་འཕྲུལ་དེ་ལྟ་བུ་མཐོང་ནས་ལྷག་པར་ཡང་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ [69A]༄༅། །ཏུ་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་འཇིག་རྟེན་ལོང་བ། འདྲན་པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་ མེད་པ༑ ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་ར་བའི་སྲུང་མེད་ལ་བཀའ་ སྩལ་པ༑ བཞིན་བཟང། ལེགས་སོ་ལེགས་སོ། །མ་འོངས་པའི་དུས་ན་ཁྱོད་འཇིག་རྟེན་ལོང་བ། འདྲེན་པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་ སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་པདྨའི་བླ་མ་ཞེས་བྱ་བར་འགྱུར་རོ། །ཞེས་གསུངས་སོ།། །།པདྨ་གཉིས་པ་ནི། གླེང་ གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་དེ་ཉིད་ན་ཀུན་དགའ་ར་བའི་སྲུང་མ་ཞིག་འདུག་པའི་མཚོའི་ནང་ནས་དུས་མ་ཡིན་པར་པདྨ་ཞིག་སྐྱེས་ཏེ་དེའི་ [69B] པདྨ་འདི་བདག་གིས་རྒྱལ་པོ་གསལ་རྒྱལ་ལ་དབུལ་བར་བྱའོ། །འོན་ཏང་བདག་གི་ལོངས་སྤྱོད་ཆེན་པོ་དག་གི་འབྱུང་ཁུངས་སུ་འགྱུར་རོ་སྙམ་ནས་དེ་ཁྱེར་ཏེ་ རྒྱལ་པོའི་ཕོ་བྲང་དུ་ཆས་ཏེ་སོང་ངོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་བུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་ འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ་སྐྱེ་མཆེད་དྲུག་ལ་ མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་ པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པར་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་ དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི། དར། སུ་ནི། ཕོངས་ཤིང་འདུག་སུ་ནི། ཉམ་ང་བར་འདུག་སུ་ནི། གནོད་པ་ དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན་སུ་ནི། ངན་སོང་དུ་གཞོལ་སུ་ནི། ངན་སོང་དུ་འབབ་སུ་ནི་ངན་སོང་དུ་བབ་སུ་ནི། ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་ [70A]༄༅། །དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་ པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩེ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་ པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་ བརྒྱན་པའི་འཇིག་རྟེན་འབྲས་བུ་ཡོད་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་ བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། ཀུན་དགའ་ར་བའི་སྲུང་མ་དེ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སེམས་བསྐྱེད་པར་འགྱུར་རོ། །སྙམ་དུ་དགོངས་ནས་སྔ་དྲོ་ཤམ་ཐབས་དང། ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་ མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་སོ། །དེ་ནས་ཀུན་དགའ་ར་བའི་སྲུང་མ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ [70B] །དགའ་བར་གྱུར་ནས་བསམ་པ། བདག་གིས་རྒྱལ་པོ་གསལ་རྒྱལ་བཏང་ལ་བཅོམ་ལྡན་འདས་ལ་བདག་ཉིད་ཀྱིས་ མཆོད་པར་བྱའོ་སྙམ་ནས་དེས་པདྨ་དེ་བཅོམ་ལྡན་འདས་ཀྱི་སྟེང་གི་ནམ་མཁའ་ལ་བོར་བ་ལས། བཅོམ་ལྡན་འདས་ཀྱི་མཐུས་པདྨ་དེ་ཤིང་རྟའི་ཕང་ལོ་ཙམ་དུ་གྱུར་ཏེ་བཅོམ་ ལྡན་འདས་གཤེགས་ན་ནི། འགྲོའོ། །གཞེས་ན་ནི། སྡོད་དོ། །དེ་ནས་ཀུན་དགའ་ར་བའི་སྲུང་མ་དེས་ཆོ་འཕྲུལ་དེ་ལྟ་བུ་མཐོང་ནས་ལྷག་པར་བཅོམ་ལྡན་ལ་ཤིན་ཏུ་ དགའ་བར་གྱུར་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན། བདག་འཇིག་རྟེན་ལོང་བ། འདྲེན་པ་མེད་པ་ སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་ པ༑ སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་ཀུན་དགའ་ར་བའི་སྲུང་མ་དེ་ལ་བཀའ་སྩལ་པ། བཞིན་བཟང་ལེགས་སོ་ལེགས་སོ། །མ་འོངས་པའི་དུས་ན་ཁྱོད་འཇིག་རྟེན་ལོང་བ་འདྲེན་པ་མེད་པ། སྟོན་པ་མེད་ [71A]༄༅། །པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་ རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བླ་མ་ཞེས་བྱ་བར་འགྱུར་རོ། །ཞེས་གསུངས་ སོ།། །།ལྟ་བ་ཞེས་བྱ་བ་ནི། །གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་ པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་མཉམ་པ་རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་ཏེ། ཁྱིམ་བདག་དེ་ཡང་བྱམས་པའི་རང་བཞིན་ཅན། སྙིང་ རྗེ་དང་ལྡན་པ༑ སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ། སྦྱིན་པ་ལ་སྲེད་པ༑ ཡ་མཚན་ཅན་ཐམས་ཅད་དང་ལྟ་བ་མཚུངས་པ། སྦྱིན་པ་ལ་བློ་སྙོམས་པ་ཞིག་སྟེ། དེ་དུས་ དུས་སུ་མཆོད་སྦྱིན་ཆེན་པོ་བྱེད་ལ་བསྟན་བཅོས་སྤྱོད་པ་ཐམས་ཅད་ཀྱི་གཞུང་དཔྱོད་པར་བྱེད་དེ། །དེས་བལྟས་ན་ཐམས་ཅད་ཀྱང་བདག་ལ་ནི། བསྟོད། གཞན་ལ་ནི་ སྨོད་པར་བྱེད་པས་དེ་དག་གིས་ཁྱིམ་བདག་དེའི་སེམས་མ་མགུའོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་དེས་བཅོམ་ལྡན་འདས་ཀྱི་བསྔགས་པ་ཐོས་ནས་དེ་འདི་སྙམ་དུ་སེམས་ [71B] དེས་ཆོས་ཐམས་ཅད་རྟོགས་པ་ལས་ན། བཅོམ་ལྡན་འདས་དེ་ནི། ཐམས་ཅད་མཁྱེན་པ་ཡིན་པར་ངེས་སོ་སྙམ་ནས་བསྔགས་པ་དེ་ཐོས་མ་ཐག་ཏུ་སེམས་བསྐྱེད་པ། ཀྱེ་མ་ བཅོམ་ལྡན་འདས་དེ་བདག་གི་མཆོད་སྦྱིན་གྱི་གནས་འདིར་གཤེགས་ཀྱང་ཅི་མ་རུང་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། བདག་གིས་ཁྱིམ་བདག་དེའི་ དགེ་བའི་རྩ་བ་རྣམས་བསྐྱེད་པར་བྱ་དགོས་ལ། འདི་ལ་བརྟེན་ནས་གདུལ་བར་བྱ་བ་ཕལ་པོ་ཆེ་དྲང་དུ་ཡོད་དོ་སྙམ་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ་ ཁྱིམ་བདག་དེའི་མཆོད་སྦྱིན་གྱི་གནས་སུ་ཞུགས་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་ དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱི་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་བདག་གི་མཆོད་སྦྱིན་གྱི་གནས་སུ་གཤེགས་ཏེ་ལོངས་སྤྱོད་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ ཁྱིམ་བདག་དེ་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་རང་གི་ལག་ནས་ [72A]༄༅། །བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ་དེ་ ནས་བཅོམ་ལྡན་འདས་ཀྱིས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྲོ་བ་བསྐྱེད་ནས་ཁྱིམ་བདག་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་ བ་སྐྱེས་ནས་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་སྤྱན་དྲངས་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཡོ་བྱད་ཐམས་ཅད་སྦྱར་ནས་ སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བསྐུར་བྱས་ཏེ་ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ རྣམས་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ནས་བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ། །དགེ་སློང་གཞན་དག་ལ་ཡང་རེ་རེ་ལ་རས་ཟུང་རེ་ཕུལ་ ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་འདིས་ན་བདག་འཇིག་རྟེན་ལོང་བ། འདྲེན་པ་མེད་པ། སྟོན་པ་མེད་ པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་ [72B] ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་ བདག་དེ་ལ་བཀའ་སྩལ་པ། ཁྱིམ་བདག་ལེགས་སོ་ལེགས་སོ། །མ་འོངས་པའི་དུས་ན་ཁྱོད་འཇིག་རྟེན་ལོང་བ། འདྲེན་པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ལེགས་མཐོང་ཞེས་བྱ་བར་འགྱུར་རོ། །ཞེས་གསུངས་སོ།།།།ལས་བརྒྱ་ཐམས་པ། བམ་ པོ་སུམ་ཅུ་གཅིག་པ། རིན་པོ་ཆེ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ནས་དེད་དཔོན་ཞིག་གིས་ཟོང་ཁྱེར་ཏེ་རྒྱ་མཚོ་ཆེན་པོའི་ནང་ དུ་ཆས་སོ། །དེད་དཔོན་དེ་ཡང་མོ་ལྟས་གཙོ་བོར་འཛིན་པ་ཞིག་སྟེ་དེས་ཐོང་[?]རྣམས་རྔ་མོ་དང། བོང་བུ་ལ་སོགས་པ་ལ་བཀལ་ནས་མཉན་དུ་ཡོད་པའི་ཕྱི་སྒོ་ཆེན་པོའི་ནང་ ནས་བྱུང་སྟེ་ལམ་པོ་ཆེར་ཞུགས་ནས་དེས་སེམས་འདི་ལྟ་བུ་བསྐྱེད་དེ། གལ་ཏེ་བདག་རྒྱ་མཚོ་ཆེན་པོའི་ནང་ནས་ཉེ་ཞོ་མེད་པར་བདེ་བར་འོངས་ཏེ་རྒྱ་མཚོའི་གྲུ་བོ་ཆེའི་དོན་གྲུབ་ [73A]༄༅། །ནས་ཕྱིར་འཁོར་བར་གྱུར་ན། སྒོ་འདིར་བདག་གིས་སྒོའི་དུས་སྟོན་བྱའོ། །ལམ་པོ་ཆེ་འདིར་ཡང་ལམ་གྱི་དུས་སྟོན་བྱའོ། །ཞེས་བྱས་ནས་རྒྱ་ མཚོ་ཆེན་པོར་སོང་ངོ། །དེ་ནས་དེ་རིན་པོ་ཆེའི་གླིང་བགྲོད་པ་བསྒྲུབས་ཏེ་རྒྱ་མཚོ་ཆེན་པོའི་ནང་ནས་འགྲམ་དུ་བྱུང་ནས་དེས་བསམ་པ། བདག་གྲུ་བོ་ཆེས་རྒྱ་མཚོ་ཆེན་པོའི་ ནང་དུ་ཞུགས་ཏེ། དེས་ན་བདག་གིས་ནོར་ཆེན་པོ་བསྒྲུབས་ཀྱི། བདག་གིས་རྒྱ་མཚོའི་འགྲམ་འདི་ཉིད་དུ་རྒྱ་མཚོའི་ལྷ་རྣམས་དང། གྲུ་བོ་ཆེ་ལ་གནས་པའི་ལྷ་རྣམས་ལ་ བཀུར་བསྟི་བྱའོ་སྙམ་ནས་དེས་རྒྱ་མཚོའི་འགྲམ་དེ་ཉིད་དུ་ལྷ་རྣམས་ལ་བཀུར་སྟི་ཆེན་པོ་བྱས་ཏེ་མཉན་དུ་ཡོད་པར་ཆས་སོ། །དེ་ནས་དེ་མཐར་གྱིས་རྒྱུ་ཞིང་སོང་སོང་བ་ ལས་མཉན་དུ་ཡོད་པར་ཕྱིན་ནས་མཉན་དུ་ཡོད་པར་ཟོད་རྣམས་བཞག་སྟེ། དེས་གྲོང་ཁྱེར་གྱི་ཕྱི་སྒོ་ཆེན་པོ་དེ་དང། ལམ་པོ་ཆེའི་ལྷ་རྣམས་ལ་མཆོད་པ་ཆེན་པོ་བྱས་ ནས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་ཏེ་དེས་རིན་པོ་ཆེའི་ཕུང་པོ་ཆེན་པོ་སྤུངས་ནས་དགེ་སྦྱོང་དང་བྲམ་ཟེ་དང། སྤྱོད་པ་པ་དང། ཀུན་ཏུ་རྒྱུ་ དང། སྡུག་ཅིང་ཕོངས་པ་དང། བཀྲེས་པ་རྣམས་ལ་སྦྱིན་པ་བྱེད་པ་ལ་ཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་ [73B] མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་ འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་ གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ་སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད་སུ་ནི། དར། སུ་ནི། ཕོངས་ ཤིང་འདུག་སུ་ནི། ཉམ་ང་བར་གྱུར། སུ་ནི། གནོད་པ་དང་ལྡན་སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི། ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་པའི་འདམ་ དུ་བྱིང་པ་ལས་ལག་ནས་དྲང་བར་བྱ། སུ་ནི། འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་ [74A]༄༅། །བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ ཡོངས་སུ་སྨིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་ཡོད་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་ པ་འཇུག་གོ། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། དེད་དཔོན་འདིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སེམས་བསྐྱེད་པར་འགྱུར་ རོ་སྙམ་དུ་དགོངས་ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་མང་པོས་ཞམ་རིང་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་མདུན་ དུ་བདར་ནས་སྒོ་དེ་ཉིད་ནས་མཉན་དུ་ཡོད་པའི་ནང་དུ་གཤེགས་པ་དང། དེད་དཔོན་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་ སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིངས་པ་བར་བྱས་པ་མཐོང་ངོ། །མཐོང་ནས་ཀྱང་དེ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་དེས་ [74B]དག་སངས་རྒྱས་ཀྱི་མཐུས་བཅོམ་ལྡན་འདས་ཀྱི་སྟེང་དུ་ལྡིང་ཁང་ལྟ་བུར་ཆགས་ཏེ་འདུག་ནས་བཅོམ་ལྡན་ འདས་གཤེགས་ན་ནི། འགྲོ་གཞེས་ན་ནི། སྡོད་དོ། །དེ་ནས་དེད་དཔོན་དེས་ཆོ་འཕྲུལ་དེ་ལྟ་བུ་མཐོང་ནས་ལྷག་པར་ཡང་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་གསོལ་པ། ཟླ་བ་གསུམ་གྱི་བར་དུ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པའི་ན་བཟའ་དང། ཞལ་ཟས་དང་ གཟིམས་ཆ་དང། གདན་དང། སྙུན་གསོས་དང། སྨན་ཟོང་རྣམས་སྦྱར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་ འདས་ཀྱིས་ཅང་མི་གསུང་བས་དེད་དཔོན་དེ་ལ་གནང་ངོ། །དེ་ནས་དེད་དཔོན་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཡོ་ བྱད་ཐམས་ཅད་སྦྱར་ཏེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བསྐུར་བྱས་ནས་ཐ་མའི་ཉིན་པར་སངས་ རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ནས་བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ་།དགེ་སློང་གཞན་དག་ལ་ཡང་ [75A]༄༅། །རེ་རེ་ལ་རས་ཟུང་རེ་ཕུལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་ འཇིག་རྟེན་ལོང་བ། འདྲེན་པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་ བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེད་དཔོན་ལེགས་སོ་ལེགས་སོ། །མ་འོངས་པའི་དུས་ན་ཁྱོད་འཇིག་རྟེན་ལོང་བ་འདྲེན་པ་མེད་ པ༑ སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་ མཁྱེན་པ༑ སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བར་འགྱུར་ རོ༑ ༑ཞེས་གསུངས་སོ།། །།ནོར་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གནས་བ་དེས་ཐབས་ཟླར་བབ་པ་ [75B]དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ། བཅུ་ལོན་པ་དང། བུ་གཟུགས་ བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་མཐུན་པར་མིང་བཏགས་ཏེ། དེ་འོ་མ་དང། ཞོ་དང། མར་དང། ཞུན་ མར་དང། མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ནས་དེ་གང་གི་ཚེ་ཆེར་སྐྱེས་བ་དེའི་ཚེ་ཡི་གེ་དང། ཁོང་རྩིས་དང། ཤོད་དགོད་པ་དང། ལག་རྩིས་དང། ང་བྱུང་བ་དང། སྦ་བ་ དང། དགྲམ་པ་དང། གོས་བརྟག་པ་དང། ནོར་བུ་བརྟག་པ་དང། རིན་པོ་ཆེ་བརྟག་པ་དང། སྤོས་བརྟག་པ་དང། སྨན་བརྟག་པ་དང་གླང་པོ་བརྟག་པ་དང། རྟ་བརྟག་པ་ དང། གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང། ཀློག་མཁས་པ་དང། མཛངས་པ་དང། བྱ་བ་ལ་གསལ་བ་དང། ཡིད་གཞུངས་པ་དང། བརྟག་པ་རྣམས་ བ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེས་ཟོད་ཁྱེར་ཏེ། རྒྱ་མཚོའི་ནང་དུ་སོང་བ་ལས། རྒྱ་མཚོའི་གྲུ་བོ་ཆེའི་དོན་གྲུབ་ནས་ཕྱིར་འོངས་སོ། །ཁྱིམ་བདག་དེས་ཀྱང་ ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་དེ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་སོ། །དེ་ནས་ཕྱི་ཞིག་ན་ཁྱིམ་ [76A]༄༅། །བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་སྤྱན་དྲངས་ཏེ་རང་གི་ལག་ནས་བཟའ་བ་དང། བཅའ་བ་གཙང་མ་བཟང་ པོ་མང་པོས་ཚིམ་པར་བྱས་ནས་ཅི་བཞེད་པ་བསྟབས་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོས་ལྡན་འདས་ཀྱིས་ཁྱིམ་བདག་དེའི་བསམ་པ་དང། བག་ ལ་ཉལ་དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་ནས་ཁྱིམ་བདག་དེ་འཁོར་དང་བཅས་པས་སྟན་ དེ་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་ བདེན་པ་མཐོང་ནས་ཡང་དང་ཡང་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་འགྲོ་ཞིང་བཅོམ་ལྡན་འདས་ལ་ཆོས་ཉན་པར་བྱེད་དོ། །བདག་གི་བུ་ཡང་དང་ཡང་དུ་དྲན་པར་བྱེད་དོ་ ཀྱེ་མ་དེ་ཡང་འདིར་འོངས་ཏེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་པར་གྱུར་ལ། ཆོས་འདི་ལྟ་བུ་དག་ཀྱང་ཐོབ་ན་ཅི་མ་རུང་སྙམ་མོ། །དེ་ནས་ཕྱི་ཞིག་ན་ཁྱིམ་ བདག་གི་བུ་དེ་རྒྱ་མཚོའི་གྲུ་བོ་ཆེའི་དོན་གྲུབ་སྟེ་ཕྱིར་འོངས་ཏེ་དེས་སྐྱེད་མོས་ཚལ་དུ་རྫས་རྣམས་བཞག་ནས་ཕ་མ་གཉིས་བལྟ་བའི་ཕྱིར་ཤིན་ཏུ་རིངས་པར་བདག་གི་ [76B] དེའི་ཕ་མ་གཉིས་ཆོས་མཉན་པའི་ཕྱིར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་ཁྱིམ་བདག་གི་བུ་དེས་ཕ་མ་གཉིས་ཆོས་མཉན་པའི་ཕྱིར་རྒྱལ་བུ་རྒྱལ་བྱེད་ ཀྱི་ཚལ་དུ་སོང། ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་ཡང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དེ་ཉིད་དུ་སོང་སྟེ། དེ་དེར་ཕྱིན་ནས་བདག་གིས་ཕ་མ་གཉིས་བལྟ་བར་བྱའོ་སྙམ་པ་ལས་ཁྱིམ་ བདག་གི་བུ་དེས་ཕ་མ་གཉིས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པ་མཐོང་ངོ། །མཐོང་ནས་ཀྱང་བཅོམ་ལྡན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕ་མ་གཉིས་ཀྱི་མགུལ་ནས་འཇུས་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་ཁྱེའུ་དེའི་མདུན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྲོ་བ་སྐྱེ་བར་འགྱུར་བའི་གཏམ་བཀའ་སྩལ་ཏོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་པ་སྐྱེས་སོ། །དེ་ནས་ཁྱིམ་བདག་དེ་བཅོམ་ལྡན་འདས་ལས་ཆོས་ཐོས་ནས་བུ་དང་ལྷན་ཅིག་ཏུ་བདག་གི་ཁྱིམ་དུ་ སོང་ངོ། །དེར་སོང་ནས་དེ་གཉིས་ཀྱིས་བུ་དེ་ལ་སྨྲས་པ། བུ་ཁྱོད་ཀྱིས་རྒྱ་མཚོ་ཆེན་པོའི་ནང་ནས་བདག་ཅག་གཉིས་ལ་ཅི་ཞིག་ཁྱེར་ཏེ་འོངས། ཁྱེའུ་སྨྲས་པ། རིན་པོ་ཆེ་ [77A]༄༅། །རིན་ཐང་ཆེ་བདག་འཚལ་ཏེ་མཆིས་སོ། །ཕ་མ་གཉིས་ཀྱིས་དེ་ལ་སྨྲས་པ། བུ། ཁྱོད་ཀྱིས་ནི། རྒྱ་མཚོའི་ནང་དུ་སོང་ནས་སྡུག་བསྔལ་སྟོང་ ཕྲག་གྲངས་མེད་པ་མྱོང་སྟེ་རིན་པོ་ཆེ་ཐ་མལ་པ་དག་ཁྱེར་ཏེ་འོངས་སོ། །བདག་ཅག་གིས་ནི། འདི་ཉིད་ན་འདུག་བཞིན་བཞིན་དུ་ཚེགས་ཆུང་དུས་རིན་པོ་ཆེ་རིན་ཐང་ཆེན་པོ་ དག་རྙེད་དོ། །ཁྱེའུ་སྨྲས་པ། འོ་ན་ཚེགས་ཆུང་དུས་རྙེད་པའི་རིན་པོ་ཆེ་དེ་དག་ཅི་འདྲ་བ་བལྟ་བར་འཚལ་ལོ། །དེ་ནས་ཕ་མ་གཉིས་ཀྱིས་དེ་ལ་བདག་ཅག་གཉིས་ཀྱི་ ཡོན་ཏན་རྒྱས་པར་བརྗོད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་ལྷག་པར་ཡང་བཅོམ་ལྡན་འདས་ལ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་ དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་རྐྱེན་དུ་ འཚམ་པའི་ཆོས་བསྟན་ཏོ། །དེ་ནས་ཁྱིམ་བདག་གི་བུ་དེས་བཅོམ་ལྡན་འདས་ཀྱི་གཏམ་མཇུག་རྫོགས་པར་རིག་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཟླ་བ་གསུམ་གྱི་བར་དུ་བཅོམ་ལྡན་འདས་དགེ་སློང་གི་ [77B] ཞལ་ཟས་དང། གཟིམས་ཆ་དང། གདན་དང། སྙུན་གསོས་དང། སྨན་ཟོད་རྣམས་སྦྱར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་ བདག་ལ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གི་བུ་དེ་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་ཁྱིམ་བདག་གི་བུ་དེས་བཅོམ་ལྡན་འདས་ ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཡོ་བྱད་ཐམས་ཅད་སྦྱར་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཟླ་བ་གསུམ་གྱི་ བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས་ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ནས་ བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ། །དགེ་སློང་གཞན་དག་ལ་ཡང་རེ་རེ་ལ་ཡང་རས་ཟུང་རེ་ཕུལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་འཇིག་རྟེན་ལོང་བ། འདྲེན་པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ [78A]༄༅། །ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་ལ་བཀའ་སྩལ་པ་ཁྱིམ་ བདག་གི་བུ། ལེགས་སོ་ལེགས་སོ། །མ་འོངས་པའི་དུས་ན་ཁྱོད་འཇིག་རྟེན་ལོང་བ། འདྲེན་པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་ དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཆུ་རླབས་ཞེས་བྱ་བར་འགྱུར་རོ། །ཞེས་གསུངས་སོ།། །།སྟོབས་འཕྲོག་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ ན་བཞུགས་ཏེ། དེའི་ཚེ་བྱང་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་དང། ལྷོ་ཕྱོགས་གྱི་པན་ཙ་ལའི་རྒྱལ་པོ་གཉིས་ཕན་ཚུན་དུ་མི་མཐུན་པར་གྱུར་ཏེ་དུས་དུས་སུ་སྐྱེ་བོ་ཕལ་ པོ་ཆེ་ཁ་འདོག་པར་བྱེད་དོ། །དེ་གཉིས་ཀྱི་མཛའ་བོ་བཤེས་ཤིང་གཅུགས་པ་ནི། རྒྱལ་པོ་གསལ་རྒྱལ་ཡིན་ཏེ། རྒྱལ་པོ་གསལ་རྒྱལ་གྱིས་བསམ་པ། བདག་གིས་ ཐབས་ཇི་ལྟ་བུ་ཞིག་གིས་དེ་གཉིས་བསྡུམ་པར་བྱ་སྙམ་ནས་དེའི་བློ་སྐྱེས་པ། བཅོམ་ལྡན་འདས་ནི། མ་དུལ་བ་འདུལ་བ་ཡིན་ན། མ་ལ་བདག་གིས་བཅོམ་ལྡན་འདས་ [78B]སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་ འདས་ལ་རྒྱལ་པོ་གསལ་རྒྱལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བྱང་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་དང། ལྷོ་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་གཉིས་ཕན་ཚུན་ མི་མཐུན་པར་གྱུར་ཏེ་དེ་གཉིས་ཀྱིས་དུས་དུས་སུ་སྐྱེ་བོ་ཕལ་པོ་ཆེ་ཁ་འདོག་པར་བགྱིད་དོ། །བཅོམ་ལྡན་འདས་ནི། མ་དུལ་བ་དུལ་བ་ལགས་ན། ཐུགས་བརྩེ་བའི་སླད་ དུ་དེ་གཉིས་ཀྱི་འཁོན་སྦྱང་བའི་སླད་དུ་ནན་ཏན་མཛད་པར་གསོལ་དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གསལ་རྒྱལ་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་རྒྱལ་ པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་ འདས་ཀྱི་ཐད་ནས་སོང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ་བྱང་ཕྱོགས་ཀྱི་ཡུལ་པན་ཙ་ལ་དང། ལྷོ་ཕྱོགས་ཀྱི་ཡུལ་པན་ཙ་ལ་ གཉིས་ཀྱི་བར་མཚམས་སུ་གཤེགས་ཏེ་བཞུགས་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་དེ་དག་འཐབ་པར་སེམས་པ་དེ་ལྟ་བུར་བྱིན་གྱིས་བརླབས་སོ་།དེ་ནས་བྱང་ཕྱོགས་ཀྱི་པན་ [79A]༄༅། །ཙ་ལའི་རྒྱལ་པོ་དང། ལྷོ་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་གཉིས་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་གཡུལ་འགྱེད་ པའི་ཕྱིར་སོ་སོ་ནས་དྲངས་སོ། །དེ་དག་གཡུལ་འགྱེད་པར་བརྩམས་པ་ལས་སངས་རྒྱས་ཀྱི་མཐུས་དེ་གཉི་གས་རང་རང་ཕམ་སྟེ་མ་ནུས་ནས་གཞན་གྱིས་ཐུབ་པར་མཐོང་ སྟེ༑ དེ་གཉིས་སོ་སོ་ནས་ཤིང་རྟ་རེ་རེ་ལ་ཞོན་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་ གཅིག་ཏུ་འདུག་གོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཅི་ནས་དེ་གཉིས་གཅིག་གིས་གཅིག་མི་མཐོང་བར་བྱིན་གྱིས་བརླབས་ཏེ་བཅོམ་ལྡན་འདས་ཀྱིས་དགོངས་པ། འདི་ གཉིས་ལས་གཅིག་ནི། ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །གཅིག་གིས་ནི། བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སེམས་བསྐྱེད་པར་འགྱུར་རོ། །སྙམ་དུ་དགོངས་ནས་གཅིག་ལ་ནི་འཕགས་པའི་བདེན་པ་བཞིའི་ གཏམ་གསུངས་སོ། །གཅིག་ལ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྲོ་བར་འགྱུར་བའི་གཏམ་གསུངས་སོ། །དེ་ནས་ལྷོ་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་ [79B]ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ༑ ༑བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་ པར་མཛད་ནས་དེ་ལ་ལུང་ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང་སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ སོ༑ ༑བྱང་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་ཡང་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཟླ་བ་གསུམ་གྱི་བར་དུ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པའི་ན་བཟའ་དང། ཞལ་ཟས་དང་ གཟིམས་ཆ་དང། གདན་དང། སྙུན་གསོས་དང། སྨན་ཟོང་རྣམས་སྦྱར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ [80A]༄༅། །ལྡན་འདས་ཀྱིས་བྱང་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོ་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་བྱང་ཕྱོགས་ཀྱི་པན་ཙ་ལའི་རྒྱལ་པོས་བཅོམ་ ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རང་གི་ཡུལ་དུ་སྤྱན་དྲངས་ཏེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་ དགེ་འདུན་ལ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་སྦྱར་ནས་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བསྐུར་བྱས་ཏེ་ཐ་མའི་ཉིན་པར་སངས་རྒྱས་ལས་སོགས་པ་དགེ་ སློང་གི་དགེ་འདུན་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ནས་བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ། །དགེ་སློང་གཞན་དག་ལ་ཡང་རེ་རེ་ལ་རས་ཟུང་རེ་ ཕུལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན། བདག་འཇིག་རྟེན་ལོང་བ། འདྲེན་པ་མེད་པ་ སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་ པ༑ སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་ [80B] རྒྱལ་པོ་ཆེན་པོ། །ལེགས་སོ་ལེགས་སོ། །མ་འོངས་པའི་དུས་ན་རྒྱལ་པོ་ཆེན་པོ་ཁྱོད་འཇིག་རྟེན་ལོང་བ། འདྲེན་ པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་ མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་རྒྱལ་བ་ཞེས་བྱ་བར་འགྱུར་རོ། །ཞེས་ གསུངས་སོ། །ལས་བརྒྱ་ཐམ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་བརྒྱད་པ་རྫོགས་སོ།། །།སྡོམ་ནི། བུ་དང་རི་ཡིག་ཅོང་རོང་གླུད་།འཐབ་དང་རྙིས་བཟུང་ གོང་མ་སྲེག་ཕ་དང་མི་རྒོད་ཤ་ཟ་དང། །དབང་པོའི་མགོ་ནི་ཐ་མ་ཡིན། །བུ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ ཟླ་བ་དྒུའམ། བཅུ་ལོན་པ་དང། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་མཐུན་པར་མིང་ [81A]༄༅། །བཏགས་ཏེ། འོ་མ་དང། ཞོ་དང། མར་དང། ཞུན་མར་དང་མར་གྱི་སྙིང་ཁུས་བསྐྱེད་བསྲིངས་སོ། །འདོད་པ་རྣམས་ནི། ཚྭ་ཆུ་དང་འདྲ་ སྟེ༑ ཅི་ཙམ་དུ་བསྟེན་པ་དེ་ཙམ་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཕྱིས་ཀྱང་མཐར་གྱིས་བྲམ་ཟེ་དེའི་བུ་གཅིག་དང་གཉིས་ནས་བདུན་གྱི་བར་དུ་བྱུང་ནས་དེ་རྣམས་རིགས་དང་ མཐུན་པའི་མིང་བཏགས་ཏེ། འོ་མ་དང། ཞོ་དང། མར་དང། ཞུན་མར་དང། མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ནས་དེ་དག་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང། བྲམ་ ཟེའི་སྤྱོད་ལམ་དང། སྤྱོད་པ་དང། ཨོཾ་ཞེས་བྱ་བ་དང། བཧོ་ཞེས་བྱ་བ་དང། གཙང་སྦྲ་དང། ཆོ་ག་དང། ཐལ་བ་བླང་བ་དང། རིལ་བ་ཐོགས་པ་དང། ངེས་བརྗོད་ཀྱི་ རིག་བྱེད་དང། མཆོད་སྦྱིན་རིག་བྱེད་དང། སྙན་ཚིག་གི་རིག་བྱེད་དང། སྲིད་སྲུང་གི་རིག་བྱེད་དང། མཆོད་སྦྱིན་བྱ་བ་དང། མཆོད་སྦྱིན་བྱེད་དུ་གཞུག་པ་དང། སྦྱིན་ པ་དང། བླང་བ་དང། ཁ་ཏོན་དང། ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས་ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏོ་།དེ་ནས་ཕྱི་ཞིག་ན་བྲམ་ཟེ་དེས་ བུ་དེ་དག་ཐམས་ཅད་ཁྱིམ་ཕུབ་སྟེ་བྲམ་ཟེ་དེའི་ཁྱིམ་ན་ནོར་ཅི་ཡོད་པ་དེ་དག་ཐམས་ཅད་སོ་སོར་བགོས་ནས་བུ་དེ་དག་ལ་བྱིན་ནོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་དེའི་ཆུང་མ་ཡང་ཤི་ [81B]དེ་རྣམས་ཀྱིས་ཁྱིམ་ནས་བསྐྲད་དེ། དེ་གཞན་དག་གི་ཁྱིམ་དུ་སློང་ཞིང་འཚོ་བར་བྱེད་དོ། །སངས་རྒྱས་བཅོམ་ལྡན་ འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ་ མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་ པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་ སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ ཏེ༑ སུ་ནི། རྒུད། སུ་ནི། དར། སུ་ནི། ཕོངས་ཤིང་འདུག་སུ་ནི་ཉམ་ང་བར་གྱུར། སུ་ནི། གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན་ སུ་ནི། ངན་སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི། ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ [82A]༄༅། །ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་ དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་ རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་ཡོད་པར་བྱ་སྙམ་དུ་ཡེ་ཤེས་ ཀྱི་གཟིགས་པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ་།སངས་རྒྱས་དུས་ལས་ ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་གདུལ་བའི་དུས་ལ་བབ་པར་དགོངས་ནས་སྔ་དྲོ་ཆོས་གོས་དང། ཤམ་ཐབས་གསོལ་ཏེ་ལྷུང་བཟེད་བསྣམས་ ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་ཏེ། བཅོམ་ལྡན་འདས་མཉན་དུ་ཡོད་པར་གཤེགས་པ་ན་བྲམ་ཟེ་རྒས་ཤིང་འཁོགས་ལ་གཏུགས་པ། འཁར་བ་དང་སྣོད་ ཐོགས་ཤིང་གཞན་དག་གི་ཁྱིམ་དུ་སློང་བ་དེ་གཟིགས་སོ། །གཟིགས་ནས་ཀྱང་བྲམ་ཟེ་དེ་ལ་བཀའ་སྩལ་པ། བྲམ་ཟེ་རྒས་ཤིང་འཁོགས་ལ་གཏུགས་པ། ཁྱོད་ཅིའི་ཕྱིར་འཁར་བ་ [82B]།བྲམ་ཟེས་གསོལ་པ། ཀྱེ་གོའུ་ཏམ། བདག་གི་བུ་བདུན་མཆིས་ཏེ། དེ་རྣམས་བདག་གིས་གསོས་ནས་བསྐྱེད་ བསྲིངས་ནས་ཐོས་པས་ཀྱང་མཐར་ཕྱིན་པར་བགྱིས་ཏེ་བཞག་ནས་མཆིས་བྲང་དང་བཅས་ཏེ་བཙེམས་ཏེ་བདག་གི་ཁྱིམ་ན་ཅི་བདོག་པ་དེ་དག་ཐམས་ཅད་ཀྱང་བདག་གིས་སོ་སོར་བགོས་ ཏེ་སྩལ་ན། དེ་རྣམས་ཀྱིས་བདག་ཁྱིམ་ནས་བསྐྲད་པས་ན། འཁར་བ་དང་སྣོད་ཐོགས་ཤིང་གཞན་དག་གི་ཁྱིམ་དུ་སློང་ཞིང་རྒྱུ་བར་བགྱིད་དོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་བྲམ་ཟེ་དེ་ལ་བཀའ་སྩལ་པ། བྲམ་ཟེ། ཁྱོད་ཀྱིས་ང་ལས་ཚིགས་སུ་བཅད་པ་བསླབས་ཏེ་ཀུན་ཆུབ་པར་བྱས་ལ་བུ་དེ་རྣམས་འཁོར་གྱི་ནང་ན་འཁོད་པ་ལ་ བསྒྲགས་པར་ནུས་སམ། བྲམ་ཟེས་གསོལ་པ། ཀྱེ་གོའུ་ཏ་མ། བདག་གིས་རྡོ་ཐོགས་ཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ་ གང་དག་བཙས་ནས་དགར་གྱུར་པ། །གང་ཕྱིར་ནོར་ནི་ཀུན་བསགས་པ་།དེ་དག་བདག་གིས་ཚེམས་དང་སྦྱར། །བདག་ནི་ཁྱིམ་ནས་བསྐྲད་པར་གྱུར། །ནོར་ཟད་པ་ན་གང་ དག་གིས། །བདག་སྤངས་དེ་དག་བདེན་མོ་མིན། །སྲིན་པོའི་བུ་ཡི་ཆ་ལུགས་ཅན། །ཕ་ཕ་ཞེས་བརྗོད་དེ་མི་བརྗིད། །རྟ་རྒན་ཞོ་ཤ་ཟས་པ་བཞིན། །ན་ཚོད་ཡལ་བར་གྱུར་པ་ [83A]༄༅། །ན༑ ༑གཞོན་ནུ་རྣམས་ཀྱི་ཕ་རྒན་ཞིག་གཞན་གྱི་ཁྱིམ་དུ་སློང་བར་གྱུར། །རྟེན་ལ་མ་ཕན་བུ་རྣམས་པས། །བདག་གི་འཁར་བ་འདི་བདམ་སྟེ།། འཁར་བ་ཡི་ཡི་ཡོན་ཏན་མཐུས། །བ་ལང་རྡུང་ཞིང་འོང་བ་དང་།སྤྲུལ་དང་ཁྱི་ཟ་ཟློག་པར་བྱེད། །མུན་པའི་ནང་ན་མདུན་དུ་འགྲོ། །ཡ་ངའི་གནས་སུ་ཚོད་ཀྱང་རིག་རྡེག་འཆོས་ ན་ཡང་བདག་ལ་རྟོན། །དེ་ནས་བྲམ་ཟེ་དེས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ་འདི་དག་ཐོས་ནས་བུ་རྣམས་ཀྱི་འཁོར་དུ་སོང་སྟེ་བརྗོད་ནས་ བུ་རྣམས་ཀྱིས་དེ་ཐོས་མ་ཐག་ཏུ་ཕ་ལ་བཟོད་པ་གསོལ་ཏེ་སྔ་མཁོ་བཞིན་དུ་ཁྱིམ་གྱི་བདག་པོར་བཞག་གོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་དེས་བསམ་པ། བདག་གི་དཔལ་ དང་སྐལ་པ་དང་ལྡན་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི། བཅོམ་ལྡན་འདས་གོའུ་ཏ་མ་དེའི་བཀའ་དྲིན་ཡིན་ན། མ་ལ་བདག་གིས་བཅོམ་ལྡན་འདས་ གོའུ་ཏ་མ་དེ་ལ་བཤོས་གསོལ་ལ་རིན་ཐང་ཆེ་བའི་ན་བཟའ་འབུལ་བར་བྱ་གོར་མ་ཆག་སྙམ་ནས་བྲམ་ཟེ་དེས་བཅོམ་ལྡན་འདས་སྤྱན་དྲངས་ཏེ་བཟའ་བ་དང། བཅའ་བ་ གཙང་མ་བཟང་པོ་མང་པོ་དག་གསོལ་ནས་རིན་ཐང་ཆེ་བའི་ན་བཟའ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་དང། བུ་དེ་རྣམས་ལ་དེ་དང་མཐུན་པའི་ཆོས་ [83B] དེས་ན་བྲམ་ཟེ་དེ་འཁོར་དང་བཅས་པས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་ མ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་༑བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་ རྫོགས་ཤིང་དགེ་སློང་གི་དངོས་པོ་ཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པ་འཚལ་ལོ་།དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་ དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་སྟེ་དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་ མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། བྲམ་ཟེ་ རྒས་ཤིང་འཁོགས་ལ་གཏུགས་པ་འདི་བུ་རྣམས་ཀྱིས་ཁྱིམ་ནས་བསྐྲད་ནས་འདི་བཅོམ་ལྡན་འདས་ཀྱིས་ཐབས་དང་ལྡན་པས་སྔ་མཁོའི་གནས་སུ་སླར་སོར་ཆུད་པར་མཛད་ནས་ [84A]༄༅། །གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་བྲམ་ཟེ་འདི་བུ་རྣམས་ཀྱིས་རང་གི་ཁྱིམ་ནས་བསྐྲད་པ་ན། འདི་ངས་སྔ་མཁོའི་གནས་སུ་བཞག་ནས་ བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ཇི་ལྟར་གནས་པར་བྱས་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཙམ་པ་ཞེས་བྱ་བ་ན་ ཁྱིམ་བདག་ཅིག་གནས་པ་དེ་ལ་སྔ་ཕྱིར་བུ་བདུན་བྱུང་ནས་དེ་དག་གང་གི་ཚེ་ཚེར་སྐྱེས་པ་དེའི་ཚེ་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ནས་ཁྱིམ་བདག་དེས་བུ་དེ་དག་ ཐམས་ཅད་ཁྱིམ་ཕུབ་སྟེ་དེ་ཅི་བདོག་པ་ཐམས་ཅད་ཀྱང་སོ་སོར་བགོས་ནས་དེ་རྣམས་ལ་བྱིན་ནོ། །ཁྱིམ་བདག་དེ་ཡང་རྒས་ཤིང་འཁོགས་ལ་གཏུགས་པར་གྱུར་ནས་དེ་བུ་ དེ་རྣམས་ཀྱི་ཁྱིམ་ནས་བསྐྲད་དེ། དེ་རྒས་བཞིན་དུ་ཟོང་ཁྱེར་ཏེ་ཡུལ་གཞན་དུ་ཆས་སོ། །དེའི་ཚེ་དཀའ་ཐུབ་ཀྱི་གནས་ཤིག་ན་དྲང་སྲོང་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གནས་ ཏེ༑ དཀའ་ཐུབ་ཀྱི་གནས་དེའི་འདབས་ཤིག་ཏུ་འོངས་ནས་དྲང་སྲོང་དེས་ཁྱིམ་བདག་དེ་མཐོང་ནས་སྨྲས་པ། ཁྱིམ་བདག་རྒས་ཤིང་འཁོགས་ལ་གཏུགས་པ། ཁྱོད་ཅིའི་ཕྱིར་ [84B]དེ་ནས་ཁྱིམ་བདག་དེས་གཏམ་དེ་དྲང་སྲོང་དེ་ལ་རྒྱས་པར་བསྙད་དོ། །དེ་ནས་དྲང་སྲོང་གིས་སྨྲས་པ། ཁྱིམ་བདག་ཁྱོད་ངས་ཅི་ནས་བུ་དེ་རྣམས་ཀྱིས་ མཆོད་པ་དང་རིམ་གྲོ་བྱེད་པར་འགྱུར་བ་དེ་ལྟར་བྱའོ་ཞེས་སྨྲས་ནས་དྲང་སྲོང་དེས་ཁྱིམ་བདག་དེ་ཕྱིར་བཟློག་སྟེ་རང་གི་གནས་སུ་ཁྲིད་ནས་དྲང་སྲོང་དེས་དེའི་བུ་རྣམས་ལ་དེ་དང་ མཐུན་པའི་ཆོས་བསྟན་ཏེ། དེས་ན་བུ་དེ་རྣམས་ཀྱིས་ཕ་དེ་ཁྱིམ་དུ་བོས་ནས་སྔ་མཁོའི་གནས་སུ་བཞག་གོ། །དེ་ནས་ཁྱིམ་བདག་དེས་སྔ་མའི་དྲིན་ལན་བསབ་པའི་ཕྱིར་དྲང་སྲོང་ དེ་ལ་ཁྱིམ་དུ་ཟན་བྱིན་ནས་དེའི་ཐད་དུ་རབ་ཏུ་བྱུང་སྟེ། དེ་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི། བྲམ་ཟེ་འདི་ཁོ་ན་ ཡིན་ནོ༑ ༑དེའི་བུར་གྱུར་པ་གང་ཡིན་པ་དེ་དག་ནི། བུ་འདི་དག་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་རྒས་ཤིང་འཁོགས་ལ་གཏུགས་པར་གྱུར་ནས་ཁྱིམ་ནས་བསྐྲད་པ་ལས་ངས་ ཐབས་དང་ལྡན་པས་སྔ་མཁོའི་གནས་སུ་བཅུག་སྟེ་བཞག་ནས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ལ་གནས་པར་བྱས་སོ། །ད་ལྟར་ཡང་འདི་རྒས་ཤིང་འཁོགས་ [85A]༄༅། །ལ་གཏུགས་པར་གྱུར་ནས་ཁྱིམ་ནས་བསྐྲད་པ་ལས་ངས་ཐབས་དང་ལྡན་པས་སྔ་མཁོའི་གནས་སུ་བཅུག་སྟེ་བཞག་ནས་གཡུང་དྲུང་གི་མཐར་ཐུག་པ་ གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་གོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རབ་ཏུ་བྱུང་སྟེ། དེར་ཚེ་གཅིག་ ཏུ་ཚངས་པར་སྤྱོད་པ་སྤྱད་ནས་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།རི་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ ཏེ༑ དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ། བཅུ་ལོན་པ་དང། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། རིགས་དང་མཐུན་པར་ མིང་བཏགས་ནས་དེ་འོ་མ་དང། ཞོ་དང། མར་དང། ཞུན་མར་དང་མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང། ཁོང་རྩིགས་དང་ ཤོད་དགོད་པ་དང། ལག་རྩིས་དང། དབྱུང་བ་དང། སྤ་བ་དང་དགྲམ་པ་དང། གོས་བརྟག་པ་དང། ནོར་བུ་བརྟག་པ་དང། རིན་པོ་ཆེ་བརྟག་པ་དང། སྤོས་བརྟག་པ་དང་ [85B] གླང་པོ་ཆེ་བརྟག་པ་དང། རྟ་བརྟག་པ་དང། གོ་མཚོན་བརྟག་པ་བསླབས་ཏེ་ཡི་གེ་མཁས་པ་དང། ཀློག་མཁས་པ་དང། མཛངས་པ་དང། བྱ་བ་ལ་གསལ་ བ་དང། ཡིད་གཞུངས་པ་དང། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེ་ཕས་མཛའ་སྡེ་རྣམས་ཀྱི་ནང་དུ་བཏང་ངོ། །མཛའ་སྡེ་བོ་དེ་རྣམས་ནི། ལྟ་བ་དང་ འདོད་པ་ཐ་དད་པ་ཕན་ཚུན་མི་མཐུན་པར་སྨྲ་བ་ཤ་སྟག་སྟེ་གང་དག་གང་ལ་དགའ་བ་དེ་དག་དེའི་བསྔགས་པ་རྗོད་པར་བྱེད་དོ་།ཁྱིམ་བདག་གི་བུ་དེ་ནི། རང་བཞིན་གྱིས་ མཛངས་པ་ཞིག་སྟེ། ཐམས་ཅད་ཀྱི་གཞུང་ལུགས་འདྲི་བར་བྱེད་ན་ལ་ལ་ཅི་ཟེར། ལ་ལ་ཅི་ཟེར་བར་གྱུར་ནས་ལྟ་བའི་རྣམ་པ་དེ་དག་མི་འདོད་ཅིང་མི་བཟོད་ལ་རུང་བར་མི་ འཛིན་ཏོ། །དེ་ནས་ཕྱི་ཞིག་ན་དགེ་བསྙེན་ཞིག་གིས་སངས་རྒྱས་ཀྱི་བསྔགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྗོད་ནས་དེ་ཐོས་མ་ཐག་ཏུ་ཁྱིམ་བདག་གི་བུ་དེས་དྲིས་པ་ སངས་རྒྱས་ཞེས་བྱ་བའི་སྒྲ་བྱུང་བ་འདི་དག་ནི། སྔོན་མ་བྱུང་ན། སངས་རྒྱས་ཞེས་བྱ་བ་དེ་སུ་ཞིག་དེ་ནས་དགེ་བསྙེན་དེས་དེ་དང་མཐུན་པའི་སངས་རྒྱས་ཀྱི་བསྔགས་པ་ བརྗོད་དེ། དེས་ན་ཁྱིམ་བདག་གི་བུ་དེ་བཅོམ་ལྡན་འདས་ལ་བལྟ་འདོད་པར་གྱུར་ཏོ། །དེ་ནས་དེས་ཐམས་ཅད་བོར་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་ [86A]༄༅། །འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་དེ་དང་མཐུན་པའི་ ཆོས་བསྟན་ཏེ། དེ་ཐོས་ནས་ཁྱིམ་བདག་གི་བུ་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏོ། །དེ་ནས་ཁྱིམ་བདག་གི་བུ་དེས་བཅོམ་ལྡན་འདས་ཀྱི་གཏམ་འཇུག་ རྫོགས་པར་རིག་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་ འདས་ཀྱི་ཐད་ནས་སོང་ངོ། །དེ་ནས་ཕྱི་ཞིག་ན་དེ་སྦྱིན་པ་གཏོང་བའི་སེམས་སྐྱེས་ལ་ཁྱིམ་ན་ནི། ཅི་ཡང་མི་བདོག་པར་མཐོང་ནས་དེའི་བློ་སྐྱེས་པ། བདག་རྒྱ་མཚོ་ཆེན་པོའི་ནང་ དུ་སོང་ལ། གལ་ཏེ་བདག་གིས་ལན་གཅིག་ཙམ་རིན་པོ་ཆེའི་གླིང་བགྲོད་པ་སྒྲུབ་ནུས་པར་གྱུར་ན་ཡང་དེ་ལྟ་ན་བདེ་བླག་ཏུ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་ནུས་སོ་ སྙམ་ནས་ཚོང་པ་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་ཟོང་ཁྱེར་ཏེ་རྒྱ་མཚོ་ཆེན་པོའི་ནང་དུ་སོང་ནས་དེས་རིན་པོ་ཆེའི་གླིང་བགྲོད་པ་བསྒྲུབས་ཏེ་ཕྱིར་འཛམ་བུའི་གླིང་ལོགས་སུ་ཆས་པ་ ལས༑ དེ་དག་ལ་རླུང་མི་བཟོད་བ་བྱུང་ནས་དེས་གྲུ་བོ་ཆེ་རིའི་གཅོང་རོང་ཞིག་ཏུ་བཙངས་སོ། །དེ་ནས་རྒྱ་མཚོའི་དུས་རླབས་ཕྱིར་ལོག་པ་དང། ཚོང་པ་དེ་དག་འཇིགས་ཤིང་ [86B] བདག་ཅག་ནི། ཤི་ཟིན་ནོ། །བདག་ཅག་གི་སྲོག་ནི་མེད་ཟིན་ནོ། །ད་བདག་ཅག་ལ་དཀའ་བ་བྱེད་པ་དང། སྲོག་ཕངས་པ་སྦྱིན་པ་སུ་ཡོད་ཅེས་འཛེར་ཏོ། །དེ་ནས་ དེད་དཔོན་གྱིས་སྨྲས་པ། མ་འཇིགས་ཤིག་མ་འཇིགས་ཤིག་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་དེངས་ཤིག་དང། དེས་བདག་ཅག་ཕོངས་པ་དང། དཀོས་ཐག་པ་དང་ གནོད་པ་དང་ཕྲད་པ་ལས་སྐྱབས་མཛད་པར་འགྱུར་རོ། །ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚོང་པ་དེ་དག་རྣམས་སངས་རྒྱས་ལ་སྐྱབས་སུ་སོང་སྟེ། བཙུན་པ་བཅོམ་ལྡན་ འདས་ཀྱིས་ནི། འདི་ལྟ་སྟེ། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་ཅི་ཡང་མི་གཟིགས་པ་དང། མི་མཁྱེན་པ་དང། ཐུགས་སུ་མ་ཆུད་པ་མ་མཆིས་ན། ཀྱེ་ མ་བཙུན་པ། བདག་ཅག་ཕོངས་ཤིང་དཀོས་ཐག་ལ་གནོད་པ་དང་ཕྲད་པ་རྣམས་ཀྱི་སྐྱབས་མཛད་དུ་གསོལ་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་གྲུ་དེ་རང་ཉིད་ རིའི་གཙོང་རོང་དེ་ནས་ཕྱིར་ལོག་སྟེ་རྒྱ་མཚོའི་འགྲམ་དུ་འབྱུང་བར་འགྱུར་བ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་དེ་དག་རྒྱ་མཚོ་ཆེན་པོའི་འགྲམ་དུ་བྱུང་ནས་མཐར་གྱིས་མཉན་ དུ་ཡོད་པར་སོང་སྟེ་མཉན་དུ་ཡོད་པར་རྫས་རྣམས་བཞག་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ [87A]༄༅། །ལྡན་འདས་ཀྱི་ཞབས་ལ་འོ་བྱས་ནས་འདི་སྐད་ཅེས་གསོལ་ཏོ་།བཅོམ་ལྡན་འདས་ནི། བདག་ཅག་ལ་དཀའ་བ་མཛད་མཛད་པ་ལགས་ སྲོག་ཕངས་པ་སྩོལ་བ་ལགས་སོ། །ཞེས་གསོལ་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་དང། བག་ལ་ཉལ་ དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་དེད་དཔོན་ལ་སོགས་པ་ཚོང་པ་ལྔ་བརྒྱ་པོ་རྣམས་ཀྱིས་སྟན་དེ་ ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་རྣམས་ཀྱིས་ བདེན་པ་མཐོང་ནས་གསོལ་པ། བཙུན་པ། བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་ པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་དགེ་སློང་ཚུར་ཤོག་ཅེས་ བྱ་བའི་ཚིགས་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་དག་ལ་ལུང་ཡང་ཕོག་སྟེ། དེ་དག་གིས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་ [87B]ཏེ། དེ་དག་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་ པ༑ ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ་ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་དང་མངོན་པར་ ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་ པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། ཚོང་པ་ལྔ་བརྒྱ་པོ་འདི་རྣམས་དེད་དཔོན་ འདི་ལ་བརྟེན་ཏེ་བཅོམ་ལྡན་འདས་ཀྱིས་འཇིགས་པ་ཆེན་པོ་ལས་བསྐྱབས་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་ གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ཚོང་པ་ལྔ་བརྒྱ་པོ་འདི་རྣམས་དེད་དཔོན་འདི་ལ་བརྟེན་ཏེ་ངས་ འཇིགས་པ་ཆེན་པོ་ལས་བསྐྱབས་ནས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ལ་ཇི་ལྟར་བཀོད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ [88A]༄༅། །ཁྱེར་ཝཱ་ར་ཎ་སི་ན་དཀའ་ཐུབ་ཀྱི་གནས་ཤིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གནས་ཏེ། དེ་ཡང་ཝཱ་ར་ ཎ་སི་ན་གནས་པའི་སྐྱེ་བོ་མང་པོས་བཀུར་སྟི་བྱ་བ་དང། བླ་མར་བྱ་བ་དང། རི་མོར་བྱ་བ་དང། མཆོད་པར་བྱ་བ་ཞིག་གོ་དེ་ནས་ཕྱི་ཞིག་ན་ཝཱ་ར་ཎ་སི་ན་ཚོང་པ་ལྔ་བརྒྱ་ཙམ་ གྱིས་དྲང་སྲོང་དེ་ལ་བསྙེན་བཀུར་བྱས་ནས་རྒྱ་མཚོ་ཆེན་པོ་ནང་དུ་སོང་སྟེ། དེ་དག་གིས་རིན་པོ་ཆེའི་གླིང་བགྲོད་པ་བསྒྲུབས་ནས་ཕྱིར་འཛམ་བུའི་གླིང་ལོགས་སུ་ཆས་པ་ ལས༑ དེ་དག་གི་གྲུ་བོ་ཆེ་རྒྱ་མཚོའི་དུས་རླབས་ཀྱིས་ཐང་ལ་འཕངས་ནས་དེ་དག་དེར་འཇིགས་ཤིང་སྐྲག་པར་གྱུར་ཏེ། བདག་ཅག་འཚོ་བའི་དུས་སྐབས་མེད་དོ་སྙམ་ནས་ དེ་དག་ལྷ་རྣམས་ལ་གསོལ་བ་འདེབས་པར་བྱེད་དོ། །དེ་ནས་དེད་དཔོན་གྱིས་སྨྲས་པ། བདག་ཅག་གིས་ལྷ་གཞན་དག་ལ་གསོལ་བ་གདབ་པ་ཅི་དགོས། བདག་ཅག་ དྲང་སྲོང་དེ་ཉིད་ལ་སྐྱབས་སུ་འགྲོ་བར་བྱའོ། །འོན་ཏང་དེས་བདག་ཅག་ཕོངས་ཤིང་དཀོས་ཐག་པ་དང། གནོད་པ་དང་ཕྲད་པ་ལས་སྐྱབས་བྱེད་པར་འགྱུར་ཞིང་སྲོག་ ཕངས་པ་སྦྱིན་པར་བྱེད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚོང་པ་ལྔ་བརྒྱ་པོ་དེ་དག་དྲང་སྲོང་དེ་ཁོ་ན་ལ་སྐྱབས་སུ་དོང་ངོ་།དེ་ནས་དྲང་སྲོང་དེ་ལ་དགའ་བའི་ལྷས་དྲང་སྲོང་དེ་ལ་ [88B]འཕྲུལ་གྱིས་རྒྱ་མཚོ་ཆེན་པོའི་ནང་ནས་ཕྱུང་སྟེ་རང་གི་དཀའ་ཐུབ་ཀྱི་ཚལ་དུ་བཀོད་དོ། །དེ་ནས་ཚོང་པ་རྣམས་ཀྱིས་བསམ་པ་བདག་ཅག་ གསོན་པོར་གྱུར་པ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི། དྲང་སྲོང་འདིའི་མཐུ་ཡིན་ནོ་སྙམ་ནས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ནས་ཐམས་ཅད་དྲང་སྲོང་དེའི་ཐད་དུ་ རབ་ཏུ་བྱུང་སྟེ་དེ་དག་དེར་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་དེད་དཔོན་དུ་གྱུར་པ་གང་ཡིན་པ་དང། ཚོང་བར་གྱུར་པ་གང་ཡིན་པ་དེ་དག་ནི། ཚོང་བ་འདི་རྣམས་ཁོ་ ན་ཡིན་ཏེ། དེའི་ཚེ་ཡང་འདི་རྣམས་དེད་དཔོན་འདི་ཁོ་ན་ལ་བརྟེན་ནས་ངས་འཇིགས་པ་ཆེན་པོ་ལས་བསྐྱབས་ཏེ་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་བཀོད་དོ། ། ད་ལྟར་ཡང་འདི་རྣམས་དེད་དཔོན་འདི་ལ་བརྟེན་ནས་ངས་འཇིགས་པ་ཆེན་པོ་ལས་བསྐྱབས་ཏེ་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ ལ་བཀོད་དོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་དག་ཐམས་ཅད་རབ་ཏུ་བྱུང་སྟེ། དེར་འདི་རྣམས་ཀྱིས་ཚེ་གཅིག་ཏུ་ཚངས་པར་ [89A]༄༅། །སྤྱོད་པ་སྤྱད་ནས་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།གླུད་ཅེས་བྱ་བ་ནི། གླེང་གཞི་ མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་ མགུར་སྤྱོད་དོ། །ཁྱིམ་བདག་དེ་ཡང་བུ་མི་གཤིན་པ་ཞིག་སྟེ། བུ་དང་བུ་མོ་བཙས་སོ་ཅོག་འཆི་བར་འགྱུར་རོ། །ཁྱིམ་བདག་དེའི་བསེན་ནི། ཚེ་དང་ལྡན་པ་མ་འགགས་ པ་ཡིན་ཏེ། དེས་ཁྱིམ་བདག་དེ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ལ་གནས་པར་བྱས་ནས་སྦྱིན་པ་དག་སྦྱིན་པའི་བགོ་བཤའ་བྱེད་དུ་བཅུག་གོ་དེ་ ནས་ཕྱི་ཞིག་ན་ཁྱིམ་བདག་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ། བཅུ་ལོན་པ་དང། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ ནས་ཁྱིམ་བདག་དེས་བསམ་པ། ཐབས་ཇི་ལྟར་བྱས་ན། ཁྱེའུ་འདིའི་ཚེ་རིང་བར་འགྱུར་ཞིག་གུ་སྙམ་ནས་དེའི་བློ་སྐྱེས་པ། འཕགས་པ་མ་འགགས་པ་འདི་ནི། རྫུ་འཕྲུལ་ [89B] ཆེ་བར་གྲགས་པ་ཡིན་པས་ན། འདི་ལ་བདག་གི་བུ་འདི་གཡོག་ཏུ་ཕུལ་ན། འདིའི་མཐུས་ཚེ་རིང་བར་འགྱུར་ཡང་སྲིད་དོ་སྙམ་ནས་ཕ་མ་གཉིས་ ཀྱིས་ཁྱེའུ་དེ་ཚེ་དང་ལྡན་པ་མ་འགགས་པ་ལ་ཕུལ་ནས་དེ་ཉིན་གཅིག་བཞིན་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་ཅིང་གསོ་བར་བྱེད་ལ། དགེ་སྦྱོང་གི་ཆ་ལུགས་སུ་བཅུག་ནས་ དགེ་སློང་དག་དང་ལྷན་ཅིག་ཏུ་བསོད་སྙོམས་རྒྱུ་བར་བྱེད་དོ། །དེ་ནས་དེ་གང་གི་ཚེ་ཤེང་བྱེ་བར་གྱུར་པ་དེའི་ཚེ་ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ ཁྱིམ་དུ་སྤྱན་དྲངས་ནས་རང་གི་ལག་ནས་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་ཁྱེའུ་དེའི་གླུད་དུ་གསེར་དངུལ་ མང་པོ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཁྱིམ་བདག་དེ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་གཟེངས་བསྟོད་ ཡང་དག་པར་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ་།བཅོམ་ལྡན་འདས་གཤེགས་ནས་ཁྱིམ་བདག་དེས་ཁྱེའུ་དེའི་ཆོས་གོས་ཚོན་ཅན་རྣམས་ཕུད་ དེ་ཁྱིམ་པའི་གོས་དང་རྒྱན་རྣམས་བསྐོན་ནོ། །དེ་ནས་དེའི་ཁྱིམ་པའི་གོས་དང་རྒྱན་བསྐོན་ནོ་ཅོག་མི་སྣང་བར་གྱུར་ཏེ། ཆོས་གོས་ཚོན་ཅན་དེ་དག་འབའ་ཞིག་བྱུང་བར་གྱུར་ཏོ། །དེ་ [90A]༄༅། །ནས་གང་གི་ཚེ་ཆ་ལུགས་དེ་བསྒྱུར་མ་ནུས་པ་དེའི་ཚེ་དགེ་སློང་གི་ཆ་ལུགས་འདུག་བཞིན་དུ་གསོ་བར་བྱེད་དེ། ཁྱིམ་དེ་ཉིད་དུ་ནེའུ་ལྡངས་ཀྱི་ གྲོགས་པོ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཡི་གེ་སློབ་ཏུ་བཅུག་གོ་དེ་ནས་དེ་རང་གི་ཁྱིམ་དེར་ཡང་དགའ་བ་མེད་ན། གཞན་དུ་ལྟ་ཅི་སྨོས་ཏེ། གཙུག་ལག་ཁང་འབའ་ཞིག་ཏུ་ འགྲོ་འདོད་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་དེས་བུ་དེ་གཙུག་ལག་ཁང་དུ་ཁྲིད་ནས་དེ་ཉིད་དུ་གསོས་སོ། །དེ་ནས་དེས་གཙུག་ལག་ཁང་དེ་ཉིད་དུ་བསྟན་བཅོས་ཐམས་ ཅད་རྟོགས་པར་གྱུར་ནས་དེ་ཕྱིར་ཁྱིམ་དུ་འགྲོ་མི་འདོད་དེ། གཙུག་ལག་ཁང་ན་འདུག་བཞིན་དུ་དེས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་ མཐོང་ནས་ཕ་མ་ལ་གསོལ་ཏེ་ཚེ་དང་ལྡན་པ་མ་འགགས་པའི་ཐད་དུ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཏེ། ཚེ་དང་ལྡན་པ་མ་འགགས་པས་དེ་ལ་ལུང་ཡང་ཕོག་ནས་ དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགྲ་བཅོམ་པར་གྱུར་ནས་བསམ་པ་ བདག་གིས་འདུལ་བར་འགྱུར་བ་འགའ་ལྟ་ཅི་ཡོད་སྙམ་པ་དང། དེས་བལྟས་ན་བདག་གི་ཕ་མ་ལ་སོགས་པ་ནེའུ་ལྡངས་ཀྱི་གྲོགས་པོ་ལྔ་བརྒྱ་འདུལ་བར་གྱུར་པ་མཐོང་ [90B]རང་གི་ཁྱིམ་དུ་ཕ་མ་གཉིས་ཀྱི་མདུན་ནས་ས་བརྟོལ་ཏེ་བྱུང་ངོ་།དེ་ནས་དེ་མཐོང་མ་ཐག་ཏུ་ཕ་མ་གཉིས་དེ་ལ་ཤིན་ ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་ཆོས་མཉན་པའི་ཁྱིར་མདུན་དུ་འདུག་གོ། །དེ་ནས་དེས་ཕ་མ་གཉིས་ཀྱི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། ཤེས་ པ་དང། རང་བཞིན་རྟོགས་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ་དེས་ན་ཕ་མ་དེ་གཉིས་འཁོར་དང་བཅས་པས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་ བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། བདེན་པ་མཐོང་ནས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་ རྣམས་ལ་བཀོད་དེ། སྦྱིན་པ་དག་སྦྱིན་པའི་བགོ་ཤ་ཡང་བྱེད་དུ་བཅུག་ནས་ཁྱིམ་དེ་ཁྲོན་པ་དང་འདྲ་བར་བྱས་ཏེ་བཞག་གོ་དེས་ནེའུ་ལྡངས་ཀྱི་གྲོགས་པོ་ལྔ་བརྒྱ་བོ་དེ་དག་ ཀྱང་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ལ་བཀོད་དོ་།དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། ཁྱིམ་བདག་ འདིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ་ [91A]༄༅། །མི་མཉེས་པར་མ་བགྱིས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་ སུམ་དུ་བྱ་བགྱིས་ལ། འདི་ཉིད་ལ་བརྟེན་ནས་ཕ་མ་ལ་སོགས་པ་དང། ནེའུ་ལྡངས་ཀྱི་གྲོགས་པོ་ལྔ་བརྒྱས་བདེན་པ་མཐོང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱང་འདིས་ མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ་བཙུན་པ། འདི་ རྣམས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་ བུ་འདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་ ཝཱ་ར་ཎ་སི་ན་ཁྱིམ་བདག་ཅིག་གནས་པ་ལས། ཕྱི་ཞིག་ན་དེའི་བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་དེས་ཡང་ [91B]པ་རྙེད་ནས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་སོ། །དེ་གང་གི་ཉིན་བར་བཙས་པ་དེ་ཁོ་ ནའི་ཉིན་པར་ཁྱིམ་བདག་གཞན་གྱི་བུ་ལྔ་བརྒྱ་ཡང་བཙས་ཏེ་གང་གི་ཚེ་དེ་དག་ཆེར་སྐྱེས་པ་དེའི་ཚེ་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་དེ་དག་སོ་སོའི་ ཕ་མ་རྣམས་ཀྱིས་མཛའ་སྡེའི་ནང་དུ་བཏང་ངོ། །དེ་ནས་ཕྱི་ཞིག་ན་དཔྱིད་ཀྱི་དུས་སུ་མཛའ་སྡེ་བོ་དེ་རྣམས་སྐྱེད་མོས་ཚལ་ཤིང་ལྗོན་པ་ཡལ་ག་འཁྲིགས་ཤིང་མེ་ཏོག་ རྒྱས་པའི་ནང་དུ་འགྲོ་འདོད་པར་གྱུར་ནས་ནེའུ་བླ་རྣམས་ཀྱིས་ཁྱེའུ་དེ་སྔོན་དུ་གཏང་བར་འདོད་དེ། ཁྱོད་སྔར་སོང་ལ་བཟའ་བ་དང། བཅའ་བ་དག་སྟ་གོན་གྱིས་ཤིག་དང་ བདག་ཅག་ཀྱང་དོན་དག་གྲུབ་ནས་འོང་ངོ། །ཞེས་བྱས་སོ། །དེ་ནས་དེ་དེར་སོང་ནས་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོ་དག་སྟ་གོན་བྱས་སོ། །ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་འཁོར་དང་བཅས་པ་ཡང་ས་ཕྱོགས་དེ་ལོགས་ནས་ཝཱ་ར་ཎ་སིར་བསོད་སྙོམས་ལ་ཆས་ཏེ་གཤེགས་སོ། །དེ་ནས་ཁྱེའུ་དེས་ཐག་རིང་ པོ་ཞིག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཁོར་དང་བཅས་པ་མཐོང་ངོ། །མཐོང་ནས་ཀྱང་དེས་བསམ་པ། ཡོན་གནས་ཀྱི་མཆོག་འདི་ལྟ་བུ་བསོད་ [92A]༄༅། །སྙོམས་ལ་ཆས་ཏེ་གཤེགས་ལ། བདག་གིས་ཀྱང་ཚེགས་ཆུང་ངུས་བཟའ་བ་དང་བཅའ་བ་དག་སྦྱར་བ་ཡོད་ན། བདག་གིས་ཇེ་ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་འཁོར་དང་བཅས་པ་ལ་བཤོས་གསོལ་ལ་དེའི་འོག་ཏུ་བདག་གིས་གྲོགས་པོ་རྣམས་ཀྱི་བཟའ་བ་དང་བཅའ་བ་གཞན་དག་སྦྱར་ བར་བྱའོ་སྙམ་ནས་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཁོར་དང་བཅས་པ་སྐྱེད་མོས་ཚལ་དེ་ཉིད་ཀྱི་ནང་དུ་སྤྱན་དྲངས་ཏེ་བཟའ་བ་དང་བཅའ་བ་ གཙང་མ་བཟང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ་དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ སྲུང་གིས་དེ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་ གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་ཁྱེའུ་དེས་མཛའ་སྡེ་བོ་རྣམས་ཀྱི་ཕྱིར་བཟའ་བ་དང། བཅའ་བ་གཞན་དག་སྟ་གོན་བྱེད་པ་ལ་ཞུགས་སོ། །དེ་ནས་ མཛའ་སྡེ་བོ་དེ་རྣམས་སྐྱེད་མོས་ཚལ་དེར་ལྷགས་ནས་བདག་ཅག་གི་བཟའ་བ་དང། བཅའ་བ་སྟ་གོན་བྱས་པ་དེ་དག་ཐམས་ཅད་ཡང་དག་པར་རྫོགས་པའི་ [92B] །ཞེས་ཐོས་སོ། །དེ་ཐོས་མ་ཐག་ཏུ་དེ་དག་ཤས་ཆེར་ཁྲོས་ཏེ། དེ་དག་ཁྲོས་ནས་ཁྱེའུ་དེ་གསད་པར་བྱས་སོ། །དེ་ནས་ ཁྱེའུ་དེ་འཇིགས་ཤིང་སྐྲག་པར་གྱུར་ནས་དྲང་སྲོང་སྨྲ་བར་སོང་སྟེ། དེས་གནས་དེ་ནས་ཕ་མ་གཉིས་ལ་བཟླུགས་ཏེ་ཕ་མ་གཉིས་ཀྱིས་འཐབ་མོ་ཞི་བར་བྱ་བར་བརྩམ་པ་ལས་ ཞི་བར་བྱེད་མ་ནུས་ནས་ཁྱེའུ་དེས་ཕ་མ་གཉིས་ལ་གསོལ་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་ངོ། །དེ་རབ་ཏུ་བྱུང་ནས་སྡེ་སྣོད་ གསུམ་ལོབས་ཏེ། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ནས་དེས་ཕ་མ་གཉིས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ལ་བཀོད་ནས་ སྦྱིན་པ་དག་སྤྱིན་པའི་བགོ་བཤའ་བྱེད་དུ་བཅུག་གོ་དེ་ནས་མཛའ་སྡེ་བོ་རྣམས་ཀྱིས་དེ་རབ་ཏུ་བྱུང་བ་མཐོང་ནས་འགྱོད་པ་སྐྱེས་ཏེ་བདག་ཅག་གིས་མ་ལེགས་པར་བྱས་སོ་ སྙམ་ནས་དེ་དག་གིས་དེའི་རྐང་པ་ལ་ཕྱག་འཚལ་ཏེ་བཟོད་པ་གསོལ་ཏོ། །དེ་ལས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ཀྱང་བླངས་སོ། །དེ་ནས་ཕྱི་ཞིག་ན་དགེ་ སློང་དེ་ནད་ཀྱིས་ཐེབས་ནས་དེ་རྩ་བ་དང། སྡོང་བུ་དང། ལོ་མ་དང། མེ་ཏོག་དང། འབྲས་བུའི་སྨན་རྣམས་ཀྱིས་རིམ་གྲོ་བྱས་ཀྱང་སོས་པར་བྱེད་མ་ནུས་ཏེ། དེས་འཆི་ [93A]༄༅། །ཁར་སྨོན་ལམ་བཏབ་པ། ཀྱེ་མ་འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་ པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ན་དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་ འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་ བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེའི་ཕ་མ་གཉིས་དང་མཛའ་སྡེ་བོ་དེ་རྣམས་ཀྱང་དེའི་མདུན་དུ་འདུག་པར་གྱུར་ཏེ། དེ་རྣམས་ཀྱིས་ཀྱང་ ཐོས་ནས་སྨོན་ལམ་བཏབ་པ། བདག་ཅག་ཀྱང་ཁྱོད་ཁོ་ན་ལ་བརྟེན་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པ་བྱེད་པར་མ་གྱུར་ ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་སྡེ་སྣོད་གསུམ་པར་གྱུར་པ་གང་ཡིན་པ་དེ་ནི་ཁྱིམ་བདག་གི་བུ་འདི་ཁོ་ན་ཡིན་ནོ། །དེའི་ཚེ་ཕ་མ་གཉིས་ [93B]ན་ཡིན་ནོ། །དེའི་ཚེ་མཛའ་སྡེ་བོར་གྱུར་པ་གང་ཡིན་པ་དེ་དག་ནི་ད་ལྟར་གྱི་ནེའུ་ལྡང་ལྔ་བརྒྱ་པོ་འདི་དག་ཁོ་ན་ཡིན་ནོ། །དེས་དེར་ཚེ་གཅིག་ ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་ པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེར་དེའི་ཕ་ མ་གཉིས་དང། མཛའ་སྡེ་བོ་དེ་རྣམས་ཀྱིས་ཀྱང་སྨོན་ལམ་བཏབ་པ་དེས་ན། ད་ལྟར་ཡང་འདི་ཁོ་ན་ལ་བརྟེན་ནས་འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ སོ༑ ༑ལས་བརྒྱ་ཐམ་པ། བམ་པོ་སུམ་ཅུ་གཉིས་པ།། །།འཐབ་པ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་ཡུལ་ཀོ་ས་ལ་དང། ཡུལ་མ་ ག་དཧའི་བར་མཚམས་ནས་སེངྒེ་མཐུ་རྩལ་བདོ་བ་གཉིས་འདུག་སྟེ་དེ་གཉིས་དེ་ན་འདུག་པས་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དེ་འགྲུལ་བཅད་དོ། །དེ་གཉིས་ཀྱིས་ལ་མཆོད་པས་སུ་ཡང་ [94A]༄༅། །ལམ་དེར་འགྲོ་མི་ནུས་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྡར་གྲོལ་བ་ལས་ རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ༑ བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ༑ རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད་སུ་ནི། དར་ སུ་ནི༑ ཕོངས་ཤིང་འདུག་སུ་ནི། ཉམ་ང་བར་གྱུར། སུ་ནི། གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་སོང་དུ་ གཞོལ༑ སུ་ནི། ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་ [94B]སུ་ནི། འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་ བྱ༑ སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་སྨིན་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་སྨིན་ ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་ཡོད་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་ གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ ལྡན་འདས་ཀྱིས་སེངྒེ་དེ་གཉིས་གདུལ་བའི་དུས་ལ་བབ་པར་དགོངས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་དགེ་སློང་ རྣམས་ལ་བཅོམ་ལྡན་འདས་ཡུལ་མ་ག་དཧའི་ཕྱོགས་སུ་ལྗོངས་རྒྱུ་ཞིང་གཤེགས་ཀྱི། སུ་བཅོམ་ལྡན་འདས་དང་ལྷན་ཅིག་ལྗོངས་རྒྱུ་ཞིང་འགྲོ་འདོད་པ་དེ་དག་ཆོས་གོས་ ལོངས་ཤིག་ཅེས་སྒོས་ཤིག་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་དབྱར་གནས་ཤིང་དབྱར་བཞུགས་ནས་དགེ་སློང་མང་པོས་ཞམ་རིང་བྱས་ཏེ་དགེ་སློང་གི་དགེ་འདུན་ [95A]༄༅། །ཅིས་[?]མདུན་དུ་བདར་ནས་རྒྱལ་པོའི་ཁབ་ཏུ་ཆས་ཏེ་མཐར་གྱིས་རྒྱུ་ཞིང་གཤེགས་གཤེགས་ནས་སེངྒེའི་ནགས་ཁུང་དུ་བྱོན་ནས་སེངྒེ་དེ་གཉིས་ ཟས་ཚོལ་དུ་སོང་སོང་བ་ལས་དེ་གཉིས་ཕྲད་ནས་འཐབ་པར་ཆས་སོ། །བཅོམ་ལྡན་འདས་ཀྱང་དེ་གཉིས་ལ་ཐུགས་བརྩེ་བའི་ཕྱིར་མདུན་ལོགས་སུ་གཞེས་སོ། །དེ་ ནས་ཐག་རིང་པོ་ཞིག་ནས་སེངྒེ་དེ་གཉིས་ཀྱིས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་སེངྒེ་དེ་གཉིས་ཀྱི་ཁྲོ་བའི་ཀུན་ནས་དཀྲིས་པ་མེད་པར་གྱུར་ཏེ། བཅོམ་ ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ནས་དེ་གཉིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ བཅོམ་ལྡན་འདས་ཀྱི་ཞལ་དུ་ལྟ་ཞིང་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་བཀའ་སྩལ་པ། བཞིན་བཟང། ཁྱེད་གཉིས་སྔོན་གྱི་ཉེས་པར་སྤྱོད་ པའི་ལས་ཀྱིས་དུད་འགྲོའི་ནང་དུ་སྐྱེས་ན། ཁྱེད་གཉིས་ད་ལྟར་ཡང་དེ་འབའ་ཞིག་གི་རྒྱུ་བྱེད་ཅིང་འདུག་གམ། བཞིན་བཟང་གཉིས་འདི་ལྟར་འདུ་བྱེད་ཐམས་ཅད་ནི་ མི་རྟག་གོ་ཆོས་ཐམས་ཅད་ནི། བདག་མེད་དོ། །མྱ་ངན་ལས་འདས་པ་ནི། ཞི་བའོ། །ང་ལ་སེམས་དགའ་བར་གྱིས་ཤིག་དང། དུད་འགྲོའི་སྐྱེ་གནས་དང་བྲལ་བར་འགྱུར་ [95B] །ཞེས་བཀའ་སྩལ་ནས་བཅོམ་ལྡན་འདས་གཤེགས་སོ་།དེ་གཉིས་བཅོམ་ལྡན་འདས་ལས་ཆོས་ཐོས་ནས་ཁ་འཚོས་སོ། །དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་ ནི༑ མེའི་དྲོད་ཆེ་སྟེ། བཅོམ་ལྡན་འདས་ལ་སེམས་དགའ་བ་སྐྱེས་བཞིན་དུ་ཤི་ནས་ལྷའི་ནང་དུ་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་མ་ཐག་པ་ནི། ཆོས་ཉིད་ཀྱིས་སེམས་རྣམ་པ་ གསུམ་སྐྱེ་བར་འགྱུར་ཏེ། བདག་གང་ནས་ཤི་འཕོས། གང་དུ་སྐྱེས་ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་དུད་འགྲོ་ལས་ཤི་འཕོས་པ་དང། ལྷའི་ནང་དུ་སྐྱེས་པ་དང་ བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པ་དེ་གཉིས་ཀྱིས་མཐོང་ངོ་།དེ་ནས་དེ་གཉིས་ཀྱིས་བསམ་པ། བདག་ཅག་གཉིས་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་ལ་བལྟ་ བའི་ཕྱིར་འགྲོ་བ་ནི། བདག་ཅག་གཉིས་ཀྱི་ཆ་མ་ཡིན་གྱི། བདག་ཅག་གཉིས་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་སེངྒེར་གྱུར་པའི་ ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་རྒྱན་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་རྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན། ལུས་གུར་གུམ་དང་ ཏ་མ་ལའི་ལོ་མ་དང་སྤྲིག་ཀ་ལ་སོགས་པས་བྱུགས་པ་དེ་གཉིས་ཀྱིས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུཏྤ་ལ་དང། པདྨ་དང། ཀུ་མུ་ད་དང། པདྨ་དཀར་པོ་དང། མནྡྷ་ར་བ་ [96A]༄༅། །རྣམས་ཀྱིས་ཐུ་བ་བཀང་སྟེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས་བཅོམ་ལྡན་འདས་ལ་མེ་ཏོག་གིས་ གཏོར་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་དེ་དང་ མཐུན་པའི་ཆོས་བསྟན་ཏེ་དེ་གཉིས་ཀྱིས་ཆོས་ཐོས་ནས་བདེན་པ་མཐོང་བར་གྱུར་ཏེ། དེ་གཉིས་བདེན་པ་མཐོང་ནས་རང་གི་གནས་སུ་སོང་ངོ། །དེ་ནས་དགེ་སློང་ རྣམས་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་པ་མཐོང་ནས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས། ཅི་ལགས་ མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བྮིའམ། ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གཞན་འགའ་ ཞིག་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་ པའམ༑ ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བྮིའམ། ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གཞན་འགའ་ཞིག་པ་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་ [96B] དགེ་སློང་དག་ཁྱེད་ཀྱིས་ནགས་ཁུང་དགོན་པ་ན་སེངྒེ་གཉིས་ཕན་ཚུན་འཐབ་ཅིང་འདུག་པ་མཐོང་ངམ། གསོལ་པ། བཙུན་པ། མཐོང་ལགས་སོ། །བཀའ་སྩལ་ པ༑ ངས་དེ་གཉིས་ལ་ཆོས་བསྟན་ཏེ་དེ་གཉིས་ཀྱིས་ང་ལས་ཆོས་ཐོས་ནས་ཁ་འཚོས་ཏེ་དེ་གཉིས་ཤི་འཕོས་ཏེ་དུས་ལས་འདས་པ་ལས་ལྷའི་ནང་དུ་སྐྱེས་ཏེ། ལྷར་གྱུར་ ནས་ངའི་ཐང་དུ་འོངས་ཏེ་དེ་གཉིས་ལ་ངས་ཆོས་བསྟན་ནས་ང་ལས་ཆོས་ཐོས་པ་དེས་ན་དེ་དག་གིས་བདེན་པ་རྣམས་མཐོང་སྟེ་རང་གི་གནས་སུ་སོང་ངོ། །དེ་ནས་དགེ་ སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་སེངྒེ་དེ་གཉིས་ཀྱི་འཁོན་བྱང་བར་མཛད་དེ་མཐོ་རིས་དང་ཐར་པ་ ཐོབ་པར་མཛད་ལ། ཡུལ་འཁོར་གཉིས་ཀྱི་འཇིགས་པ་བསལ་བ་ལ་གཟིགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ་འདས་ པའི་དུས་ན་ཡང་ངས་འདི་གཉིས་ཀྱི་འཁོན་བྱང་བར་བྱས་ནས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ལ་བཀོད་དེ། ཡུལ་འཁོར་གཉིས་ཀྱི་འཇིགས་པ་ ཡང་ཇི་ལྟར་བསལ་བ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ཡུལ་ཀ་ཤིའི་རྒྱལ་པོ་ཚངས་པས་བྱིན་དང། བི་དེ་ཧའི་རྒྱལ་པོ་དབང་ཆེན་སྡེ་གཉིས་ [97A]༄༅། །ཕན་ཚུན་མི་མཐུན་པར་གྱུར་ནས་དེ་གཉིས་ཀྱིས་དུས་དུས་སུ་སྐྱེ་བོ་ཕལ་པོ་ཆེ་ཁ་འདོག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་དེ་གཉིས་ཀྱིས་དཔུང་གི་ ཚོགས་ཡན་ལག་བཞི་གོ་བསྐོན་ནས་གཡུལ་འགྱེད་པར་འདོད་པའི་ཕྱིར་ས་མཚམས་ན་འཁོད་དོ། །དེ་གཉིས་འཁོད་པའི་འདབ་ན་དཀའ་ཐུབ་ཀྱི་ནགས་ཤིག་ན་དྲང་ སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གནས་པ་དེས་དེ་གཉིས་ལ་སྙིང་བརྩེ་བའི་ཕྱིར་སྟེང་གི་ནམ་མཁའ་ལས་འོངས་ནས་དེ་ གཉིས་ཀྱི་བར་མཚམས་སུ་འདུག་གོ། །དེ་ནས་དྲང་སྲོང་དེ་མཐོང་ནས་དེ་གཉིས་ཀྱི་ཁྲོ་བའི་ཀུན་ནས་དཀྲིས་པ་མེད་པར་གྱུར་ནས་དྲང་སྲོང་དེ་ལ་ཤས་ཆེར་དགའ་བར་གྱུར་ ཏོ༑ ༑དེ་གཉིས་དགའ་བར་གྱུར་ནས་དྲང་སྲོང་དེ་ལ་སྨྲས་པ། བཀའ་སྩལ་པ་ཅི་མཆིས། དྲང་སྲོང་དེས་སྨྲས་པ། འཁོན་བྱང་བར་གྱིས་ཤིག་རྒྱལ་པོ་དེ་གཉིས་ཀྱིས་ སྨྲས་པ༑ དྲང་སྲོང་གིས་ཇི་སྐད་བཀའ་སྩལ་པ་དེ་བཞིན་དུ་འཚལ་ལོ། །ཞེས་སྨྲས་ནས་མཇལ་དུམ་བྱས་ཏེ་དྲང་སྲོང་གི་རྐང་པ་ལ་ཕྱག་འཚལ་ནས་ཆོས་མཉན་པའི་ཕྱིར་ དྲང་སྲོང་གི་མདུན་དུ་འདུག་གོ་དྲང་སྲོང་དེས་ཀྱང་དེ་གཉིས་ལ་དེ་དང་མཐུན་པའི་ཆོས་བསྟན་ཏོ། །དེས་ན་རྒྱལ་པོ་དེ་གཉིས་སོ་སོའི་བུ་རབ་རྒྱལ་སར་བཅུག་ནས་དྲང་སྲོང་ [97B]མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་ དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ་།དེའི་ཚེ་ཀ་ཤིའི་རྒྱལ་པོ་ཚངས་པས་བྱིན་དང། བི་དེ་ཧའི་རྒྱལ་པོ་དབང་ཆེན་སྡེར་གྱུར་པ་གང་ཡིན་པ་དེ་གཉིས་ ནི༑ སེངྒེ་འདི་གཉིས་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་ངས་དེ་གཉིས་ཀྱི་འཁོན་བྱང་བར་བྱས་ནས་རབ་ཏུ་བྱུང་སྟེ་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །ད་ ལྟར་ཡང་ངས་འདིས་གཉིས་ཀྱི་འཁོན་བྱང་བར་བྱས་ནས་མཐོ་རིས་དང་ཐར་པ་ཐོབ་པར་བྱས་སོ། །གསོལ་པ། བཙུན་པ། འདི་གཉིས་ཀྱིས་ལས་ཅི་བགྱིས་ན། ལས་ དེའི་རྣམ་པར་སྨིན་པས་སེངྒེར་སྐྱེས་ལགས། ལས་ཅི་བགྱིས་ན། དེ་ནས་ཤི་འཕོས་ནས་ལྷའི་ནང་དུ་སྐྱེས་ལ་འདི་གཉིས་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་ མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདས་པའི་ལས་ཀྱང་ཡོད། ད་ལྟར་གྱི་ལས་ཀྱང་ཡོད་དེ། འདས་པའི་ལས་གང་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ གི་གསུང་རབ་ལ་འདི་གཉིས་དགེ་བསྙེན་དུ་གྱུར་ཏེ་ཁ་མི་མཁས་པ་དེས་འདི་གཉིས་ཁྲོས་པས་སྐྱེ་བོ་མང་པོ་ལ་དུད་འགྲོ་ཞེས་བྱ་བའི་ཚིག་སྨྲས་ལ། དེར་འདི་གཉིས་ཀྱིས་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་ [98A]༄༅། །བསླབ་པའི་གཞི་རྣམས་བསྲུངས་ནས་འཆི་ཁར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་ དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་བསྙེན་དུ་གྱུར་པ་གང་ཡིན་པ་དེ་གཉིས་ནི། སེངྒེ་འདི་ཉིད་ཁོ་ན་ཡིན་ཏེ། དེ་གཉིས་ཀྱིས་དེར་སྐྱེ་བོ་མང་པོ་ལ་དུད་འགྲོ་ཞེས་བྱ་བའི་ ཚིག་བརྗོད་པའི་ལས་དེའི་རྣམ་པར་སྨིན་པས་ནི། དུད་འགྲོར་སྐྱེས་སོ། །དེ་གཉིས་ཀྱིས་དེར་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བསྲུངས་ ནས་འཆི་ཁར་སྨོན་ལམ་བཏབ་པ་དེས་ནི། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང་ མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་ནས་འདི་གཉིས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་པ་འདི་ནི། འདས་པའི་དུས་ཀྱི་ལས་ཡིན་ནོ། ། ད་ལྟར་བྱུང་བའི་ལས་གང་ཞེ་ན། འདི་གཉིས་སེངྒེར་གྱུར་ནས་ང་ལ་སེམས་དགའ་བར་བྱས་པ་དེས་ན་ལྷའི་ནང་དུ་སྐྱེས་ཏེ། འདི་ནི། ད་ལྟར་བྱུང་བའི་ལས་ཡིན་ནོ།། །།རྙིས་ [98B] གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ནགས་ཁྲོད་ཅིག་ན་རི་དྭགས་ཀྱི་རྔོན་པ་དག་ཅིག་གིས་རི་དྭགས་བཤོར་བའི་ཕྱིར་རྒྱ་ དང། རྙི་དང། འཇོལ་རླུབས་དང། རྙི་མང་པོ་དག་བཙུགས་ནས་དེར་རི་དྭགས་མང་པོ་ཞིག་བཟུང་ངོ། །རྔོན་པ་དེ་དག་ཀྱང་ནང་བར་སྔར་ལངས་ཏེ་ནགས་ཁྲོད་དེར་སོང་ནས་དེ་ དག་གིས་དེར་རི་དྭགས་ཅི་ཟིན་པ་རྣམས་མདའ་འཕངས་ཏེ་བསད་ནས་དེ་དག་ལས་ཉུང་ཤས་ཤིག་ལུས་སོ། །དེའི་ཚེ་ས་ཕྱོགས་དེར་བཅོམ་ལྡན་འདས་ཀྱང་གཤེགས་སོ། ། དེ་ནས་རི་དྭགས་དེ་རྣམས་དང། རྔོན་པ་དེ་རྣམས་ཀྱིས་ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། ། དགའ་བར་གྱུར་ནས་རྔོན་པ་དེ་དག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ ཏེ༑ དེས་ན་རྔོན་པ་དེ་རྣམས་ཀྱིས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་དག་གིས་བདེན་པ་མཐོང་ནས་གསོལ་པ། བཙུན་ [99A]༄༅། །པ༑ བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་དགེ་སློང་གི་དངོས་པོ་ཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་ པར་རྫོགས་པར་མཛད་ནས་དེ་དག་ལ་ལུང་ཡང་ཕོག་སྟེ། དེ་དག་གིས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ ཉིད་མངོན་སུམ་དུ་བྱས་སོ། །རི་དྭགས་དེ་རྣམས་ཀྱང་བཅོམ་ལྡན་འདས་ལ་སེམས་དགའ་བཞིན་དུ་ཤི་འཕོས་ཏེ་དུས་ལས་འདས་ནས་ལྷའི་ནང་དུ་སྐྱེས་སོ། །ལྷའི་ བུའམ༑ ལྷའི་བུ་མོ་སྐྱེས་མ་ཐག་པ་ནི། ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། བདག་གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་ སྙམ་མོ༑ ༑དེ་ནས་དུད་འགྲོ་ལས་ཤི་འཕོས་པ་དང། ལྷའི་ནང་དུ་སྐྱེས་པ་དང། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པར་དེ་དག་གིས་མཐོང་ངོ། །དེ་ནས་དེ་ དག་གིས་བསམ་པ། བདག་ཅག་ཞག་ལོན་ནས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི། བདག་ཅག་གི་ཆ་མ་ཡིན་གྱི། བདག་ཅག་ཞག་མ་ལོན་པར་བཅོམ་ལྡན་ [99B] །དེ་ནས་སྔོན་རི་དྭགས་སུ་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་རྒྱན་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་ པ༑ ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན། ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་སྤྲིག་ཀ་ལ་སོགས་པས་བྱུགས་ཕ་དེ་དག་གིས་དེ་ཉིད་ཀྱི་ མཚེན་མོ་ལྷའི་མེ་ཏོག་ཨུཏྤ་ལ་དང། པདྨ་དང། ཀུ་མུ་ད་དང་པདྨ་དཀར་པོ་དང། མནྡཱ་ར་བ་རྣམས་ཀྱིས་ཐུ་བ་བཀང་སྟེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ ཅད་འོད་ཆེན་པོས་སྣང་བར་བྱས་ནས་བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཆོས་མཉན་པའི་ཕྱིར་བཅོམ་ ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་དག་གིས་ཆོས་ཐོས་ནས་བདེན་པ་མཐོང་བར་གྱུར་ཏེ། དེ་དག་གི་ བདེན་པ་མཐོང་ནས་རང་གི་གནས་སུ་དོང་ངོ། །དེ་ནས་དགེ་སློང་རྣམས་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་པ་མཐོང་ནས་བཅོམ་ལྡན་ འདས་ལ་ཞུས་པ། བཅོམ་ལྡན་འདས། ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བྮིའམ། ལྷའི་ [100A]༄༅། །བུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གཞན་ཞིག་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། དགེ་སློང་དག་མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བྮིའམ། ལྷའི་བུ་རྫུ་ འཕྲུལ་ཆེ་ཞིང་མཐུ་ཆེ་བ་གཞན་འགའ་ཞིག་ང་བལྟ་བའི་ཕྱིར་འོངས་པ་མ་ཡིན་གྱི། དགེ་སློང་དག་ཁྱེད་ཀྱིས་ནགས་ཁུང་དགོན་པ་ན་རི་དྭགས་ལྔ་བརྒྱ་རྔོན་པ་རྣམས་ ཀྱིས་མདའ་འཕངས་ཏེ་བསད་པ་མཐོང་ངམ། གསོལ་པ། བཙུན་པ་མཐོང་ལགས་སོ། །བཀའ་སྩལ་པ། དེ་དག་ང་ལ་སེམས་དགའ་བར་གྱུར་བཞིན་དུ་ ཤི་འཕོས་ནས་དུས་ལས་འདས་པ་ལས་ལྷའི་ནང་དུ་སྐྱེས་ཏེ་ལྷར་གྱུར་ནས་ངའི་ཐད་དུ་འོངས་ཏེ་དེ་དག་ལངས་ཆོས་བསྟན་ནས་ང་ལས་ཆོས་ཐོས་པ་དེས་ན། དེ་དག་གིས་ བདེན་པ་རྣམས་མཐོང་སྟེ། དེ་དག་གིས་བདེན་པ་མཐོང་ནས་རང་གི་གནས་སུ་དོང་ངོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ རྔོན་པ་དེ་དག་གིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་གདོལ་བའི་རིགས་སུ་སྐྱེས་ལགས། རི་དྭགས་དེ་དག་གིས་ལས་ཅི་བགྱིས་ན། ལས་ངེའི་རྣམ་པར་ [100B]འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་གྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་ དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་དག་ཐམས་ཅད་རབ་ཏུ་བྱུང་སྟེ། དགེ་སློང་འཐབ་གྲོལ་ཅན་ཁ་མི་མཁས་པ་ཤ་སྟག་ཏུ་གྱུར་ཏེ། དགེ་སློང་ དག་ལ་དེར་དེ་རྣམས་ཀྱིས་གདོལ་པ་ཞེས་བྱ་བའི་ཚིག་བརྗོད་དོ། ཁ་ཅིག་གིས་དུད་འགྲོ་ཞེས་བྱ་བའི་ཚིག་བརྗོད་དོ། །གང་དག་གིས་དུད་འགྲོ་ཞེས་བྱ་བའི་ཚིག་བརྗོད་པ་དེ་དག་ ནི༑ དུད་འགྲོར་སྐྱེས་སོ། །གང་དག་གིས་གདོལ་བ་ཞེས་བྱ་བའི་ཚིག་བརྗོད་པ་དེ་དག་ནི། གདོལ་བར་སྐྱེས་སོ། །དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་དབང་པོ་རྣམས་ ཡོངས་སུ་སྨིན་པར་བྱས་པ་དེས་ནི། དེ་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།གོང་མ་སྲེག་ཅེས་བྱ་བ་ནི། བཅོམ་ལྡན་འདས་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་ དགེ་འདུན་ཆེན་པོ་དང། ཚོང་པ་ལྔ་བརྒྱ་དང། སྤྲང་པོ་ལྔ་བརྒྱ་དང་ཐབས་ཅིག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ལས། ནགས་ཁྲོད་ཅིག་ཏུ་ལམ་བྱུང་སྟེ་བཅོམ་ལྡན་འདས་ གཤེགས་པའི་ཚེ་ནགས་ཁྲོད་དེའི་ནང་གི་གནས་སུ་མེ་ཆེན་པོ་འབར་ནས་དེར་སྐྱེ་བོ་ཕལ་པོ་ཆེ་དག་འཇིགས་ཤིང་སྐྲག་པར་གྱུར་ཏེ་བདག་ཅག་ནི། ཚིག་ཟིན་ནོ། །བདག་ [101A]༄༅། །ཅག་ནི༑ འཚོ་བར་འགྱུར་བའི་སྐབས་མེད་དོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཕལ་པོ་ཆེ་དག་འཇིགས་ཤིང་སྐྲག་པ་གཟིགས་ སོ༑ ༑གཟིགས་ནས་ཀྱང་འགྲོན་པོ་དེ་རྣམས་ཀྱི་མདུན་ལོགས་སུ་གཤེགས་ནས་ཚིགས་སུ་བཅད་དེ་བཀའ་སྩལ་པ། སངས་རྒྱས་ཀུན་གྱི་སྟོབས་གང་དང། །དགྲ་བཅོམ་ རྣམས་ཀྱི་སྟོབས་གང་དང། །སངས་རྒྱས་དཀོན་མཆོག་གཟི་བརྗིད་ཀྱིས། །མེ་ཁྱོད་ལམ་ནི་དབྱེ་བར་གྱིས། །སངས་རྒྱས་ཀུན་གྱི་སྟོབས་གང་དང། །དགྲ་བཅོམ་རྣམས་ཀྱི་ སྟོབས་གང་དང། །དམ་ཆོས་དཀོན་མཆོག་གཟི་བརྗིད་ཀྱིས། །མེ་ཁྱོད་ལམ་ནི་དབྱེ་བར་གྱིས། །སངས་རྒྱས་ཀུན་གྱི་སྟོབས་གང་དང། །དགྲ་བཅོམ་རྣམས་ཀྱི་སྟོབས་གང་ དང། །དགེ་འདུན་དཀོན་མཆོག་གཟི་བརྗིད་ཀྱིས། །མེ་ཁྱོད་ལམ་ནི་དབྱེ་བར་གྱིས། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་མ་ཐག་ཏུ་མེ་ཞི་བར་གྱུར་ནས་ཚོང་བ་དེ་དག་ བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ དག་ལ་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་དེ་དག་གི་ནང་ནས་ཁ་ཅིག་གིས་ནི། དྲོ་བར་གྱུར་པ་བསྐྱེད་དོ། ཁ་ཅིག་གིས་ནི་སྤྱི་བོ་དང། བདེན་པ་དང་མཐུན་པའི་ [101B] འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང། མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། ཁ་ཅིག་གིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ཅིག་ གིས་ནི༑ ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ་ཁ་ཅིག་གིས་ནི། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ་ཁ་ཅིག་གིས་ནི། རབ་ཏུ་བྱུང་ ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། ཁ་ཅིག་གིས་ནི། སྟོབས་ཀྱི་ འཁོར་ལོས་བསྒྱུར་བར་འགྱུར་བ་དང། ཁ་ཅིག་གིས་ནི། བརྒྱ་བྱིན་དུ་འགྱུར་བ་དང། ཁ་ཅིག་གིས་ནི། ཚངས་པར་འགྱུར་བ་དང། ཁ་ཅིག་གིས་ནི། ཉན་ཐོས་ཀྱི་བྱང་ ཆུབ་དང། ཁ་ཅིག་གིས་ནི། རང་སངས་རྒྱས་ཀྱི་བྱང་ཆུབ་དང་ཁ་ཅིག་གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་ དག་གི་ནང་ནས་ཕལ་ཆེར་ནི། སངས་རྒྱས་ལ་གཞོལ། ཆོས་ལ་འབབ་དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་དོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་ འདས་ལ་གསོལ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཕལ་པོ་ཆེ་ཞུགས་ཀྱིས་ཚིག་པར་གྱུར་པ་ལས་ཐར་པར་མཛད་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་ [102A]༄༅། །པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་འབའ་ཞིག་མ་ཡིན་ ཏེ༑ འདས་པའི་དུས་ན་ཡང་ངས་དུད་འགྲོ་ཕལ་པོ་ཆེ་མེའི་འཇིགས་པ་ལས་བསྐྱབས་ནས་ཇི་ལྟར་འཇིགས་པ་མེད་པའི་གནས་སུ་བཀོད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་ བྱུང་བ་འདས་པའི་དུས་ན་ནགས་ཁྲོད་ཅིག་ན་བྱ་ཕལ་པོ་ཆེ་གནས་སོ། །དེ་ནས་ནགས་ཁྲོད་དེར་ཤིང་སྐམ་པོ་གཅིག་ལ་གཅིག་དྲུད་པ་ལས་མེ་བྱུང་ནས་བྱ་དེ་དག་གི་ནང་ ནས་འགྲོ་ནུས་པ་དེ་དག་ནི། དོང་ངོ། །འགྲོ་མི་ནུས་པ་དང། སྒོ་ང་རྣམས་ནི། དེ་ཉིད་དུ་བོར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་གོང་མ་སྲེག་ཏུ་སྐྱེས་པ་ཞིག་ཡོད་དེ་ བྱང་ཆུབ་སེམས་དཔའ་དེས་ཐག་རིང་པོ་ཞིག་ནས་མེ་འབར་ཞིང་འོང་བར་མཐོང་ངོ། །མཐོང་ནས་ཀྱང་དེ་སེམས་ཅན་དེ་དག་ལ་སྙིང་རྗེ་སྐྱེས་ཏེ། བདག་གིས་སེམས་ ཅན་སྡུག་བསྔལ་དང་ཕྲད་པ་འདི་རྣམས་ཀྱི་ཕྱིར་ཡང་བརྩོན་འགྲུས་མ་བསྐྱེད་ན། བདག་གིས་སེམས་ཅན་རྣམས་འཁོར་བ་ལས་ཇི་ལྟར་བསྒྲལ་བར་བྱ་སྙམ་ དུ་བསམ་ནས་བྱང་ཆུབ་སེམས་དཔའ་དེས་འདབ་མ་ཆུར་སྦངས་ནས་མེ་ཆེན་པོའི་སྟེང་གི་ནམ་མཁའ་ལ་འདུག་སྟེ་འདབ་མ་སྤྲུགས་ནས་ཚིགས་སུ་བཅད་དེ་སྨྲས་པ། འདི་ [102B] །འདི་དག་ད་དུང་འཕུར་མི་ནུས་།འདི་དག་རྐང་པ་ཡོད་མོད་ཀྱི། །འདི་དག་ད་དུང་འགྲོ་མི་ནུས། །འདི་རྣམས་ཕ་མ་འཕུར་ཏེ་སོང། །མེ་ཁྱོད་སྡོད་ལ་ མ་འགུལ་ཅིག་བདེན་དང་བདེན་ཚིག་གང་ཡིན་པ། །བདག་གིས་བྱམས་སེམས་རབ་བསྒོམས་པའི། །བདེན་པའི་ཚིག་ནི་འདི་ཡིས་ན། །མེ་ཁྱོད་སྡོད་ལ་མ་འགུལ་ཅིག་ དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་གྱི་ཕྱིར་ནི་དགའ་ཞིང་འདུག་པ་མཐོང་ངོ། །མཐོང་ནས་ཀྱང་དེས་བསམ་པ། འདི་ནི། བསྐལ་ པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། སེམས་ཅན་ལ་ཕན་པའི་ཕྱིར་ནི་དགའ་ཞིང་འདུག་གི་མ་ལ་བདག་གིས་གྲོགས་བྱའོ་སྙམ་ནས་ལྷའི་དབང་པོ་བརྒྱ་བྱིན་ གྱིས་ཆར་མོ་ཆེ་ཕབ་སྟེ་མེ་དེ་ཞི་བར་གྱུར་ནས་སེམས་ཅན་དེ་དག་ཐམས་ཅད་མེའི་འཇིགས་པ་ལས་ཐར་པར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བྱ་གོང་ མ་སྲེག་ཏུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་ནགས་ཁྲོད་དེ་ན་གནས་པའི་སེམས་ཅན་དུ་གྱུར་པ་དེ་དག་ནི། སྐྱེ་ པོ་ཕལ་པོ་ཆེ་འདི་དག་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་ངས་དེ་དག་མེའི་འཇིགས་པ་ལས་ཐར་པར་བྱས་ཏེ་འཇིགས་པ་མེད་པའི་གནས་སུ་བཀོད་དོ། །ད་ལྟར་ཡང་ངས་འཇིགས་པ་ [103A]༄༅། །ལས་ཐར་བར་བྱས་ནས་གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །གཞན་ཡང་ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་དག་ཐམས་ཅད་ཁ་ཅིག་ནི། རབ་ཏུ་བྱུང་ངོ། །ཁ་ཅིག་ནི། དགེ་བསྙེན་དུ་གྱུར་ཏེ། དེར་འདི་རྣམས་ཀྱིས་ཚེ་གཅིག་ཏུ་ཚངས་པར་ སྤྱོད་པའི་གནས་བསྲུངས་ནས་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།ཕ་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ ན་བཞུགས་ཏེ། དེའི་ཚེ་རྒྱལ་པོའི་ཁབ་ན་ཁྱིམ་བདག་ནོར་ཅན་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་ དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ། བཅུ་ལོན་པ་དང། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་བཟང་བ། གསེར་ གྱི་ཁ་དོག་ཅན། མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྡུག་པ་ཞིག་བཙས་ཏེ། ཁྱེའུ་དེ་ [103B]ཏོ། །དེ་ནས་དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ་ ཁྱེའུ་འདི་བཙས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེས་བལྟས་ན་སྡུག་པར་གྱུར་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་བལྟ་ན་སྡུག་ཅེས་གདགས་སོ། །ཞེས་ཟེར་རོ། །དེ་ནས་ཁྱེའུ་བལྟ་ ན་སྡུག་འོ་མ་དང། ཞོ་དང། མར་དང། ཞུན་མར་དང། མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ནས་རྒྱལ་པོའི་ཁབ་ཐམས་ཅད་དུ་དེའི་གྲགས་པ་རྒྱས་པར་གྱུར་ཏོ། །དེ་ནས་ གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས་མཐར་གྱིས་གདུལ་བར་བྱ་བའི་དོན་མཛད་ཅིང་རྒྱལ་པོའི་ཁབ་ཏུ་བྱོན་པ་དེའི་ཚེ་དེར་བཅོམ་ལྡན་ འདས་ཀྱིས་འོད་མའི་ཚལ་བཞེས་ནས་སེམས་ཅན་སྟོང་ཕྲག་དུ་མ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ལ་བཀོད་དོ། །སྐྱེ་བོ་མང་པོ་དེ་དག་ཀྱང་སྡེ་ཚན་ནས་ སྡེ་ཚན་དང། ཕ་ཚན་ནས་ཕ་ཚན་དང། དགའ་སྡེ་ནས་དགའ་སྡེར་དུས་དུས་སུ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འདོང་བར་བྱེད་དོ་།ཕྱིན་ཆད་ཁྱེའུ་དེ་བལྟ་བའི་ཕྱིར་ འདོང་བར་མི་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཁྱེའུ་བལྟ་ན་སྡུག་གིས་དྲིས་པ། སྔོན་ཆད་ནི། སྐྱེ་བ་མང་པོ་འདི་དག་ང་བལྟ་བའི་ཕྱིར་འོང་ན། ད་ནི། ང་བལྟ་བའི་ཕྱིར་མི་འོང་ [104A]༄༅། །བ་ཅི་ལས་གྱུར། དེ་དག་གིས་སྨྲས་པ། དེ་དག་ནི། ད་ལྟར་བཅོམ་ལྡན་འདས་བལྟ་བའི་ཕྱིར་འདོང་བར་བྱེད་དོ། །ཁྱེའུ་དྲིས་པ། བཅོམ་ལྡན་ འདས་ཞེས་བྱ་བ་དེ་སུ་ཞིག་དེ་ནས་ཕ་མ་གཉིས་ཀྱིས་དེ་ལ་བཅོམ་ལྡན་འདས་ཀྱི་བསྔགས་པ་རྒྱས་པར་བརྗོད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་ངོ་མཚར་དུ་གྱུར་ཏེ་ བདག་པས་ཆེས་བལྟ་ན་སྡུག་པ་དེ་ཇི་ལྟ་བུ་ཞིག་སྙམ་ནས་ཕ་མ་གཉིས་ལ་སྨྲས་པ། ཡབ་ཡུམ། བདག་བཅོམ་ལྡན་འདས་དེ་ལྟ་བའི་སླད་དུ་མཆི་བར་འཚལ་ལོ། ། ཕ་མ་གཉིས་ཀྱིས་སྨྲས་པ། བུ། ཐབས་ཅིག་ཏུ་འདོང་ངོ། །ཞེས་སྨྲས་ནས་ཕ་མ་གཉིས་ཁྱེའུ་དེ་ཁྲིད་དེ་འོད་མའི་ཚལ་དུ་སོང་ནས་ཁྱེའུ་དེས་ཐག་རིང་པོ་ཞིག་ནས་སངས་ རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་ དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་མཆོག་ཏུ་དགའ་བ་སྐྱེས་ནས་དེ་ལ་ཕའི་འདུ་ཤེས་ཀྱང་བྱུང་སྟེ། དེས་ཕ་ [104B][?]བཞེས་སྒྲ་ཕྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕ་ཙམ་དུ་འཛིན་ཅིང་བཅོམ་ལྡན་འདས་ཀྱི་ ཞབས་དྲུང་དུ་འདུག་གོ། །དེའི་ཕ་མ་གཉིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་དེ་དག་གི་རྐྱེན་དུ་འཚམ་པའི་ཆོས་བསྟན་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་ཁྱིམ་བདག་ནོར་ཅན་དང། དེའི་ཆུང་མས་བཅོམ་ལྡན་འདས་ཀྱི་གཏམ་གྱི་མཇུག་ རྫོགས་པར་རིག་ནས་ཁྱེའུ་དེའི་ལག་པ་ནས་བཟུང་སྟེ་འགྲོ་ཞེས་བྱས་ན། ཁྱེའུ་དེ་བཅོམ་ལྡན་འདས་ཀྱི་ཐད་ནས་འབྲལ་བར་མ་ནུས་སོ། །དེ་ནས་ཕ་མ་གཉིས་ཀྱིས་བསམ་པ་ བཅོམ་ལྡན་འདས་བདག་ཅག་གི་ཁྱིམ་དུ་སྤྱན་དྲངས་དང། ཐབས་དེས་ན་འདི་བདག་ཅག་གིས་ཁྱིམ་དུ་དཀྲི་ནུས་པར་འགྱུར་རོ་སྙམ་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་ སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགུང་བདུན་གྱི་བར་དུ་བཅོམ་ལྡན་འདས་བདག་ཅག་གི་ཁྱིམ་དུ་བཤོས་གསོལ་བར་ཅི་གནང་ ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་ཁྱིམ་བདག་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་ [105A]༄༅། །བར་རིག་ནས་ཆུང་མ་ལ་སྨྲས་པ། བཟང་མོ། སོང་ལ་བཅོམ་ལྡན་འདས་ཀྱི་ཞལ་ཟས་སྟ་གོན་གྱིས་ཤིག་བདག་ནི། ཁྱེའུ་དང་ལྷན་ཅིག་འདུག་གོ་ ཞེས་བྱས་ནས་ཁྱིམ་བདག་དེ་ཁྱེའུ་དེ་དང་ལྷན་ཅིག་ཏུ་འོད་མའི་ཚལ་དུ་མཚན་མོ་དགོངས་མལ་བཏབ་བོ། །ཆུང་མས་ཀྱང་དེ་ཉིད་ཀྱི་མཚན་མོ་བཟའ་བ་དང། བཅའ་བ་ གཙང་མ་བཟང་པོ་མང་པོ་སྦྱར་ནས་ནང་པར་སྔར་ལངས་ཏེ་གདན་བཤམས་ནས་ཆུ་ར་བཀང་སྟེ་བཞག་ནས་བཅོམ་ལྡན་འདས་ལ་འཕྲིན་གྱིས་གདུགས་ཚོད་བསྐུལ་ བ༑ བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་ལགས་ན། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ་།དེ་ནས་ བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་མང་པོས་ཞམ་རིང་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ ནས་ཁྱིམ་བདག་དེའི་བཀང་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ ནས་ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས་རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་ [105B][?]པོས་ཚིམ་པར་བྱས་ཏེ་བཞེད་པ་བསྟབས་ནས་བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ། གསང་སྡེར་ནི། གྱུ། ཕྱག་ནི་བཅབས་པར་རིག་ནས་སྟན་ཆེས་དམའ་བ་ ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་འཁོར་དང་བཅས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་བ་དང་ ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་ཁྱིམ་བདག་དེ་འཁོར་དང་བཅས་པས་སྟན་དེ་དག་ཉིད་ལ་བཁོད་བཞིན་དུ་ འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ་།དེ་ལྟར་བདེན་པ་མཐོང་ནས་ཁྱེའུ་དེས་ ཕ་མ་གཉིས་ལ་གསོལ་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་།བཙུན་པ། བདག་ལེགས་པར་ གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་ པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་ [106A]༄༅། །སྟེ༑ དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་ དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ་ ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་ རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་ དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། བཅོམ་ལྡན་འདས་བྱིས་པ་སྟོང་ཕྲག་དུ་མ་མཐོང་ཡང་སུ་ཡང་འདི་ཁོ་ན་ལྟར་བཅོམ་ ལྡན་འདས་ལ་མཇལ་བར་མི་བགྱིད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེའུ་འདི་ནི། ངའི་འདས་མ་ཐག་པའི་ཚེ་རབས་ལྔ་བརྒྱར་བུར་གྱུར་ པས་ན༑ སྔོན་གྱི་བག་ཆགས་དེ་ཁོ་ནས་འདི་ང་ལ་མཇལ་བར་བྱེད་དོ། །གསོལ་པ། ཁྱེའུ་འདིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ [106B] འདི་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ལ། འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ནས་མི་མཉེས་པར་མ་ བགྱིས་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ༑ སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། བཙུན་པ་འདིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་ བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེག་ པ༑ འཇིག་རྟེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་ དུ་བྱུང་སྟེ། དེར་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གིས་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས་རྒྱལ་པོའི་ཕོ་བྲང་མཛེས་ལྡན་དུ་གཤེགས་ པ་དེའི་ཚེ་རྒྱལ་པོ་མཛེས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་ཕྱིར་གཙུག་ལག་ཁང་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཞིག་བྱས་ནས་ [107A]༄༅། །ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ལ་ཕུལ་ལོ། །རྒྱལ་པོ་མཛེས་པ་དེའི་ལུགས་ཀྱིས་ན། ཉིན་གཅིག་བཞིན་དུ་འཁོར་ དང་ཅས་ཏེ་གཙུག་ལག་ཁང་དུ་འགྲོ་ཞིང་གཙུག་ལག་ཁང་གི་བྱི་དོར་བྱེད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་མཛེས་པ་དེ་གཙུག་ལག་ཁང་དུ་སོང་བ་ལས། བྱ་བ་ཞིག་བྱུང་ ནས་དེས་བུ་ཐུ་བོ་བསྐོས་ཏེ་དེང་ཁྱོད་ཀྱིས་གཙུག་ལག་ཁང་གི་བྱི་དོར་གྱིས་ཤིག་ཅེས་བསྒོ་ནས་རྒྱལ་པོ་སོང་ངོ། །དེ་ནས་རྒྱལ་པོའི་བུ་འཁོར་དང་བཅས་པ་གཙུག་ལག་ཁང་གི་ བྱི་དོར་བྱེད་པ་ལ་ཞུགས་པ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གིས་ཅི་ནས་རྒྱལ་པོའི་བུ་དེས་ཉི་མ་ནུབ་ཀྱི་བར་དུ་ཡང་གཙུག་ལག་ཁང་ གི་བྱི་དོར་བྱེད་མི་ནུས་པ་དེ་ལྟར་བྱིན་གྱིས་བརླབས་ནས་དེ་གཙུག་ལག་དེ་ཉིད་དུ་དགོང་མལ་བཏབ་བོ། །དེ་དེར་དགོང་མ་ལ་བཏབ་ནས་དགེ་སློང་རྣམས་ཆོ་འཕྲུལ་དག་ བྱེད་པ་ཡང་མཐོང་ངོ། །བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་འོང་བ་ཡང་མཐོང་ངོ། །དེ་ནས་དེ་མཐོང་མ་ཐག་ཏུ་དེ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ནས་ གཙུག་ལག་ཁང་དེ་ཉིད་ན་དགེ་སློང་དག་གི་རིམ་གྲོ་བྱེད་པ་ལ་བརྩོན་པར་གྱུར་ཏེ། ཕྱིར་གྲོང་ཁྱེར་དུ་འགྲོ་མི་འདོད་པར་གྱུར་ཏོ། །དེ་དེར་ལོ་ལྔ་སྟོང་གི་བར་དུ་དགེ་སློང་རྣམས་ [107B] བྱམས་པའི་ཏིང་ངེ་འཛིན་ཡང་བསྐྱེད་ནས་དེས་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བསྲུངས་ནས་འཆི་ཁར་སྨོན་ལམ་ བཏབ་པ། དགེ་བའི་རྩ་བ་འདིས་ན་བདག་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཅིག་།བདག་གིས་སྟོན་པ་འདི་ལྟ་བུ་མཉེས་ པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་ པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོའི་བུར་གྱུར་པ་གང་ཡིན་པ་དེ་ནི། ཁྱེའུ་འདི་ཁོ་ན་ཡིན་ཏེ། དེས་དེར་ཡང་དག་པར་རྫོགས་པའི་ སངས་རྒྱས་འཁོར་བ་འཇིག་གི་ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་ པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་ [108A]༄༅། །སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེས་དེར་བྱམས་པ་བསྒོམས་པའི་ལས་དེའི་རྣམ་པར་སྨིན་པ་དེས་ནི། གང་དང་གང་དུ་ སྐྱེས་པ་དེ་དང་དེར་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རབ་ཏུ་བྱུང་སྟེ། དེར་ འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དོ། །དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།མི་རྒོད་ཅེས་བྱ་བ་ནི། གླེང་གཞི་མཉན་ དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་དང་རྒྱལ་པོའི་ཁབ་ཀྱི་བར་མཚམས་ན་ཤིང་སཱ་ལའི་ནགས་ཁུང་ན། མི་རྒོད་ལྔ་བརྒྱ་ཙམ་ཞིག་ཁྲོ་ཞིང་གནས་ཏེ། དེ་དག་དེ་ ན་འཁོད་པས་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་དེར་འགྲོན་པོ་མང་པོ་དག་ཅིག་བཅོམ་ནས་ཚོང་པ་རྣམས་རྒྱལ་པོ་གསལ་རྒྱལ་གྱི་ཐད་དུ་དོང་སྟེ་རྒྱལ་པོ་ལ་ གསོལ་ནས་རྒྱལ་པོ་གསལ་རྒྱལ་གྱི་བུ་འཕགས་སྐྱེས་པོ་དཔུང་གི་ཚོགས་ཡན་ལག་བཞི་དང་སྦྲགས་ཏེ་དེར་བཏང་ནས་དེས་མི་རྒོད་ལྔ་བརྒྱ་པོ་དེ་དག་གསོན་པོར་བཟུང་སྟེ་འོངས་ ནས་རྒྱལ་པོ་གསལ་རྒྱལ་ལ་ཕུལ་ལོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་མི་རྒོད་ལྔ་བརྒྱ་གསོད་དུ་བཏང་སྟེ། གཤེད་མ་རྣམས་ཀྱིས་མི་རྒོད་ལྔ་བརྒྱ་པོ་དེ་དག་གསད་པའི་སར་ [108B]ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་ གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ་ ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་ གཟིགས་ཏེ། སུ་ནི། རྒུད། སུ་ནི། དར། སུ་ནི། ཕོངས་ཤིང་འདུག་སུ་ནི། ཉམ་ང་བར་གྱུར། སུ་ནི། གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན་ སུ་ནི༑ ངན་སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི། ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ་ སུ་ནི༑ ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི། འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་ [109A]༄༅། །པར་བྱ༑ སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་ པར་བྱ༑ སུ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་ཡོད་པར་བྱ་ སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །རྒྱལ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་ དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་རྒོད་ལྔ་བརྒྱ་གདུལ་བའི་དུས་ལ་བབ་པར་དགོངས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ་རྒྱལ་ པོའི་ཁབ་ཏུ་གཤེགས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅི་ལ་གཤེགས་ལགས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། །རིགས་ཀྱི་བུ་ལྔ་བརྒྱ་པོ་དེ་རྣམས་མ་གསད་པར་ཐོང་ཞིག་རྒྱལ་པོས་གསོལ་པ་གལ་ཏེ་རབ་ཏུ་འབྱུང་ན་གཏང་ [109B] །ཞེས་གསོལ་ནས་དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་མི་རྒོད་ལྔ་བརྒྱ་པོ་དེ་དག་ཕྱིར་བཟློག་སྟེ་བཅོམ་ལྡན་འདས་ལ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ དེ་རྣམས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་ནས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་དག་ལ་ལུང་ཡང་ཕོག་སྟེ་དེ་དག་གིས་ཀྱང་བརྩོན་པ་དང། སྒྲུབ་པ་དང་ འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། བཅོམ་ ལྡན་འདས་ཀྱིས་མི་རྒོད་ལྔ་བརྒྱ་སྲོག་ཕངས་པ་སྩལ་ཏེ་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ངས་རིགས་ཀྱི་བུ་ལྔ་བརྒྱ་པོ་འདི་རྣམས་སྲོག་ཕངས་པ་བྱིན་ཏེ་ཇི་ལྟར་བསམ་གཏན་བཞི་དང་ མངོན་པར་ཤེས་པ་ལྔ་ལ་བཀོད་པ་དེ་ཉོན་ཅིག་དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་ཡུལ་བི་དེ་ཧ་ཞེས་བྱ་བ་ན་རྒྱལ་པོ་དབང་ཆེན་སྡེ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེ་ནས་ ཕྱི་ཞིག་ན་རྒྱལ་པོ་དེས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་རི་དྭགས་བཤོར་དུ་སོང་བ་ལས། རྒྱལ་པོ་དེ་ལ་བློན་པོ་ལྟ་བརྒྱས་གླགས་བཙལ་ཏེ། དེ་དག་གིས་བསམ་པ་ [110A]༄༅། །ད་ནི༑ རྒྱལ་པོ་འདི་བདག་ཅག་གི་ལག་ན་འདུག་གི་འདི་ན་འདུག་པ་ཁོ་ནའི་ཚེ་བདག་ཅག་གིས་འདི་གསད་དོ་སྙམ་མོ། །འཇིག་རྟེན་དག་ནི། དགྲ་ དང་ཟུན་གྱི་ནང་ན་འདུག་སྟེ། དེར་གཞན་དག་གིས་རྒྱལ་པོ་ལ་སྦྲང་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དབང་ཆེན་སྡེས་བློན་པོ་ལྔ་བརྒྱ་པོ་དེ་དག་གསོད་དུ་བཏང་སྟེ། དེ་དག་གཤེད་ མ་རྣམས་ཀྱིས་ཁྲིད་ནས་ནགས་ཁྲོད་ཅིག་ཏུ་ཞུགས་ཏེ་གསད་ཅེས་བྱས་པ་ལས། ནགས་ཁྲོད་དེ་ན་དྲང་སྲོང་ཞིག་གནས་ཏེ། དྲང་སྲོང་དེས་བློན་པོ་ལྔ་བརྒྱ་པོ་དེ་དག་རྒྱལ་པོ་ དབང་ཆེན་སྡེ་ལ་གཏོང་དུ་བཅུག་ནས་དཀའ་ཐུབ་ཀྱི་གནས་སུ་ཁྲིད་དེ་རབ་ཏུ་བྱུང་ངོ། །རབ་ཏུ་བྱུང་ནས་དེ་དག་གིས་ཀྱང་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་ དོ༑ ༑དགེ་སློང་དང། །ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་བློན་པོ་ལྔ་བརྒྱར་ གྱུར་པ་དེ་དག་ནི། རིགས་ཀྱི་བུ་ལྔ་བརྒྱ་པོ་འདི་དག་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་དེ་དག་གསོད་དུ་བཏང་བ་ལས་སྲོག་ཕངས་པ་བྱིན་ཏེ་བསམ་གཏན་བཞི་དང། མངོན་ པར་ཤེས་པ་ལྔ་ལ་བཀོད་དོ། །ད་ལྟར་ཡང་འདི་རྣམས་ངས་སྲོག་བྱིན་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །གཞན་ [110B]བསྟན་པ་ལ་འདི་རྣམས་རབ་ཏུ་བྱུང་ནས་འདི་རྣམས་ཀྱིས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་དབང་པོ་རྣམས་ཡོངས་ སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།།།།ཤ་ཟ་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ་དེའི་ཚེ་མཉན་དུ་ཡོད་པ་ དང་རྒྱལ་པོའི་ཁབ་ཀྱི་བར་མཚམས་ན་ཤ་ཟ་སྟོང་གནས་ཏེ། དེ་དག་གིས་དེ་ཕྱོགས་སུ་འགྲུལ་བཅད་དེ། ཡུལ་མ་ག་དྷ་དང། ཡུལ་ཀོ་ས་ལའི་སྐྱེ་བོ་མང་པོ་ཁ་འདོག་པར་ བྱེད་དོ༑ ༑དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཕོ་ཉས་བཟླུགས་ཏེ་མཉན་དུ་ཡོད་པ་དང། རྒྱལ་པོའི་ཁབ་ཀྱི་བར་མཚམས་ན་ཤ་ཟ་སྟོང་གནས་ཏེ་ དེ་དག་དེ་ན་འཁོད་པས་ཡུལ་གཉིས་ལ་གནོད་པ་ཆེན་པོ་བྱེད་པ་ཁྱོད་ཀྱིས་ཤེས་སམ། བཅོམ་ལྡན་འདས་ཀྱང་ཁྱོད་ཀྱི་ཁམས་ན་བཞུགས་ན་ཤ་ཟ་དེ་རྣམས་ཀྱི་ཕྱིར་ཁྱོད་ཀྱི་ བཅོམ་ལྡན་འདས་ལ་གསོལ་པའི་རིགས་སོ། །ཞེས་སྤྲིང་ངོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་ [111A]༄༅། །པོ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་ དགའ་བར་མཛད་དེ། ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད་ཡང་དག་པར་དགའ་ བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱི་གཏམ་གྱི་མཇུག་རྫོགས་པར་རིག་ནས་སྟན་ལས་ལངས་ ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ བཅོམ་ལྡན་འདས་ཀྱིས་ཀླུ་མ་རུངས་པ་དགའ་བོ་དང། ཉེ་དགའ་ལ་སོགས་པ་ཡང་བཏུལ། གནོད་སྦྱིན་མ་རུངས་པ་འབྲོག་གནས་ལ་སོགས་པ་ཡང་བཏུལ་ན། ཡུལ་ མ་ག་དྷ་དང། ཡུལ་ཀོ་ས་ལ་གཉིས་ཀྱི་བར་མཚམས་ན་ཤ་ཟའི་ཚོགས་ཆེན་པོ་གནས་ཏེ། དེ་དག་དེ་ན་འཁོད་པས་སྐྱེ་བོ་མང་པོ་ལ་གནོད་པ་བགྱིད་ན། བཅོམ་ལྡན་ འདས་ཀྱིས་ཤ་ཟའི་ཚོགས་དེ་དག་ལ་ཐུགས་བརྩེ་བའི་སླད་དུ་གདུལ་བར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཅང་མི་གསུང་བས་གནང་ངོ། ། [111B]ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ ཀྱི་ཐད་ནས་སོང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤ་ཟ་དེ་རྣམས་གདུལ་བའི་དུས་ལ་བབ་པར་གཟིགས་ནས་རྒྱལ་པོའི་ཁབ་ནས་མི་སྣང་བར་གྱུར་ཏེ་སཱ་ལའི་ནགས་ཁུང་ཤ་ཟ་རྣམས་ ཀྱི་འདབས་སུ་གཤེགས་སོ། །དེ་རྣམས་ཀྱིས་ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་གཟུགས་མི་སྡུག་པར་བསྒྱུར་ཏེ་ཤུགས་ཆེན་པོས་བཅོམ་ལྡན་ འདས་ཀྱི་ཐོག་ཏུ་བརྒྱུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་དེ། ཀྱེ་མ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་ཆེ་བར་གྲགས་སོ་ཅོག་དང་ ལྷན་ཅིག་ཏུ་ང་ལ་བལྟ་བའི་ཕྱིར་འོངས་ན་ལེགས་སོ་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཐུགས་བསྐྱེད་མ་ཐག་ཏུ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་ཆེ་བར་གྲགས་ སོ་ཅོག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་རྒྱལ་པོ་ ཆེན་པོ་རྣམ་ཐོས་ཀྱི་བུ་དང། གནོད་སྦྱིན་ཆེ་བར་གྲགས་སོ་ཅོག་གཞན་དག་གིས་ཤ་ཟའི་ཚོགས་རྣམས་གཙེས་ནས་དེ་དག་འཇིགས་ཤིང་སྐྲག་སྟེ་ཕན་ཚུན་དུ་འབྱེར་བར་བརྩམས་པ་ [112A]༄༅། །ལས༑ བཅོམ་ལྡན་འདས་ཀྱིས་དེ་དག་གདུལ་བའི་ཕྱིར་ཁོ་ར་ཁོར་ཡུག་ནས་མེ་ཆེན་པོ་སྤྲུལ་ནས་དེ་དག་གིས་བདག་ཅག་ཉིད་མེ་ཆེན་པོས་འཁོར་ བར་མཐོང་སྟེ་འབྲོས་ཀྱང་མ་ནུས་ནས་བཅོམ་ལྡན་འདས་ཀྱི་ཞབས་དྲུང་འབའ་ཞིག་ཞི་བར་མཐོང་སྟེ་སྐྱབས་ཚོལ་ཞིང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་ བཅོམ་ལྡན་འདས་ལ་བསྐོར་ཏེ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤ་ཟ་དེ་རྣམས་ལ་བཀའ་སྩལ་པ། ཁྱེད་སྔོན་གྱི་སྡིག་པ་མི་དགེ་བའི་ལས་ཀྱིས་ཤ་ཟའི་སྐྱེ་ གནས་དམའ་བར་སྐྱེས་ལ། ད་ལྟར་ཡང་ཁྱེད་སྐྱེ་བོ་མང་པོ་ལ་གནོད་པར་བྱེད་ན། འདི་ནས་ཤི་འཕོས་ན་ཁྱེད་ཀྱི་འགྲོ་བ་ནི། ཅིར་འགྱུར། སྐྱེ་གནས་ནི། ཅི་ཡིན། འགྲོ་ བའི་ས་ནི། གང་ཡིན། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་བཀའ་ཅི་སྩལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ཕྱིན་ཆད་སྡིག་ པའི་ལས་འོར་ལ། སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ཟུངས་ཤིག་ཤ་ཟ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་བཀའ་ཇི་ སྐད་སྩལ་པ་དེ་བཞིན་དུ་འཚལ་ལོ། །ཞེས་གསོལ་ནས་ཤ་ཟ་དེ་རྣམས་ཀྱིས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་ཏེ་དེ་ཕྱིན་ཆད་སྡིག་པའི་ལས་སྤངས་སོ།། [112B]ཆོས་བསྟན་ནས་ཤིང་སཱ་ལའི་ནག་ཁུང་ནས་མི་སྣང་བར་གྱུར་ཏེ་འོད་མའི་ཚལ་དུ་གཤེགས་སོ། །ཤ་ཟ་དེ་རྣམས་ཀྱང་ བླ་ན་མེད་པའི་ལམ་ལ་གནས་པར་གྱུར་ནས་ཕན་ཚུན་འདྲུལ་བ་རྣམས་ལ་ཆུ་སྦྱིན་པར་བྱེད་དོ། །ཁ་ཟས་ཀྱང་སྦྱིན་པར་བྱེད་དོ། །ལམ་སྟོར་བ་རྣམས་ལ་ཡང་ལམ་སྟོན་པར་བྱེད་ དོ༑ ༑དེ་ནས་ཡུལ་ཀ་ཤི་དང་ཡུལ་ཀོ་ས་ལའི་མི་རྣམས་ངོ་མཚར་དུ་གྱུར་ཏེ་བཅོམ་ལྡན་འདས་ཀྱིས་འདི་ལྟར་གདུལ་དཀའ་བ་འདི་དག་བཏུལ་ལོ། །ཞེས་འཛེར་ཏོ། །དེ་ནས་དགེ་ སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཤ་ཟ་འདི་དག་ཀྱང་བཏུལ་ཏེ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་ རྣམས་འཛིན་དུ་སྩལ། སྐྱེ་བོ་ཕལ་པོ་ཆེ་ལ་ཡང་སྨན་ཡོན་བཏགས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་ དུས་ན་ཡང་ངས་འདི་རྣམས་སྡིག་པའི་ལས་ལས་བཟློག་སྟེ། ཇི་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དེ་ཉོན་ཅིག་དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ནས་ཕྱོགས་ འདི་ཉིད་ན་ཤ་ཟའི་ཚོགས་ཆེན་པོ་གནས་ཏེ། དེ་དག་འདི་ན་གནས་པས་ཡུལ་ཀ་ཤི་དང། ཡུལ་ཀོ་ས་ལའི་མི་རྣམས་མ་རུངས་པར་བྱེད་པ་ལས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་དཀའ་ [113A]༄༅། །ཐུབ་ཀྱི་གནས་ཤིག་ན་དྲང་སྲོང་ཞིག་གནས་ཏེ། སྐྱེ་བོ་མང་པོ་དེ་དག་གིས་ཤ་ཟ་དེ་དག་གདུལ་བའི་ཕྱིར་དྲང་སྲོང་དེ་ལ་གསོལ་བ་བཏབ་ནས་ དྲང་སྲོང་དེས་ཤ་ཟ་དེ་དག་བཏུལ་ཏེ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་ཤ་ཟར་གྱུར་པ་གང་ཡིན་པ་དེ་དག་ནི། ཤ་ཟ་འདི་དག་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་ངས་འདི་དག་བཏུལ་ཏེ་དགེ་བ་བཅུའི་ ལས་ཀྱི་ལམ་ལ་བཀོད་དོ། །ད་ལྟར་ཡང་ངས་འདི་དག་སྡིག་པའི་ལས་ལས་བཟློག་སྟེ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ།། །།ལས་བརྒྱ་ཐམ་པ། བམ་ པོ་སུམ་ཅུ་གསུམ་པ། དབང་པོའི་མགོ་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་ཡུལ་ཡངས་པ་ཅན་ན་འཕོང་གི་སློབ་དཔོན་དབང་པོའི་མགོ་ཅེས་ བྱ་བ༑ འཕོང་གི་རིག་པ་ཐམས་ཅད་ཀྱི་མཐར་ཕྱིན་པ་ཞིག་གནས་པ་དེས་ལི་ཙ་བའི་ལྔ་བརྒྱ་ལ་འཕོང་གི་རིག་པ་བསླབས་ནས་དེ་དག་ཀྱང་དེ་ལ་མཐར་ཕྱིན་པར་གྱུར་ཏེ་སྟོབས་ པོ་ཆེར་ཡང་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོའི་ཁབ་ན་གནས་པ་རྣམས་དང། ཡངས་བ་ཅན་ན་གནས་པ་རྣམས་འགྲས་པར་གྱུར་ཏེ། །རྒྱལ་པོའི་ཁབ་ན་གནས་པ་རྣམས་ [113B]པའི་ཕྱིར་ཡངས་པ་ཅན་ན་གནས་པ་རྣམས་ཀྱི་སྟེང་དུ་དྲངས་སོ་།དེ་ནས་འཕོང་གི་སློབ་དཔོན་དབང་པོའི་མགོས་རྒྱལ་ པོའི་ཁབ་ན་གནས་པ་རྣམས་ཀྱིས་གཡུལ་འགྱེད་པའི་ཕྱིར་བདག་ཅག་གི་སྟེང་དུ་དྲངས་སོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་གཡུལ་དགྱེད་པའི་ཕྱིར་འཁོར་ལྔ་བརྒྱ་དང་བཅས་ཏེ་ རྒྱལ་པོའི་ཁབ་ཀྱི་དམག་གི་སྟེང་དུ་དྲངས་སོ། །དེ་དག་གིས་དྲངས་ནས་སྐྱེ་བོ་མང་པོ་ཁ་བཏག་སྟེ། དེ་ནས་རྒྱལ་པོའི་ཁབ་ཀྱི་དམག་རྣམས་བྲོས་སོ། །དེ་བཞིན་དུ་ལན་གཉིས་ ལན་གསུམ་ནས་ལན་ལྔའི་བར་དུ་རྒྱལ་པོའི་ཁབ་ཀྱི་སྐྱེ་བོ་མང་པོ་རྣམས་ཁ་བཏག་གོ་དེ་ནས་འཕོང་གི་སློབ་དཔོན་དབང་པོའི་མགོས་མི་ལྔ་སྟོང་མདའ་འཕངས་ཏེ་བསད་དོ། ། ཞེས་ཐོག་ཐོག་ཏུ་གྲགས་སོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོའི་ཁབ་ན་གནས་པའི་མི་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏེ། བཙུན་པ་དབང་པོའི་མགོ་དེ་ནི། བདག་ཅག་ གི་དགྲ་མ་ལགས་པའི་དགྲ་འགྲན་ཟླ་མ་ལགས་པའི་འགྲན་ཟླ་ལགས་ཏེ། བཙུན་པ། དེས་ནི། མི་ལྔ་སྟོང་ཙམ་ཁ་བཏགས་ལགས་ན། བཅོམ་ལྡན་འདས་ཀྱིས་ཐུགས་ བརྩེ་བའི་སླད་དུ་དབང་པོའི་མགོ་གདུལ་བར་གསོལ་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ཀྱི་མི་རྣམས་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་རྒྱལ་ [114A]༄༅། །པོའི་ཁབ་ཀྱི་མི་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་དོང་ངོ་།དེ་ནས་ བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནས་མི་སྣང་བར་གྱུར་ཏེ་ཡངས་པ་ཅན་དུ་གཤེགས་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་ཕྱིན་ཆད་དབང་པོའི་མགོ་འཕོང་མི་ཤེས་ པ་དེ་ལྟ་བུར་བྱིན་གྱིས་བརླབས་ནས་དེ་རྨོངས་པར་གྱུར་ཏོ། །ཅིའི་ཕྱིར་བདག་འདི་ཁོ་ན་ལྟར་མ་རུངས་པར་གྱུར་སྙམ་མོ། །དེ་ནས་དེས་ཇི་ལྟར་བཅོམ་ལྡན་འདས་རྒྱལ་པོའི་ ཁབ་ན་བཞུགས་པ་ལས་དགྱེས་བཞིན་དུ་ཡངས་པ་ཅན་དུ་གཤེགས་པ་ཐོས་ནས་དེས་བསམ་པ། བཅོམ་ལྡན་འདས་ནི། ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་ པ་ཡིན་པས། དེ་ཅིའི་ཕྱིར་བདག་འཕོང་གི་རིག་པ་མི་ཤེས་པར་གྱུར་པ་ཐུགས་སུ་ཆུད་དོ་སྙམ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང་ ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའ་ཆོས་བསྟན་ཏེ། དེས་ན་དབང་པོའི་མགོས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ [114B]པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་ བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབང་པོའི་མགོ་རེ་ཞིག་སློབ་མ་རྣམས་ལ་སྦྲོན་ཅིག་དང། དེའི་འོག་ཏུ་ཁྱོད་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་ སློང་གི་དངོས་པོར་བྱ་བ་ནི། སླའོ། །དེས་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་འཚལ་ལོ། །ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ སྟེ་དེ་ཡངས་པ་ཅན་དུ་སོང་ནས་ལི་ཙ་བའི་ལྔ་བརྒྱ་པོ་རྣམས་ཅི་ནས་དེ་དག་ཐམས་ཅད་རབ་ཏུ་འབྱུང་བར་འདོད་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏོ། །དེ་ནས་དེ་རྣམས་ཀྱིས་ཕ་མ་ ལ་གསོལ་ཏེ་དབང་པོའི་མགོ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ [115A]༄༅། །ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གིས་བསམ་པ་དང། བག་ལ་ཉལ་དང། ཁམས་དང། ཤེས་པ་དང་ རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ་དེས་ན་ལི་ཙ་བའི་ལྔ་བརྒྱ་པོ་དེ་རྣམས་ཀྱིས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་ བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་རྣམས་ཀྱིས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་ བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན་བདག་ཅག་ཀྱང་བཅོམ་ལྡན་འདས་ ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་ཏེ་བསྙེན་པར་རྫོགས་ པར་མཛད་ནས་དེ་དག་ལ་ལུང་ཡང་ཕོག་སྟེ། དེ་དག་གིས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་ [115B] །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དབང་པོའི་མགོ་ལ་བརྟེན་ནས་ལི་ཙ་བའི་ལྔ་བརྒྱ་བཅོམ་ ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་དབང་པོའི་མགོ་ལ་སོགས་པ་ལི་ཙ་བའི་ལྔ་བརྒྱ་པོ་འདི་རྣམས་ངས་སྡིག་པ་ལས་བཟློག་སྟེ་ཇི་ལྟར་དགེ་བ་བཅུའི་ལས་ ཀྱི་ལམ་ལ་བཀོད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་གྲུ་འཛིན་ཅེས་བྱ་བ་ན་རྒྱལ་པོ་དབང་ཆེན་ཞེས་བྱ་བ་རྒྱལ་པོ་བྱེད་དོ། །དེ་ནས་ཕྱི་ ཞིག་ན་རྒྱལ་པོ་དེའི་བཙུན་མོ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང། བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མདོག་བཟང་བ། གསེར་གྱི་ཁ་དོག་ ཅན༑ མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ་ཞིག་བཙས་སོ་།དེ་ནས་དེའི་བཙས་སྟོན་ རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་དབང་ཆེན་གྱི་བུ་ཡིན་པས་ན་ཁྱེའུ་འདིའི་མིང་དབང་ཆེན་སྡེ་ཞེས་གདགས་སོ། ། [116A]༄༅། །ཞེས་ཟེར་རོ། །དེ་ནས་ཁྱེའུ་དབང་ཆེན་སྡེ་འོ་མ་དང་ཞོ་དང། མར་དང། ཞུན་མར་དང། མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ ཆེར་སྐྱེས་པ་དེའི་ཚེ་ཁྱེའུ་དེ་ཡི་གེ་སློབ་ཏུ་བཅུག་སྟེ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱི་བཟོའི་གནས་དང། ལས་ཀྱི་གནས་ཐ་དད་པ་འདི་ལྟ་སྟེ། གླང་ པོ་ཆེ་ཞོན་པ་དང། རྟ་ཞོན་པ་དང། མཚོན་ཆ་བཅང་བ་དང་འཕོང་དང། མདུན་དུ་བསྣུར་བ་དང། ཕྱིར་བསྣུར་བ་དང། གཡུལ་ལས་ཐར་པར་བྱ་བ་དང། ལྕགས་ཀྱུས་ གཟུང་བ་དང། ཞགས་པས་གཟུང་བ་དང། མདའ་བོ་ཆེ་འཕང་བ་དང། རྡོ་རྗེ་རྩེ་གཅིག་པ་འཕང་བ་དང། མཚོན་རྩེ་གཅིག་པ་གདབ་པ་དང། འཁོར་ལོ་འཕང་བ་དང། གཅད་ པ་དང། གཤེག་པ་དང། ལག་པས་གཟུང་བ་དང། རྐང་པའི་སྟགས་དང། མགོ་བོ་བསྐྱབ་པ་དང། རྒྱང་མར་འཕང་བ་དང། སྒྲ་གྲག་པར་འཕང་བ་དང། གནད་དུ་འཕང་བ་དང་ འཚོར་བར་ཕོག་པ་དང། གདོན་མི་ཟ་བར་ཕོག་པར་བྱ་བ་དང་ཚབས་ཆེར་གཏང་བ་རྣམས་ཀྱང་བསླབས་ནས་གནས་ལྔ་ལ་བྱང་བར་གྱུར་ཏོ། །དེ་ནས་དེས་བལྟས་ན། ཕ་དང་ བློན་པོ་ལྔ་བརྒྱ་པོ་དེ་རྣམས་ཆོས་མ་ཡིན་པས་རྒྱལ་པོ་བྱེད་ནས་དེས་བསམ་པ། བདག་གིས་རྒྱལ་སྲིད་བཏང་ལ་དཀའ་ཐུབ་ཀྱི་ནགས་ཚལ་དུ་འགྲོ་བར་བྱའོ་སྙམ་སྟེ་ཕ་མ་ [116B] །དེ་ནས་ཕྱི་ཞིག་ན་དེའི་ཕ་ཤིའོ། །དེ་ཤི་ནས་ཉི་འོག་གི་རྒྱལ་པོ་དག་གིས་ཡུལ་དུ་གནོད་པ་བྱེད་པ་ལ་ཞུགས་ནས་བློན་པོ་རྣམས་ ཀྱིས་བསམ་པ། བདག་ཅག་ཇོ་བོ་མེད་པའི་ཕྱིར་ཉི་འོག་གི་རྒྱལ་པོ་དག་གནོད་པ་བྱེད་ཀྱི། རྒྱལ་པོའི་སྲས་སྤྱན་དྲངས་ཏེ་རྒྱལ་སར་གཞུག་གོ་སྙམ་ནས་རྒྱལ་པོའི་བུ་དེའི་ཐད་དུ་ བློན་པོ་ཆེན་པོ་སོང་སྟེ། དེས་རྒྱལ་པོའི་བུ་ལ་སྨྲས་པ། ཇོ་བོ་ཁྱོད་ཀྱི་ཡབ་ནོངས་ཀྱི། ཚུར་གཤེགས། ཡབ་ཀྱི་རྒྱལ་སྲིད་བཞེས་སུ་གསོལ། དེས་སྨྲས་པ། གལ་ཏེ་ཁྱོད་ དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་གྱུར་ན། དེའི་འོག་ཏུ་བྱས་པས་སླའོ་ཞེས་བྱས་ནས་དེས་བློན་པོ་ཆེན་པོ་དེ་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་བྱས་སོ། །བློན་པོ་ ཆེན་པོ་དེས་ཀྱང་བློན་པོ་ལྔ་བརྒྱ་པོ་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། །དེ་ནས་རྒྱལ་པོའི་བུ་དེ་སྤྱན་དྲངས་ནས་རྒྱལ་སར་བཅུག་གོ་དེ་ནས་དེ་དེར་འོངས་པས་ཡུལ་ ཁམས་ན་གནས་པའི་སྐྱེ་བོ་མང་པོ་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོར་གྱུར་བ་བྱང་ཆུབ་སེམས་དཔའི་ སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་བློན་པོ་ཆེན་པོར་གྱུར་པ་གང་ཡིན་པ་དེ་ནི། དབང་པོའི་མགོ་འདི་ཁོ་ན་ཡིན་ནོ། །དེའི་ཚེ་བློན་པོ་ལྔ་བརྒྱ་པོར་གྱུར་པ་ [117A]༄༅། །གང་ཡིན་པ་དེ་དག་ནི། ལི་ཙ་བའི་ལྔ་བརྒྱ་པོ་འདི་དག་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་ངས་དབང་པོའི་མགོ་འདི་ཁོ་ན་ལ་བརྟེན་ནས་བློན་པོ་ལྔ་བརྒྱ་པོ་རྣམས་ སྡིག་པ་ལས་བཟློག་སྟེ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། །ད་ལྟར་ཡང་ངས་ལི་ཙ་བའི་ལྔ་བརྒྱ་པོ་འདི་རྣམས་དབང་པོའི་མགོ་འདི་ལ་བརྟེན་ནས་སྡིག་པ་ལས་བཟློག་སྟེ་ གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་ དག་ཐམས་ཅད་རབ་ཏུ་བྱུང་ནས་དེར་འདི་རྣམས་ཀྱིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་ བར་གྱུར་ཏོ། །ལས་བརྒྱ་ཐམ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་དགུ་པ་རྫོགས་སོ།། །།སྡོམ་ནི། བརྒྱ་བྱིན་རྒྱལ་པོ་རྔོན་པ་དང་།རྨོས་པ་དང་ནི་བྲམ་ཟེ་ གསུམ༑ ༑ཁྱབ་འཇུག་དང་ནི་འཐབ་མོ་ཀླུ། །ཤི་བི་གཉིས་དང་ཀོའུ་ཤམྦྷི། །བརྒྱ་བྱིན་ཞེས་བྱ་བ་ནི། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ན་ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་ གསུམ་པའི་རྒྱལ་སྲིད་ཀྱི་མངའ་བདག་བྱེད་དོ། །ཆོས་ཉིད་ཀྱིས་ན་ལྷའི་བུ་འཆི་འཕོ་བའི་ཚེ་ཉེ་བའི་སྔ་སྟས་ལྔ་འབྱུང་བར་འགྱུར་ཏེ། ལྷ་ནི། རང་གི་འོད་དང་ལྡན་པ་ཡིན་ན་ [117B] །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གོས་དང། རྒྱན་རྣམས་དང། གོས་དང། རྒྱན་གྱི་ཤིང་རྣམས་དང། མེ་ཏོག་དང་འབྲས་བུའི་ཤིང་རྣམས་ རླུང་གིས་བསྐྱོད་ན། ཡིད་དུ་འོང་བའི་སྒྲ་འབྱུང་བ་ཡིན་ན། དེའི་ཚེ་དེ་དག་གི་སྒྲ་ཡིད་དུ་མི་འོང་བ་འབྱུང་བར་འགྱུར་རོ། །ལྷ་རྣམས་ཀྱི་གོས་ལ་རེག་ན་འཇམ་པ་ཡིན་ན། དེའི་ ཚེ་དེ་དག་གི་གོས་རེག་ན་རྩུབ་པར་འགྱུར་རོ། །ལྷ་རྣམས་ཀྱི་ལུས་ལ་དྲི་མ་མི་འཆགས་པ་ཡིན་ན། དེའི་ཚེ་དེ་དག་གི་ལུས་ལ་དྲི་མ་འཆགས་པར་འགྱུར་རོ། །ལྷ་རྣམས་ཀྱི་མིག་མི་ འཛུམ་པ་ཡིན་ན། དེའི་ཚེ་དེ་དག་གི་མིག་འཛུམ་པར་འགྱུར་རོ། །ཉེ་བའི་ལྟས་ལྔ་ལ་མ་གཏོགས་པ་འཆི་འཕོ་བའི་ལྟས་ལྔ་འབྱུང་བར་འགྱུར་ཏེ། གོས་རྣམས་ལ་དྲི་མ་མི་འཆགས་ པ་ལས༑ དྲི་མ་འཆགས་པར་འགྱུར་རོ། །མེ་ཏོག་ཕྲེང་རྣམས་མི་རྙིས་པ་ལས་རྙིས་པར་འགྱུར་རོ། །ལུས་ལས་དྲི་ང་བ་འབྱུང་བར་འགྱུར་རོ། །མཆན་ཁུང་གཉིས་ལས་རྡུལ་ འབྱུང་བར་འགྱུར་རོ། །ལྷའི་བུ་འཆི་འཕོ་བ་ན་རང་གི་སྟན་ལ་འདུག་མི་འདོད་པར་འགྱུར་རོ། །དེ་ནས་ཕྱི་ཞིག་ན་ལྷའི་དབང་པོ་བརྒྱ་བྱིན་ལ་ཉེ་བའི་ལྟས་ལྔ་པོ་རྣམས་བྱུང་སྟེ། དེས་ཉེ་ བའི་ལྟས་དེ་དག་བྱུང་བར་ཚོར་ནས་ཚོར་མ་ཐག་ཏུ་དེ་ཤས་ཆེར་འཇིགས་པ་སྐྱེས་ཏེ། ད་སུ་ལ་སྐྱབས་སུ་འགྲོ་བར་བྱ། སུ་ཞིག་གིས་བདག་གནས་འདི་ནས་ཤི་འཕོ་བར་མི་འགྱུར་ [118A]༄༅། །བར་ནུས་ཤིག་གུ་སྙམ་མོ། །དེ་ནས་ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་ཀྱིས་སྨྲས་པ། ཀོའུ་ཤི་ཀ་འཛམ་བུའི་གླིང་དུ་བཞུད་ལ། དགེ་སྦྱོང་དང་བྲམ་ ཟེ་ཁོང་དགེ་བའི་རང་བཞིན་ཅན་དུ་བཀུར་པ་རྣམས་ལ་ཐབས་ཅི་ཞིག་གིས་ན། བདག་གནས་འདི་ནས་འཕོ་བར་མི་འགྱུར་ཞེས་སྨྲོས་ཤིག་།དེ་དག་ཉིད་ལ་སྐྱབས་སུ་བཞུད་ ཅིག་དེ་ནས་དེ་ཐོས་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་དང་ལྷན་ཅིག་ཏུ་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ནས་མི་སྣང་བར་གྱུར་ནས་འཛམ་ བུའི་གླིང་དུ་འོངས་ཏེ། དེ་དགེ་སྦྱོང་དང། བྲམ་ཟེ་གཞན་དང་གཞན་དག་གི་ཐད་དུ་སོང་ནས་ཐབས་ཅི་ཞིག་གིས་ན། ལྷའི་བུ་འཆི་འཕོ་བར་གྱུར་བ་ལས་འཆི་འཕོ་བར་ མི་འགྱུར་ཞེས་དྲིས་ན། དེ་དག་གིས་དེ་ཉིད་ལ་ཁྱོད་སུ་ཡིན་ཞེས་ཕྱིར་དྲིས་སོ། །དེས་སྨྲས་པ། ལྷའི་དབང་པོ་བརྒྱ་བྱིན་ཡིན་ནོ་།དེ་ནས་དེ་དག་གཞི་དེ་ལས་དགའ་བ་དང། མཆོག་ ཏུ་དགའ་བ་སྐྱེས་ཏེ། བདག་ཅག་ལ་ལྷའི་དབང་པོ་བརྒྱ་བྱིན་བལྟར་འོངས་པ་འདི་ནི། བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ། །ཞེས་ཟེར་ནས་དེ་དག་དེ་ལ་སྐྱབས་སུ་འགྲོ་བར་ བྱེད་དོ༑ ༑དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ་འདི་ལྟར་བདག་ནི། འདི་རྣམས་ལ་འདྲི་བར་འདོད་ཅིང་སྐྱབས་སུ་འགྲོ་བར་འདོད་པ་ལས། འདི་དག་བདག་ལ་ [118B] བདག་དགེ་སྦྱོང་དང། བྲམ་ཟེ་འདི་དག་ལྟ་བུ་ལ་འདྲི་ཅི་དགོས་སྙམ་ནས་རེ་ཐག་ཆད་དེ། དེ་དག་ལ་རེ་བ་མེད་པར་གྱུར་ཏོ། །དེ་ནས་དེའི་སྐབས་སུ་བྱང་ ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པས། གཟིགས་པ་བཞིས་འཇིག་རྟེན་ལ་གཟིགས་ནས་འདོད་པ་ན་སྤྱོད་པའི་རིགས་དྲུག་ཏུ་ཚིག་ཏུ་རྗོད་ཅིང་ཀུན་ཏུ་སྒྲ་བསྒྲགས་ ཏེ་གྲོགས་པོ་དག་ང་ནི། འཛམ་བུའི་གླིང་དུ་ཉིང་མཚམས་སྦྱོར་བ་ལེན་ཅིང་འགྲོ་བ་རྣམས་ཀྱང་བདུད་རྩིས་ཚིམ་པར་བྱེད་ཀྱི་ཁྱེད་ལས་སུ་བདུད་རྩི་འདོད་པ་དེ་དག་འཛམ་ བུའི་གླིང་དུ་ཉིང་མཚམས་སྦྱོར་བ་ལོངས་ཤིག་དང། དེར་ངས་ཁྱེད་ལ་བདུད་རྩིའི་བགོ་བཤའ་བྱའོ། །ཞེས་བྱས་ནས་བྱང་ཆུབ་སེམས་དཔས་ཡུམ་གྱི་ལྷུམས་སུ་ཉིང་མཚམས་ སྦྱོར་བ་བླངས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམ་པ། བདག་གིས་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་བསྙེན་བཀུར་བྱ་ཅི་དགོས། བྱང་ཆུབ་སེམས་དཔའ་འདིས་ ཡུམ་གྱི་ལྷུམས་སུ་ཉིང་མཚམས་སྦྱོར་བ་བླངས་པས་ན། དེ་གང་གི་ཚེ་བལྟམས་པ་དེའི་ཚེ་བདུད་རྩི་རྟོགས་པར་འགྱུར་བས། དེའི་འོག་ཏུ་བདག་གིས་བསྙེན་བཀུར་བྱའོ་སྙམ་ནས་ དེས་ལྷའི་བུ་བཞི་དེའི་སྲུང་མར་བཏང་ངོ། །བདག་ཉིད་ཀྱང་དུས་དུས་སུ་བྱང་ཆུབ་སེམས་དཔའི་ཐད་དུ་བསྲུང་བའི་ཕྱིར་འགྲོ་བར་བྱེད་དོ། །བལྟམས་པའི་མོད་ལ་ཡང་བདག་ཉིད་ཀྱིས་ [119A]༄༅། །བླངས་སོ། །སྐུ་ཆེར་སྐྱེས་པའི་ཚེ་ཡང་དེས་སྐྱོ་བ་བསྐྱེད་དེ་ངེས་པར་འབྱུང་བར་བྱ་བའི་ཕྱིར་བརྩོན་པར་བྱས་སོ་།བྱང་ཆུབ་ཀྱི་སྙིང་པོར་ཡང་ བསྲུང་བའི་ཕྱིར་སོང་ངོ། །དེ་ནས་གང་གི་ཚེ་བྱང་ཆུབ་སེམས་དཔས་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས་ལྔ་སྡེ་དང། ཉེ་བའི་ལྔ་སྡེ་དང། གྲོང་གི་བྱིས་པ་སྟོད་རིམ་ལྔ་བཅུ་ དང། བཟང་སྡེའི་སྡེ་ཚན་རྣམས་བཏུལ་བ་དང། དགའ་མོ་དང། དགའ་སྟོབས་མ་བདེན་པ་རྣམས་ལ་བཀོད་པ་དང། ལྟེང་རྒྱས་འོད་སྲུང་དང། ཆུ་ཀླུང་འོད་སྲུང་སྤུན་ རབ་ཏུ་བྱུང་བ་དང། གཡར་གཤེགས་ནས་ཆོ་འཕྲུལ་རྣམ་པ་གསུམ་བསྟན་པ་དང། འོད་མའི་ནགས་ཁྲོད་དུ་རྒྱལ་པོ་གཟུགས་ཅན་སྙིང་པོ་དང། ལྷ་བརྒྱད་ཁྲི་དང་ ཡུལ་མ་ག་དཧའི་བྲམ་ཟེ་དང། ཁྱིམ་བདག་སྟོང་ཕྲག་དུ་མ་བདེན་པ་རྣམས་ལ་བཀོད་པ་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམ་པ། ད་དུང་འདི་ནི། བདག་གིས་ བཅོམ་ལྡན་འདས་ལ་ཞུ་བ་ལུང་བསྟན་པ་ཞུ་བའི་དུས་མ་ཡིན་ནོ་སྙམ་མོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་བདེན་པ་རྣམས་ལ་གནས་པར་ བྱས་ནས་རྒྱལ་པོའི་ཁབ་ཏུ་གཤེགས་ཏེ་འོད་མའི་ཚལ་བཞེས་ནས་དགེ་སློང་ཤཱ་རིའི་བུ་དང། མོའུ་དགལ་གྱི་བུ་གཉིས་རབ་ཏུ་ཕྱུང་སྟེ་བསྟན་པ་རྒྱས་པར་མཛད་ནས་དེའི་ཚེ་ [119B]རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་ མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ་ རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་ སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ ནི༑ རྒུད༑ སུ་ནི། དར། སུ་ནི། ཕོངས་ཤིང་འདུག་སུ་ནི། ཉམ་ང་བར་གྱུར། སུ་ནི། གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་ སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ་སུ་ནི། ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་ སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ [120A]༄༅། །ནི༑ དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི། དགེ་ བའི་རྩ་བ་རྣམས་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་ཀྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་ཡོད་པར་བྱ་སྙམ་དུ་ཡེ་ ཤེས་གཟིགས་པ་འཇུག་གོ། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ་།སངས་རྒྱས་དུས་ལས་ ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། བདག་གིས་ལྷའི་དབང་པོ་བརྒྱ་བྱིན་འཁོར་བརྒྱད་ཁྲི་དང་བཅས་པ་བདེན་པ་རྣམས་ལ་དགོད་པར་བྱ་དགོས་ སོ་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནས་མི་སྣང་བར་གྱུར་ཏེ་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་ན་བྲམ་ཟེའི་གྲོང་ཨ་མྲའི་ནགས་ཁྲོད་ཅེས་བྱ་བ་དེའི་བྱང་ ཕྱོགས་ན་རི་བི་དེ་ལྷའི་དབང་པོའི་བྲག་ཕུག་ཏུ་གཤེགས་ནས་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམ་པ། ད་ནི། བདག་ གིས་བཅོམ་ལྡན་འདས་ལ་ཞུ་བ་ལུང་བསྟན་པ་ཞུ་བའི་དུས་ལ་བབ་བོ་སྙམ་ནས་ལྷའི་འཁོར་བརྒྱད་ཁྲི་དང། ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་དང། དྲི་ཟའི་བུ་ཟུར་ཕུད་ལྔ་པ་ [120B]སྣང་བར་གྱུར་ཏེ་རི་བི་དེ་ཧ་ལ་འཁོད་ནས་དེར་ལྷའི་དབང་པོ་བརྒྱ་བྱིན་དང། དེ་མ་ཡིན་པའི་ལྷ་སྟོང་ཕྲག་དུ་མའི་ཁ་དོག་ གི་མཐུས་རི་བི་དེ་ཧ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དབང་པོའི་བྲག་ཕུག་ཏུ་ཞུགས་ནས་བཅོམ་ལྡན་འདས་མེའི་ཁམས་ལ་སྙོམས་ པར་ཞུགས་པ་མཐོང་ངོ། །མཐོང་ནས་ཀྱང་དེས་བསམ་པ། སངས་རྒྱས་བཅོམ་ལྡན་འདས་མེའི་ཁམས་ལ་སྙོམས་པར་ཞུགས་པ་ལས་ན་ཡང་བདག་བཅོམ་ལྡན་འདས་ ལ་བལྟ་བའི་ཕྱིར་འགྲོ་བ་དང། བལྟ་བ་དང། བསྙེན་བསྐུར་བྱ་བའི་དུས་ལ་མ་བབ་བོ་སྙམ་ནས་ཐང་གཅིག་ཅང་མི་ཟེར་བར་འདུག་ནས་དྲི་ཟའི་བུ་གཙུག་ཕུད་ལྔ་པ་ལ་སྨྲས་པ་ བུ་གཙུག་ཕུད་ལྔ་པ། ཁྱོད་ཀྱིས་བཅོམ་ལྡན་འདས་སྔར་བཞེངས་པར་བྱེད་ནུས་སམ། དེ་ལྟར་བྱས་པ་དང། དེའི་འོག་ཏུ་བདག་ཅག་བལྟ་བའི་ཕྱིར་འགྲོ་བ་དང། བསྙེན་བཀུར་ བྱ་བ་སླ་བར་འགྱུར་རོ། །གཙུག་ཕུད་ལྔ་པས་སྨྲས་པ། ཀོའུ་ཤི་ཀ་བདག་གིས་ནུས་ཆེས་སོ། །ཞེས་སྨྲས་ནས་གཡོག་འཁོར་ལྔ་བརྒྱ་དང། བཻ་ཌཱུརྱའི་པི་ཝང་བླངས་ནས་བཅོམ་ ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་གཙོ་བོ་ལ་འོས་པ་དང་དགྲ་བཅོམ་པ་ལ་འོས་པའི་ཚིགས་སུ་བཅད་པ་དེ་དག་གིས་བཅོམ་ལྡན་འདས་བཞེངས་པ་གསོལ་ནས་ལྷའི་ [121A]༄༅། །དབང་པོ་བརྒྱ་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀོའུ་ཤི་ཀ་།བཅོམ་ལྡན་འདས་བཞེངས་ ལགས་ཏེ། ཁྱོད་ཀྱིས་བཅོམ་ལྡན་འདས་ལ་བལྟར་འགྲོ་བ་དང། བསྙེན་བསྐུར་བྱ་བའི་དུས་ལ་བབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། ཀྱེ་མ་དབང་པོའི་ བྲག་ཕུག་འདི་ནི། དོག་ཆེས་ལ། ལྷའི་འཁོར་ནི། མང་ཆེས་ཀྱི། མ་ལ་བདག་གིས་ཕུག་འདི་ཅི་ནས་ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་བདེ་བླག་ཏུ་ཆོས་ཉན་ཅིང་ འཁོད་དུ་ཡོད་པ་དེ་ལྟ་བུར་བྱིན་གྱིས་བརླབ་པར་བྱའོ་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་ཀྱིས་དབང་པོའི་བྲག་ཕུག་ཡངས་པར་བྱིན་གྱིས་བརླབས་སོ། །དེ་ནས་ལྷའི་དབང་ པོ་བརྒྱ་བྱིན་ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་དང། ལྷ་བརྒྱད་ཁྲི་དང་ཐབས་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་ བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གཏམ་རྒྱུད་སྔ་མའི་དོན་བཅོམ་ལྡན་འདས་ལ་གསོལ་ནས་བརྒྱ་བྱིན་གྱིས་ཞུ་བ་ ཞུས་པ༑ བཙུན་པ། ལྷ་རྣམས་དང། མི་རྣམས་དང། ལྷ་མ་ཡིན་རྣམས་དང། ཀླུ་རྣམས་དང། ནམ་མཁའ་ལྡིང་རྣམས་དང། དྲི་ཟ་རྣམས་དང། ལུས་ཐ་དད་པ་ [121B] དེ་དག་གི་སྦྱོར་བ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་ལྷ་རྣམས་དང། མི་རྣམས་དང། ལྷ་མ་ཡིན་རྣམས་དང། ཀླུ་རྣམས་ དང། ནམ་མཁའ་ལྡིང་རྣམས་དང། དྲི་ཟ་རྣམས་དང། ལུས་ཐ་དད་པ་གཞན་དག་ཀྱང་རུང་སྟེ། དེ་དག་གི་སྦྱོར་བ་ནི། ཕྲག་དོག་དང། སེར་སྣ་ཡིན་ཏེ། དེ་དག་འདི་སྙམ་དུ་ཀྱེ་མ་ བདག་འཁོན་མེད་པ་དང། འགྲན་ཟླ་མེད་པ་དང། གནོད་པ་མེད་པ་དང། འཐབ་མོ་མེད་པ་དང། མཚང་འདྲུ་བ་མེད་པ་དང། འགྱེད་པ་མེད་པ་དང། རྩོད་པ་མེད་པས་གནས་པར་ བྱའོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་དེ་དག་ནི། འཁོན་དང་བཅས་པ་དང། འགྲན་ཟླ་དང་བཅས་པ་དང། །གནོད་པ་དང་བཅས་པ་དང། འཐབ་མོ་དང་བཅས་པ་དང། མཚང་ འདྲུ་བ་དང་བཅས་པ་དང། འགྱེད་པ་དང་བཅས་པ་དང། རྩོད་པ་དང་བཅས་པ་ལ་གནས་སོ། །བརྒྱ་བྱིན་གྱིས་གསོལ་པ། བཙུན་པ། དེ་ནི། དེ་ལགས་སོ། །དེ་ནི། དེ་ལགས་ ཏེ༑ ལྷ་རྣམས་དང། མི་རྣམས་དང། ལྷ་མ་ཡིན་རྣམས་དང། ཀླུ་རྣམས་དང། ནམ་མཁའ་ལྡིང་རྣམས་དང། དྲི་ཟ་རྣམས་དང། ལུས་ཐ་དད་པ་གཞན་དག་ཀྱང་རུང་སྟེ། དེ་ དག་གི་སྦྱོར་བ་ནི། ཕྲག་དོག་དང། སེར་སྣ་ལགས་ཏེ། དེ་དག་འདི་སྙམ་དུ་ཀྱེ་མ་བདག་འཁོན་མེད་པ་དང། འགྲན་ཟླ་མེད་པ་དང་གནོད་པ་མེད་པ་དང། འཐབ་མོ་མེད་ [122A]༄༅། །པ་དང། མཚང་འདྲུ་བ་མེད་པ་དང། འགྱེད་པ་མེད་པ་དང། རྩོད་པ་མེད་པས་གནས་པར་བྱའོ་སྙམ་དུ་མི་སེམས་མོད་ཀྱི་འོན་ཀྱང་དེ་དག་ནི་ འཁོན་དང་བཅས་པ་དང། འགྲན་ཟླ་དང་བཅས་པ་དང། གནོད་པ་དང་བཅས་པ་དང། འཐབ་མོ་དང་བཅས་པ་དང། མཚང་འདྲུ་བ་དང་བཅས་པ་དང། འགྱེད་པ་དང་བཅས་ པ་དང། རྩོད་པ་དང་བཅས་པས་གནས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ནས་སོམ་ཉི་ལས་བརྒལ་ཏེ་ཐེ་ཚོམ་དང་བྲལ་ལགས་སོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལས་ཞུ་བ་ལུང་བསྟན་པ་ཐོས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་ རང་ནས་བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་པ་ཕྲག་དོག་དང། སེར་སྣའི་གཞི་ནི། ཅི་ལགས། ཀུན་འབྱུང་བ་ནི། ཅི་ལགས། རྣམ་པ་ནི། ཅི་ ལགས༑ ཅི་ལས་ནི། སྐྱེ་ལགས། གང་མཆིས་ན། ཕྲག་དོག་དང། སེར་སྣ་འབྱུང་བར་འགྱུར་ལ། གང་མ་མཆིས་ན། ཕྲག་དོག་དང། སེར་སྣ་འབྱུང་བར་མི་འགྱུར་ ལགས༑ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་ཕྲག་དོག་དང། སེར་སྣའི་གཞི་ནི། དགའ་བ་དང། མི་དགའ་བའོ། །ཀུན་འབྱུང་བ་ནི། དགའ་བ་དང། མི་ [122B] །རྣམ་པ་ནི། དགའ་བ་དང། མི་དགའ་བའོ། །སྐྱེ་བ་ནི། དགའ་བ་དང། མི་དགའ་བ་སྟེ། དགའ་བ་དང་མི་དགའ་བ་ཡོད་ན། ཕྲག་དོག་དང་སེར་སྣ་འབྱུང་ བར་འགྱུར་ལ། དགའ་བ་དང་མི་དགའ་བ་མེད་ན། ཕྲག་དོག་དང་སེར་སྣ་འབྱུང་བར་མི་འགྱུར་རོ། །བརྒྱ་བྱིན་གྱིས་གསོལ་པ། བཙུན་པ་དེ་ནི། དེ་ལེགས་སོ། །དེ་ནི། དེ་ ལགས་ཏེ། ཕྲག་དོག་དང་སེར་སྣའི་གཞི་ནི། དགའ་བ་དང་མ་དགའ་བ་ལགས་སོ། །ཀུན་འབྱུང་བ་ནི། དགའ་བ་དང་མི་དགའ་བ་ལགས་སོ་།རྣམ་པ་ནི། དགའ་བ་དང་མི་ དགའ་བ་ལགས་སོ། །དེ་སྐྱེ་བ་ནི། དགའ་བ་དང་མི་དགའ་བ་ལགས་ཏེ་དགའ་བ་དང་མི་དགའ་བ་མཆིས་ན། ཕྲག་དོག་དང་སེར་སྣ་འབྱུང་བར་འགྱུར་ལ། དགའ་བ་དང་ མི་དགའ་བ་མ་མཆིས་ན། ཕྲག་དོག་དང་སེར་སྣ་འབྱུང་བར་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ནས་སོམ་ཉི་ལས་བརྒལ་ཏེ་ ཐེ་ཚོམ་དང་བྲལ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལས་ཞུ་བ་ལུང་བསྟན་པ་ཐོས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་ པར་བསྟོད་ཅིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་པ། དགའ་བ་དང་མི་དགའ་བའི་གཞི་ནི། ཅི་ལགས་ཀུན་འབྱུང་བ་ནི། ཅི་ལགས་ [123A]༄༅། །རྣམ་པ་ནི། ཅི་ལགས། ཅི་ལས་ནི། སྐྱེ་ལགས། གང་མཆིས་ན། དགའ་བ་དང་མི་དགའ་བ་འབྱུང་བར་འགྱུར་ལ། གང་མ་མཆིས་ ན༑ དགའ་བ་དང་མི་དགའ་བ་འབྱུང་བར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ། དགའ་བ་དང་མི་དགའ་བའི་གཞི་ནི། འདུན་པའོ། །ཀུན་འབྱུང་བ་ནི་ འདུན་པའོ། །རྣམ་པ་ནི། འདུན་པའོ། །སྐྱེ་བ་ནི། འདུན་པའོ། །འདུན་པ་ཡོད་ན། དགའ་བ་དང་མི་དགའ་བ་འབྱུང་བར་འགྱུར་ལ། འདུན་པ་མེད་ན། དགའ་བ་དང་མི་ དགའ་བ་འབྱུང་བར་མི་འགྱུར་རོ། །བརྒྱ་བྱིན་གྱིས་གསོལ་པ། བཙུན་པ། དེ་ནི། དེ་ལགས་སོ། །དེ་ནི། དེ་ལགས་ཏེ། དགའ་བ་དང་མི་དགའ་བའི་གཞི་ནི། འདུན་ པ་ལགས་སོ། །ཀུན་འབྱུང་བ་ནི། འདུན་པ་ལགས་སོ། །རྣམ་པ་ནི། འདུན་པ་ལགས་སོ། །སྐྱེ་བ་ནི། འདུན་པ་ལགས་ཏེ། འདུན་པ་མཆིས་ན། དགའ་བ་དང་ མི་དགའ་བ་འབྱུང་བར་འགྱུར་ལ། འདུན་པ་མ་མཆིས་ན། དགའ་བ་དང་མི་དགའ་བ་འབྱུང་བར་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་ བདག་གིས་རྟོགས་ནས་སོམ་ཉི་ལས་བརྒལ་ཏེ་ཐེ་ཚོམ་དང་བྲལ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལས་ཞུ་བ་ལུང་བསྟན་པ་ཐོས་ནས་བཅོམ་ [123B]སུ་ཡི་རང་ནས་བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་པ། འདུན་པའི་གཞི་ནི། ཅི་ལགས། ཀུན་འབྱུང་ བ་ནི༑ ཅི་ལགས། རྣམ་པ་ནི། ཅི་ལགས། ཅི་ལས་ནི། སྐྱེ་ལགས། གང་མཆིས་ན། འདུན་པ་འབྱུང་བར་འགྱུར་ལ། གང་མ་མཆིས་ན། འདུན་པ་འབྱུང་བར་མི་འགྱུར་ ལགས༑ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ། འདུན་པའི་གཞི་ནི། རྟོག་པའོ། །ཀུན་འབྱུང་བ་ནི། རྟོག་པའོ། །རྣམ་པ་ནི་རྟོག་པའོ། །སྐྱེ་བ་ནི། རྟོག་ པ་སྟེ༑ རྟོག་པ་ཡོད་ན། འདུན་པར་འབྱུང་བར་འགྱུར་ལ། རྟོག་པ་མེད་ན། འདུན་པར་འབྱུང་བར་མི་འགྱུར་རོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཙུན་པ་ དེ་ནི༑ དེ་ལགས་སོ། །དེ་ནི། དེ་ལགས་ཏེ། འདུན་པའི་གཞི་ནི། རྟོག་པ་ལགས་སོ། །ཀུན་འབྱུང་བ་ནི། རྟོག་པ་ལགས་སོ། །རྣམ་པ་ནི། རྟོག་པ་ལགས་སོ། །སྐྱེ་བ་ནི་ རྟོག་པ་ལགས་ཏེ། རྟོག་པ་ཡོད་ན། འདུན་པ་འབྱུང་བར་འགྱུར་ལ་རྟོག་པ་མེད་ན། འདུན་པ་འབྱུང་བར་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་ འདི་བདག་གིས་རྟོགས་ནས་སོམ་ཉི་ལས་བརྒལ་ཏེ་ཐེ་ཚོམ་དང་བྲལ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལས་ཞུ་བ་ལུང་བསྟན་པ་ཐོས་ནས་ [124A]༄༅། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་པ་ རྟོག་པའི་གཞི་ནི། ཅི་ལགས། ཀུན་འབྱུང་བ་ནི། ཅི་ལགས། རྣམ་པ་ནི། ཅི་ལགས། ཅི་ལས་ནི། སྐྱེ་ལགས། གང་མཆིས་ན། རྟོག་པ་འབྱུང་བར་འགྱུར་ལ་ གང་མ་མཆིས་ན། རྟོག་པ་འབྱུང་བར་མི་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་རྟོག་པའི་གཞི་ནི། སྤྲོས་པའོ། །ཀུན་འབྱུང་བ་ནི་ སྤྲོས་པའོ། །རྣམ་པ་ནི། སྤྲོས་པའོ། །སྐྱེ་བ་ནི། སྤྲོས་པ་སྟེ་སྤྲོས་པ་ཡོད་ན། རྟོག་པ་འབྱུང་བར་འགྱུར་ལ། སྤྲོས་པ་མེད་ན་རྟོག་པ་འབྱུང་བར་མི་འགྱུར་རོ། ། ཀོའུ་ཤི་ཀ་དེ་ལྟར་ན་སྤྲོས་པ་ཡོད་ན། རྟོག་པ་འབྱུང་བར་འགྱུར་རོ། །རྟོག་པ་ཡོད་ན། འདུན་པ་འབྱུང་བར་འགྱུར་རོ། །འདུན་པ་ཡོད་ན། དགའ་བ་དང་མི་དགའ་བ་ འབྱུང་བར་འགྱུར་རོ། །དགའ་བ་དང་མི་དགའ་བ་ཡོད་ན། ཕྲག་དོག་དང་སེར་སྣ་འབྱུང་བར་འགྱུར་རོ། །ཕྲག་དོག་དང་སེར་སྣ་ཡོད་ན་དབྱུག་པ་ཐོགས་པ་དང་ མཚོན་ཆ་ཐོགས་པ་དང། འཐབ་པ་དང། མཚང་འདྲུ་བ་དང་འགྱེད་པ་དང། རྩོད་པ་དང། གཡོ་བྱེད་པ་དང། འདྲིད་པ་དང་ཆད་པས་གཅོད་པ་དང། རྫུན་ཟེར་བ་ [124B] སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །དེ་ལྟར་ན་སྤྲོས་པ་མེད་ན་ རྟོག་པ་འབྱུང་བར་མི་འགྱུར་རོ། །རྟོག་པ་མེད་ན། འདུན་པ་འབྱུང་བར་མི་འགྱུར་རོ། །འདུན་པ་མེད་ན། དགའ་བ་དང་མི་དགའ་བ་འབྱུང་བར་མི་འགྱུར་རོ། །དགའ་བ་དང་མི་ དགའ་བ་མེད་ན། ཕྲག་དོག་དང་སེར་སྣ་འབྱུང་བར་མི་འགྱུར་རོ་།ཕྲག་དོག་དང་སེར་སྣ་མེད་ན། དབྱུག་པ་ཐོགས་པ་དང། མཚོན་ཆ་ཐོགས་པ་དང། འཐབ་པ་དང། མཚང་ འདྲུ་བ་དང། འགྱེད་པ་དང། རྩོད་པ་དང། གཡོ་བྱེད་པ་དང་འདྲིད་པ་དང། ཆད་པས་གཅོད་པ་དང། རྫུན་ཟེར་བ་དང། སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་འགག་ པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཙུན་པ། དེ་ནི། དེ་ལགས་ སོ༑ ༑དེ་ནི༑ དེ་ལགས་ཏེ། རྟོག་པའི་གཞི་ནི། སྤྲོས་པ་ལགས་སོ། །ཀུན་འབྱུང་བའི་གཞི་ནི། སྤྲོས་པ་ལགས་སོ། །རྣམ་པ་ནི། སྤྲོས་པ་ལགས་སོ། །སྐྱེ་བ་ནི། སྤྲོས་པ་ ལགས་སོ། །སྤྲོས་པ་མཆིས་ན། རྟོག་པ་འབྱུང་བར་འགྱུར་ལ། སྤྲོས་པ་མ་མཆིས་ན། རྟོག་པ་འབྱུང་བར་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་ [125A]༄༅། །འདི་བདག་གིས་རྟོགས་ནས་སོམ་ཉི་ལས་བརྒལ་ཏེ་ཐེ་ཚོམ་དང་བྲལ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལས་ ཞུ་བ་ལུང་བསྟན་པ་ཐོས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་ པ༑ སྤྲོས་པ་འགག་པར་འགྱུར་བའི་ལམ་ཞེས་གསུངས་ན། བཙུན་པ་སྤྲོས་པ་འགག་པར་འགྱུར་བའི་ལམ་གང་ལགས། དགེ་སློང་ལམ་གང་ལ་ཞུགས་ན། སྤྲོས་པ་ འགག་པར་འགྱུར་བའི་ལམ་ལ་ཞུགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་སྤྲོས་པ་འགག་པར་འགྱུར་བའི་ལམ་ནི་འཕགས་ པའི་ལམ་ཡན་ལག་བརྒྱད་པ་ཡིན་ཏེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་ངག་དང་ཡང་དག་པའི་ལས་ཀྱི་མཐའ་ དང། ཡང་དག་པའི་འཚོ་བ་དང། ཡང་དག་པའི་རྩོལ་བ་དང་ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ཏོ། །འདི་ནི། སྤྲོས་པ་འགག་པར་འགྱུར་ བའི་ལམ་ཞེས་བྱ་སྟེ། དེ་ལྟ་བུ་ལ་ཞུགས་པའི་དགེ་སློང་ནི་སྤྲོས་པ་འགག་པར་འགྱུར་བའི་ལམ་ལ་ཞུགས་པ་ཞེས་བྱའོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ་ [125B] དེ་ནི། དེ་ལགས་སོ། །དེ་ནི། དེ་ལགས་ཏེ། སྤྲོས་པ་འགག་པར་འགྱུར་བའི་ལམ་ལ་ཞུགས་པ་ནི། དེ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་ བདག་གིས་རྟོགས་ནས་སོམ་ཉི་ལས་རྒལ་ཏེ་ཐེ་ཚོམ་དང་བྲལ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལས་ཞུ་བ་ལུང་བསྟན་པ་ཐོས་ནས་བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་པ་སྤྲོས་པ་འགག་པར་འགྱུར་བའི་ལམ་ལ་ ཞུགས་པའི་དགེ་སློང་གི་སོ་སོར་ཐར་པའི་སྡོམ་པའི་རྒྱུ་ཆོས་དུ་ཞིག་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤ་ཀ་།སྤྲོས་པ་འགག་པར་འགྱུར་བའི་ལམ་ལ་ ཞུགས་པའི་དགེ་སློང་གི་སོ་སོར་ཐར་པའི་སྡོམ་པའི་རྒྱུ་ནི། ཆོས་དྲུག་ཡོད་དེ། དྲུག་གང་ཞེ་ན། མིག་གིས་ཤེས་པར་བྱ་བའི་གཟུགས་རྣམས་དང། རྣ་བས་ཤེས་པར་བྱ་བའི་སྒྲ་ རྣམས་དང། སྣས་ཤེས་པར་བྱ་བའི་དྲི་རྣམས་དང། ལྕེས་ཤེས་པར་བྱ་བའི་རོ་རྣམས་དང། ལུས་ཀྱིས་ཤེས་པར་བྱ་བའི་རེག་བྱ་རྣམས་དང། ཡིད་ཀྱིས་ཤེས་པར་བྱ་བའི་ཆོས་ རྣམས་སོ། །ཀོའུ་ཤི་ཀ་མིག་གིས་ཤེས་པར་བྱ་བའི་གཟུགས་རྣམས་ལ་ཡང་བསྟེན་པར་བྱ་བ་དང། བསྟེན་པར་བྱ་བ་མ་ཡིན་པ་གཉིས་ཡོད་དོ། །དེ་ལ་མིག་གིས་ཤེས་པར་ [126A]༄༅། །བྱ་བའི་གཟུགས་གང་ཡིན་པ་རྣམས་བསྒྲུབས་ཏེ་གནས་པར་བྱ་བའི་འོས་མ་ཡིན་པར་ངས་ཤེས་ནས་དེ་དག་ངེས་པར་སྤང་བར་བྱའོ། །ཞེས་ང་ ཟེར་རོ༑ ༑མིག་གིས་ཤེས་པར་བྱ་བའི་གཟུགས་གང་ཡིན་པ་རྣམས་བསྒྲུབས་ཏེ་གནས་པར་འོས་པ་ནི། བསྟེན་པར་བྱའོ། །ཞེས་ང་ཟེར་རོ་།དེ་ལ་དེ་བཞིན་གཤེགས་ པ་ནི༑ དེའི་ལུང་བསྟན་པ་ལ་དུས་མཁྱེན་པར་བསྟན་ཏོ། །དེ་བཞིན་དུ་རྣ་བས་ཤེས་པར་བྱ་བའི་སྒྲ་རྣམས་དང། སྣས་ཤེས་པར་བྱ་བའི་དྲི་རྣམས་དང། ལྕེས་ཤེས་ པར་བྱ་བའི་རོ་རྣམས་དང། ལུས་ཀྱིས་ཤེས་པར་བྱ་བའི་རེག་བྱ་རྣམས་དང། ཡིད་ཀྱིས་ཤེས་པར་བྱ་བའི་ཆོས་རྣམས་ལ་ཡང་བསྟེན་པར་བྱ་པ་དང། བསྟེན་པར་བྱ་ བ་མ་ཡིན་པ་རྣམ་པ་གཉིས་ཡོད་དོ། །ཞེས་ང་ཟེར་རོ། །དེ་ལ་ཡིད་ཀྱིས་ཤེས་པར་བྱ་བའི་ཆོས་བསྒྲུབས་ཏེ་གནས་པར་བྱ་བའི་འོས་མ་ཡིན་པར་ཤེས་པ་གང་ཡིན་པ་དེ་ དག་ནི༑ མངོན་དུ་ངེས་པར་སྤང་བ་ཡིན་ནོ། །ཞེས་ང་ཟེར་རོ། །དེ་ལ་ཡིད་ཀྱིས་ཤེས་པར་བྱ་བའི་ཆོས་བསྒྲུབས་ཏེ་གནས་པར་བྱ་བའི་འོས་ཡིན་པར་ཤེས་པ་གང་ཡིན་ པ་དེ་དག་དེའི་སྐབས་སུ་དེ་བཞིན་གཤེགས་པ་བསྒྲུབ་པར་ལུང་བསྟན་པའི་དུས་མཁྱེན་ནས་དྲན་པ་དང། ཤེས་བཞིན་དང་ལྡན་པས་བསྒྲུབ་པར་བྱའོ། །ཞེས་ང་ཟེར་རོ། །ལྷའི་ [126B] བཙུན་པ། དེ་ནི། དེ་ལགས་སོ། །དེ་ནི། དེ་ལགས་ཏེ། སྤྲོས་པ་འགག་པར་འགྱུར་བའི་ལམ་ལ་ཞུགས་པའི་དགེ་སློང་གི་སོ་སོར་ཐར་ པའི་སྡོམ་པའི་ཆོས་དྲུག་མཆིས་ཏེ། མིག་གིས་ཤེས་པར་བགྱི་བའི་གཟུགས་རྣམས་དང། རྣ་བས་ཤེས་པར་བགྱི་བའི་སྒྲ་རྣམས་དང་སྣས་ཤེས་པར་བགྱི་བའི་དྲི་རྣམས་དང་ ལྕེས་ཤེས་པར་བགྱི་བའི་རོ་རྣམས་དང། ལུས་ཀྱིས་ཤེས་པར་བགྱི་བའི་རེག་བྱ་རྣམས་དང། ཡིད་ཀྱིས་ཤེས་པར་བགྱི་བའི་ཆོས་རྣམས་ལགས་ཏེ། དེ་ལ་བཙུན་པ། མིག་ གིས་ཤེས་པར་བགྱི་བའི་གཟུགས་རྣམས་ལ་ཡང་བསྟེན་པར་བགྱི་བ་དང། བསྟེན་པར་བགྱི་བའི་འོས་མ་ལགས་པ་རྣམ་པ་གཉིས་མཆིས་ཞེས་ཁྱེད་གསུང་སྟེ། དེ་ལ་མིག་གིས་ ཤེས་པར་བགྱི་བའི་གཟུགས་རྣམས་བསྒྲུབས་ཏེ་གནས་པར་བགྱི་བའི་འོས་མ་ལགས་པར་ཤེས་པ་གང་ལགས་པ་དེ་དག་ནི། མངོན་དུ་ངེས་པར་སྤང་པ་ལགས་སོ། །ཞེས་ཁྱེད་ གསུངས་པ་དེ་ལ། མིག་གིས་ཤེས་པར་བགྱི་བའི་གཟུགས་རྣམས་བསྒྲུབས་ཏེ་གནས་པར་བགྱི་བའི་འོས་ལགས་པར་ཤེས་པ་གང་ལགས་པ་དེ་དག་ནི། དེའི་སྐབས་སུ་དེ་ བཞིན་གཤེགས་པས་དེ་ལུང་བསྟན་པའི་དུས་མཁྱེན་ནས་དྲན་པ་དང་ཤེས་བཞིན་དང་ལྡན་པས་བསྒྲུབ་པར་བྱའོ། །ཞེས་ཁྱོད་གསུངས་ཡིད་ཀྱིས་ཤེས་པར་བགྱི་བའི་ཆོས་ [127A]༄༅། །རྣམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་དེ་བཞིན་དུ་བདག་གིས་རྟོགས་ཏེ་མིག་གིས་ ཤེས་པར་བགྱི་བའི་གཟུགས་ཇི་ལྟ་བུ་དག་བསྟེན་ན། མི་དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་ལ། དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་བ་དེ་ ལྟ་བུའི་མིག་གིས་ཤེས་པར་བགྱི་བའི་གཟུགས་རྣམས་ནི། བསྟེན་པར་མི་བྱའོ། །ཞེས་ཁྱོད་གསུངས། མིག་གིས་ཤེས་པར་བགྱི་བའི་གཟུགས་ཇི་ལྟ་བུ་དག་བསྟེན་ན། མི་ དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་ལ། དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་བ་དེ་ལྟ་བུའི་མིག་གིས་ཤེས་པར་བགྱི་བའི་གཟུགས་རྣམས་ནི་ བསྟེན་པར་བྱའོ། །ཞེས་ཁྱེད་གསུངས། དེ་བཞིན་དུ་རྣ་བས་ཤེས་པར་བགྱི་བའི་སྒྲ་རྣམས་དང། སྣས་ཤེས་པར་བགྱི་བའི་དྲི་རྣམས་དང། ལྕེས་ཤེས་པར་བགྱི་བའི་རོ་རྣམས་ དང། ལུས་ཀྱིས་ཤེས་པར་བགྱི་བའི་རེག་བྱ་རྣམས་དང། ཡིད་ཀྱིས་ཤེས་པར་བགྱི་བའི་ཆོས་རྣམས་ཇི་ལྟ་བུ་དག་བསྟེན་ན། མི་དགེ་བའི་ཆོས་རྣམས་མངོན་པར་འཕེལ་ བར་འགྱུར་ལ། དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་བ་དེ་ལྟ་བུའི་ཡིད་ཀྱིས་ཤེས་པར་བགྱི་བའི་ཆོས་རྣམས་ནི། བསྟེན་པར་མི་བྱའོ། །ཞེས་ཁྱོད་གསུངས་ [127B] མི་དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་ལ། དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་ བ་དེ་ལྟ་བུའི་ཡིད་ཀྱིས་ཤེས་པར་བགྱི་བའི་ཆོས་རྣམས་ནི། བསྟེན་པར་བྱའོ། །ཞེས་ཁྱོད་གསུངས་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་ རྟོགས་ནས་སོམ་ཉི་ལས་བརྒལ་ཏེ་ཐེ་ཚོམ་དང་བྲལ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་ཞུ་བ་ལུང་བསྟན་པ་ཐོས་ནས་བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་པ། སྤྲོས་པ་འགག་པར་འགྱུར་བའི་ལམ་ལ་ཞུགས་པའི་ དགེ་སློང་གིས་ཆོས་དུ་ཞིག་ནི། སྤང་བར་བགྱི། ཆོས་དུ་ལ་ནི་བརྩོན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་སྤྲོས་པ་འགག་པར་འགྱུར་བའི་ ལམ་ལ་ཞུགས་པའི་དགེ་སློང་གིས་ཆོས་གསུམ་ནི། སྤང་བར་བྱའོ་།ཆོས་གསུམ་ལ་ནི། བརྩོན་པར་བྱ་སྟེ། འདི་ལྟ་སྟེ། གང་གིས་ཚིག་དང་རྟོག་པར་དཔྱོད་པའོ། ། ཀོའུ་ཤི་ཀ་ཚིག་ལ་ཡང་བསྟེན་པར་བྱ་བ་དང། བསྟེན་པར་བྱ་བ་མ་ཡིན་པ་རྣམ་པ་གཉིས་ཡོད་དོ། །ཞེས་ང་ཟེར་རོ། །དེ་ལ་ཚིག་བསྒྲུབས་ཏེ་གནས་པར་བྱ་བའི་འོས་མ་ [128A]༄༅། །ཡིན་པར་ཤེས་པ་གང་ཡིན་པ་དེ་དག་ནི། མངོན་དུ་ངེས་པར་སྤང་བར་བྱའོ། །ཞེས་ང་ཟེར་རོ། །དེ་ལ་ཚིག་བསྒྲུབས་ཏེ་གནས་པར་བྱ་ བའི་འོས་ཡིན་པར་ཤེས་པ་གང་ཡིན་པ་དེ་དག་ནི། དེའི་སྐབས་སུ་དེ་བཞིན་གཤེགས་པས་དེ་བསྒྲུབ་པར་ལུང་བསྟན་པའི་དུས་མཁྱེན་ནས་དྲན་པ་དང་ཤེས་བཞིན་ དང་ལྡན་པས་བསྒྲུབ་པར་བྱའོ། །ཞེས་ང་ཟེར་རོ། །ཀོའུ་ཤི་ཀ་།རྟོག་པར་སྤྱོད་པ་ལ་ཡང་བསྟེན་པར་བྱ་བ་དང། བསྟེན་པར་བྱ་བ་མ་ཡིན་པ་རྣམ་པ་གཉིས་ཡོད་དོ། །ཞེས་ ང་ཟེར་རོ། །དེ་ལ་རྟོག་པར་དཔྱོད་པ་བསྒྲུབས་ཏེ་གནས་པར་བྱ་བའི་འོས་མ་ཡིན་པར་ཤེས་པ་གང་ཡིན་པ་དེ་དག་ནི། མངོན་དུ་ངེས་པར་སྤང་བར་བྱའོ། །ཞེས་ང་ཟེར་རོ། །དེ་ལ་ རྟོག་པར་དཔྱོད་པ་བསྒྲུབས་ཏེ་གནས་པར་བྱ་བའི་འོས་ཡིན་པར་ཤེས་པ་གང་ཡིན་པ་དེ་དག་ནི། དེའི་སྐབས་སུ་དེ་བཞིན་གཤེགས་པས་དེ་ལུང་བསྟན་པའི་དུས་མཁྱེན་ནས་དྲན་ པ་དང། ཤེས་བཞིན་དང་ལྡན་པས་བསྒྲུབ་པར་བྱའོ། །ཞེས་ང་ཟེར་རོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཙུན་པ། དེ་ནི། དེ་ལགས་སོ། །དེ་ནི། དེ་ལགས་ཏེ། སྤྲོས་ པ་འགག་པར་འགྱུར་བའི་ལམ་ལ་ཞུགས་པའི་དགེ་སློང་གིས་ཆོས་གསུམ་ནི། སྤང་བར་བགྱི། ཆོས་གསུམ་ལ་ནི། བརྩོན་པར་བགྱི་སྟེ། འདི་ལྟ་སྟེ། གང་གིས་ཚིག་དང་ [128B] དཔྱོད་པའོ། །བཙུན་པ། ཚིག་ཀྱང་བསྟེན་པར་བགྱི་བ་དང། བསྟེན་པར་བགྱི་བ་མ་ལགས་པ་རྣམ་པ་གཉིས་ཡོད་དོ་།ཞེས་ཁྱེད་གསུང་སྟེ། དེ་ལ་ཚིག་བསྒྲུབས་ ཏེ་གནས་པར་བགྱི་བའི་འོས་མ་ལགས་པར་ཤེས་པ་གང་ལགས་པ་དེ་ནི་མངོན་དུ་ངེས་པར་སྤང་བར་བྱའོ། །ཞེས་ཁྱེད་གསུངས། དེ་ལ་ཚིག་བསྒྲུབས་ཏེ་གནས་པར་བགྱི་བའི་ འོས་ལགས་པར་ཤེས་པ་གང་ལགས་པ་དེ་ནི། དེའི་སྐབས་སུ་དེ་བཞིན་གཤེགས་པས་དེ་བསྒྲུབ་པར་ལུང་བསྟན་པའི་དུས་མཁྱེན་ནས་དྲན་པ་དང། ཤེས་བཞིན་དང་ལྡན་པས་ བསྒྲུབ་པར་བྱའོ། །ཞེས་ཁྱེད་གསུངས་སོ། །བཙུན་པ། རྟོག་པ་དང་དཔྱོད་པ་ཡང་བསྟེན་པར་བགྱི་བ་དང། བསྟེན་པར་བགྱི་བ་མ་ལགས་པ་རྣམ་པ་གཉིས་ཡོད་དོ། །ཞེས་ ཁྱེད་གསུངས་ཏེ། དེ་ལ་རྟོག་པ་དང་དཔྱོད་པ་བསྒྲུབས་ཏེ་གནས་པར་བགྱི་བའི་འོས་མ་ལགས་པར་ཤེས་པ་གང་ལགས་པ་དེ་དག་ནི། མངོན་དུ་ངེས་པར་སྤང་བ་ལགས་སོ། །ཞེས་ ཁྱེད་གསུངས། དེ་ལ་དཔྱོད་པ་བསྒྲུབས་ཏེ་གནས་པར་བགྱི་བའི་འོས་ལགས་པར་ཤེས་པ་གང་ལགས་པ་དེ་དག་ནི། དེའི་སྐབས་སུ་དེ་བཞིན་གཤེགས་པས་དེ་ལུང་བསྟན་པའི་ དུས་མཁྱེན་ནས་དྲན་པ་དང་ཤེས་བཞིན་དང་ལྡན་པས་བསྒྲུབ་པར་བྱའོ། །ཞེས་ཁྱེད་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ཏེ་ [129A]༄༅། །ཚིག་ཇི་ལྟ་བུ་དག་བསྟེན་ན། མི་དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་ལ། དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་ བ་དེ་ལྟ་བུའི་ཚིག་ནི། བསྟེན་པར་མི་བྱའོ། །ཞེས་ཁྱེད་གསུངས་ཚིག་ཇི་ལྟ་བུ་དག་བསྟེན་ན། མི་དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་ལ། དགེ་བའི་ཆོས་ རྣམས་མངོན་པར་འཕེལ་བར་འགྱུར་བ་དེ་ལྟ་བུའི་ཚིག་རྣམས་བསྟེན་པར་བྱའོ། །ཞེས་ཁྱེད་གསུངས། རྟོག་པ་དང་དཔྱོད་པ་ཇི་ལྟ་བུ་དག་བསྟེན་ན། དེའི་མི་དགེ་བའི་ཆོས་ རྣམས་མངོན་པར་འཕེལ་བར་འགྱུར་ལ། དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་བ་དེ་ལྟ་བུའི་རྟོག་པ་དང་དཔྱོད་པ་ནི། བསྟེན་པར་མི་བྱའོ། །ཞེས་ཁྱེད་ གསུངས། རྟོག་པ་དང་དཔྱོད་པ་ཇི་ལྟ་བུ་དག་བསྟེན་ན། དེའི་མི་དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་ལ། དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་ འགྱུར་བ་དེ་ལྟ་བུའི་རྟོག་པ་དང་དཔྱོད་པ་རྣམས་ནི། བསྟེན་པར་བྱའོ། །ཞེས་ཁྱོད་གསུངས་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ ནས་སོམ་ཉི་ལས་རྒལ་ཏེ་ཐེ་ཚོམ་དང་བྲལ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་ཞུ་བ་ལུང་བསྟན་པ་ཐོས་ནས་བཅོམ་ལྡན་འདས་ཀྱིས་ [129B]བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་པ། སྤྲོས་པ་འགག་པར་འགྱུར་བའི་ལམ་ལ་ཞུགས་པའི་དགེ་ སློང་གི་ལུས་རྣམ་པ་དུ་ཞིག་ན། རྣམ་པ་གཉིས་མཆིས་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ། སྤྲོས་པ་འགག་པར་འགྱུར་བའི་ལམ་ལ་ ཞུགས་པའི་དགེ་སློང་གི་ལུས་རྣམ་པ་གསུམ་ལ་རྣམ་པ་གཉིས་ཡོད་དོ་།ཞེས་ང་ཟེར་ཏེ། ཡིད་བདེ་བའི་ལུས་དང། ཡིད་མི་བདེ་བའི་ལུས་དང། བཏང་སྙོམས་ཀྱི་ལུས་སོ། ། ཀོའུ་ཤི་ཀ། །དེའི་ཡིད་བདེ་བའི་ལུས་ཀྱང་བསྟེན་པར་བྱ་བ་དང་བསྟེན་པར་བྱ་བ་མ་ཡིན་པ་རྣམ་པ་གཉིས་ཡོད་དོ། །ཞེས་ང་ཟེར་རོ། །དེ་ལ་ཡིད་བདེ་བའི་ལུས་བསྒྲུབས་ཏེ་ གནས་པར་བྱ་བའི་འོས་མ་ཡིན་པར་ཤེས་པ་གང་ཡིན་པ་དེ་ནི། མངོན་དུ་ངེས་པར་སྤང་བར་བྱ་བ་ཡིན་ནོ། །ཞེས་ང་ཟེར་རོ། །དེ་ལ་ཡིད་བདེ་བའི་ལུས་བསྒྲུབས་ཏེ་གནས་པར་ བྱ་བའི་འོས་ཡིན་པར་ཤེས་པ་གང་ཡིན་པ་དེ་ནི། དེའི་སྐབས་སུ་དེ་བཞིན་གཤེགས་པས་དེ་ལུང་བསྟན་པའི་དུས་མཁྱེན་ནས་དྲན་པ་དང་ཤེས་བཞིན་དང་ལྡན་པས་བསྒྲུབ་པར་ བྱའོ༑ ༑ཞེས་ང་ཟེར་རོ། །ཀོའུ་ཤི་ཀ་ཡིད་མི་བདེ་བའི་ལུས་དང་བཏང་སྙོམས་ཀྱི་ལུས་ཀྱང་བསྟེན་པར་བྱ་བ་དང། བསྟེན་པར་བྱ་བ་མ་ཡིན་པ་རྣམ་པ་གཉིས་ཡོད་དོ། །ཞེས་ [130A]༄༅། །ང་ཟེར་རོ། །ཡིད་མི་བདེ་བའི་ལུས་དང་བཏང་སྙོམས་ཀྱི་ལུས་བསྒྲུབས་ཏེ་གནས་པར་བྱ་བའི་འོས་མ་ཡིན་པར་ཤེས་པ་གང་ཡིན་པ་དེ་ནི་ མངོན་དུ་ངེས་པར་སྤང་བར་བྱ་བ་ཡིན་ནོ། །ཞེས་ང་ཟེར་རོ། །དེ་ལ་ཡིད་མི་བདེ་བའི་ལུས་དང་བཏང་སྙོམས་ཀྱི་ལུས་བསྒྲུབས་ཏེ་གནས་པར་བྱ་བའི་འོས་ཡིན་པར་ཤེས་པ་ གང་ཡིན་པ་དེ་ནི། དེའི་སྐབས་སུ་དེ་བཞིན་གཤེགས་པས་དེ་ལུང་བསྟན་པའི་དུས་མཁྱེན་ནས་དྲན་པ་དང་ཤེས་བཞིན་དང་ལྡན་པས་བསྒྲུབ་པར་བྱའོ། །ཞེས་ང་ཟེར་རོ། ། ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཙུན་པ། དེ་ནི། དེ་ལགས་སོ། །དེ་ནི། དེ་ལགས་ཏེ། སྤྲོས་པ་འགག་པར་འགྱུར་བའི་ལམ་ལ་ཞུགས་པའི་དགེ་སློང་གི་ ལུས་རྣམ་པ་གསུམ་ལ་རྣམ་པ་གཉིས་མཆིས་སོ། །ཞེས་ཁྱོད་གསུངས་ཏེ། ཡིད་བདེ་བའི་ལུས་དང། ཡིད་མི་བདེ་བའི་ལུས་དང། བཏང་སྙོམས་ཀྱི་ལུས་སོ། །བཙུན་པ་ ཡིད་བདེ་བའི་ལུས་ཀྱང་བསྟེན་པར་བགྱི་བ་དང། བསྟེན་པར་བགྱི་བ་མ་ལགས་པ་རྣམ་པ་གཉིས་མཆིས་སོ། །ཞེས་ཁྱོད་གསུངས་ཏེ། དེ་ལ་ཡིད་བདེ་བའི་ལུས་བསྒྲུབས་ཏེ་ གནས་པར་བགྱི་བའི་འོས་མ་ལགས་པར་ཤེས་པ་གང་ལགས་པ་དེ་ནི་མངོན་དུ་ངེས་པར་སྤང་པ་ལགས་སོ། །ཞེས་ཁྱོད་གསུངས། དེ་ལ་ཡིད་བདེ་བའི་ལུས་བསྒྲུབས་ཏེ་ [130B]དེའི་སྐབས་སུ་དེ་བཞིན་གཤེགས་པས་དེའི་ལུང་བསྟན་པའི་དུས་མཁྱེན་ནས་དྲན་པ་དང་ཤེས་བཞིན་དང་ལྡན་ པས་བསྒྲུབ་པར་བྱའོ། །ཞེས་ཁྱོད་གསུངས། ཡིད་མི་བདེ་བའི་ལུས་དང་བཏང་སྙོམས་ཀྱི་ལུས་ཀྱང་བསྟེན་པར་བགྱི་བ་དང། བསྟེན་པར་བགྱི་བ་མ་ལགས་པ་རྣམ་པ་གཉིས་ མཆིས་སོ། །ཞེས་ཁྱོད་གསུངས་ཏེ། དེ་ལ་ཡིད་མི་བདེ་བའི་ལུས་དང་བཏང་སྙོམས་ཀྱི་ལུས་བསྒྲུབས་ཏེ་གནས་པར་བགྱི་བའི་འོས་མ་ལགས་པར་ཤེས་པ་གང་ལགས་པ་དེ་ ནི༑ མངོན་དུ་ངེས་པར་སྤང་བར་བགྱི་བ་ལགས་སོ། །ཞེས་ཁྱོད་གསུངས། དེ་ལ་ཡིད་མི་བདེ་བའི་ལུས་དང་བཏང་སྙོམས་ཀྱི་ལུས་བསྒྲུབས་ཏེ་གནས་པར་བགྱི་བའི་འོས་ལགས་ པར་ཤེས་པ་གང་ལགས་པ་དེ་ནི། དེའི་སྐབས་སུ་དེ་བཞིན་གཤེགས་པས་དེ་ལུང་བསྟན་པའི་དུས་མཁྱེན་ནས་དྲན་པ་དང་ཤེས་བཞིན་དང་ལྡན་པས་བསྒྲུབ་པར་བྱའོ། །ཞེས་ཁྱོད་ གསུངས་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ཏེ། ཡིད་བདེ་བའི་ལུས་ཇི་ལྟ་བུ་དག་བསྟེན་ན། དེའི་མི་དགེ་བའི་ཆོས་རྣམས་མངོན་པར་ འཕེལ་བར་འགྱུར་ལ། དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་བ་དེ་ལྟ་བུའི་ཡིད་བདེ་བའི་ལུས་ནི། བསྟེན་པར་མི་བྱའོ། །ཞེས་ཁྱོད་གསུངས། ཡིད་བདེ་བའི་ལུས་ཇི་ལྟ་ [131A]༄༅། །བུ་དག་བསྟེན་ན། དེའི་མི་དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་ལ། དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་བ་དེ་ ལྟ་བུའི་ཡིད་བདེ་བའི་ལུས་ནི། བསྟེན་པར་བྱའོ། །ཞེས་ཁྱོད་གསུངས། ཡིད་མི་བདེ་བའི་ལུས་དང་བཏང་སྙོམས་ཀྱི་ལུས་ཇི་ལྟ་བུ་དག་བསྟེན་ན། དེའི་མི་དགེ་བའི་ཆོས་ རྣམས་མངོན་པར་འཕེལ་བར་འགྱུར་ལ། དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་འགྱུར་བ་དེ་ལྟ་བུའི་ཡིད་མི་བདེ་བའི་ལུས་དང་བཏང་སྙོམས་ཀྱི་ལུས་ནི། བསྟེན་ པར་མི་བྱའོ། །ཞེས་ཁྱོད་གསུངས། ཡིད་མི་བདེ་བའི་ལུས་དང་བཏང་སྙོམས་ཀྱི་ལུས་ཇི་ལྟ་བུ་དག་བསྟེན་ན། དེའི་མི་དགེ་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་ འགྱུར་ལ། དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་བ་དེ་ལྟ་བུའི་ཡིད་མི་བདེ་བའི་ལུས་དང་བཏང་སྙོམས་ཀྱི་ལུས་ནི། བསྟེན་པར་བྱའོ། །ཞེས་ཁྱོད་གསུངས་ ཏེ༑ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ནས་སོམ་ཉི་ལས་རྒལ་ཏེ་ཐེ་ཚོམ་དང་བྲལ་ལགས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་སུམ་ཅུ་ བཞི་པ༑ དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལས་ཞུ་བ་ལུང་བསྟན་པ་ཐོས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་ [131B]པ། བཙུན་པ། སེམས་ཅན་ཐམས་ཅད་འདོད་པ་གཅིག་པ་དང། འདུན་པ་གཅིག་པ་དང། དད་པ་གཅིག་པ་དང་ བསམ་པ་གཅིག་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་སེམས་ཅན་ཐམས་ཅད་ནི། འདོད་པ་གཅིག་པ་དང། འདུན་པ་གཅིག་པ་དང། དད་ པ་གཅིག་པ་དང། བསམ་པ་གཅིག་པ་མ་ཡིན་ནོ། །ཀོའུ་ཤི་ཀ་འཇིག་རྟེན་འདི་དག་ནི། ཁམས་ཐ་དད་པ་ཡིན་གྱི། ཁམས་གཅིག་པ་མ་ཡིན་ཏེ། དེ་དག་ནི། ཁམས་གང་ དང་གང་འཛིན་པ་དེ་དང་དེ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་རྗེས་སུ་སྤྱོད་པར་བྱེད་དེ། འདི་ནི། བདེན་གྱི། གཞན་ནི། གཏི་མུག་པའོ་སྙམ་དུ་སེམས་ སོ༑ ༑ཀོའུ་ཤི་ཀ་གལ་ཏེ་འཇིག་རྟེན་འདི་དག་ཁམས་ཐ་དད་པ་དང་ཁམས་དུ་མ་པ་ཡིན་དུ་ཟིན་ན། སེམས་ཅན་འདི་དག་ཁམས་གང་དང་གང་འཛིན་པ་དེ་དང་དེ་ནན་ གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་རྗེས་སུ་སྤྱོད་པར་བྱེད་དེ། འདི་ནི། བདེན་གྱི། གཞན་ནི། གཏི་མུག་པའོ་སྙམ་དུ་མི་སེམས་པ་ཞིག་ན། གང་གི་ཕྱིར་ འཇིག་རྟེན་འདི་དག་ཁམས་ཐ་དད་པ་དང། ཁམས་དུ་མ་པ་ཡིན་ཏེ་དེའི་ཕྱིར་སེམས་ཅན་འདི་དག་ཁམས་གང་དང་གང་འཛིན་པ་དེ་དང་དེ་ནན་གྱིས་མཆོག་ཏུ་འཛིན་ཅིང་ [132A]༄༅། །མངོན་པར་ཞེན་ནས་རྗེས་སུ་སྤྱོད་པར་བྱེད་དེ། འདི་ནི་བདེན་གྱི། གཞན་ནི། གཏི་མུག་པའོ་སྙམ་དུ་སེམས་སོ། །ལྷའི་དབང་པོ་བརྒྱ་བྱིན་ གྱིས་གསོལ་པ། བཙུན་པ། དེ་ནི། དེ་ལགས་སོ། །དེ་ནི། དེ་ལགས་ཏེ་སེམས་ཅན་ཐམས་ཅད་ནི། འདོད་པ་གཅིག་པ་དང། འདུན་པ་གཅིག་པ་དང། དད་པ་གཅིག་པ་དང། བསམ་པ་གཅིག་ པ་མ་ལགས་ཏེ། བཙུན་པ། འཇིག་རྟེན་འདི་དག་ནི། ཁམས་ཐ་དད་པ་དང། ཁམས་དུ་མ་པ་ལགས་ཏེ། དེ་དག་ཁམས་གང་དང་གང་འཛིན་པ་དེ་དང་དེ་ནན་ གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་རྗེས་སུ་སྤྱོད་པར་བགྱིད་དེ། འདི་ནི། བདེན་གྱི། གཞན་ནི། གཏི་མུག་པའོ་སྙམ་དུ་སེམས་ལགས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ནས་སོམ་ཉི་ལས་རྒལ་ཏེ་ཐེ་ཚོམ་དང་བྲལ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ ལས་ཞུ་བ་ལུང་བསྟན་པ་ཐོས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ལ་ཞུ་བ་ཕྱི་མ་ཞུས་པ། བཙུན་ པ༑ ཅི་ལགས། དགེ་སྦྱོང་དང་བྲམ་ཟེ་ཐམས་ཅད་གཡུང་དྲུང་གི་མཐར་ཐུག་པ་དང། གཏན་དུ་དྲི་མ་དང་བྲལ་བ་དང། གཏན་དུ་ཚངས་པར་སྤྱད་པའི་མཐར་ཕྱིན་པ་ལགས་ [132B] བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་དགེ་སྦྱོང་དང་བྲམ་ཟེ་ཐམས་ཅད་གཡུང་དྲུང་གི་མཐར་ཐུག་པ་དང་གཏན་དུ་དྲི་མ་དང་བྲལ་བ་དང། གཏན་དུ་ ཚངས་པར་སྤྱོད་པའི་མཐར་ཕྱིན་པ་མ་ཡིན་གྱི། དགེ་སྦྱོང་ངམ་བྲམ་ཟེ་སུ་ཡང་རུང་སྟེ། བླ་ན་མེད་པའི་རྣམ་པར་གྲོལ་བར་གྱུར་པ་ལས་སྲེད་པ་ཡང་དག་པར་ཟད་ཅིང། ཡང་ དག་པར་སེམས་ཤིན་ཏུ་རྣམ་པར་གྲོལ་བར་གྱུར་པ་དེ་དག་ནི། གཡུང་དྲུང་གི་མཐར་ཐུག་པ་དང། གཏན་དུ་དྲི་མ་དང་བྲལ་བ་དང་གཏན་དུ་ཚངས་པར་སྤྱོད་པ་མཐར་ཕྱིན་པ་ ཡིན་ནོ༑ ༑ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཙུན་པ། དེ་ནི་དེ་ལགས་སོ། །དེ་ནི། དེ་ལགས་ཏེ། དགེ་སྦྱོང་དང་བྲམ་ཟེ་ཐམས་ཅད་གཡུང་དྲུང་གི་མཐར་ཐུག་པ་ དང། གཏན་དུ་དྲི་མ་དང་བྲལ་བ་དང། གཏན་དུ་ཚངས་པར་སྤྱོད་པའི་མཐར་ཕྱིན་པ་མ་ལགས་ཀྱི། དགེ་སྦྱོང་ངམ་བྲམ་ཟེ་གང་ཡང་རུང་སྟེ། བླ་ན་མེད་པའི་རྣམ་པར་གྲོལ་ པར་གྱུར་པ་ལས་སྲེད་པ་ཡང་དག་པར་ཟད་ཅིང། ཡང་དག་པར་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དེ་དག་ནི། གཡུང་དྲུང་གི་མཐར་ཐུག་པ་དང། གཏན་དུ་དྲི་མ་དང་བྲལ་བ་ དང། གཏན་དུ་ཚངས་པར་སྤྱོད་པའི་མཐར་ཕྱིན་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་བདག་གིས་རྟོགས་ཤིང་ཆོས་བདག་གིས་རྟོགས་ནས་སོམ་ [133A]༄༅། །ཉི་ལས་རྒལ་ཏེ་ཐེ་ཚོམ་དང་བྲལ་ཞིང་ཟུག་རྔུ་ཕྱུང་ནས་ཡོངས་སུ་ཡི་ཆད་པར་མ་མཆིས་པའི་སླད་དུ། བདག་གི་བདག་གང་ལགས་ སྙམ་དུ་བདག་གི་ཡིད་ལ་ཕྱིར་སྐྱེ་བར་མི་འགྱུར་ལགས་སོ། །བཙུན་པ། ཞུ་བ་ལུང་བསྟན་པ་ཁྱད་པར་རྟོགས་པ་གང་དག་བདག་གིས་མ་ཐོབ་པ་ལས། དེ་ནི། བདག་ གིས་ཡུན་རིང་མོ་ཞིག་ལགས་ན། བཅོམ་ལྡན་འདས་ལ་བརྟེན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ བཀའ་སྩལ་ནས་སོམ་ཉི་དང་ཡིད་གཉིས་ཀྱི་ཟུག་རྔུ་རྩ་བ་ནས་བཏོན་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་།སྔོན་ཆད་དགེ་སྦྱོང་དང་བྲམ་ཟེ་ གཞན་དག་ལ་ཡང་དྲི་བ་ལྟ་བུ་དྲིས་པ་དྲན་ནམ། ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཙུན་པ། གློ་བ་ལ་དྲན་ལགས་ཏེ། དུས་གཅིག་ཅིག་ན་སུམ་ཅུ་རྩ་གསུམ་ པའི་འདུན་ས་ཆོས་བཟང་དུ་ལྷ་རྣམས་འདུས་ཤིང་འཁོད་པར་གྱུར་ཏེ། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚོལ་ཞིང་ མཆིས་པ་ལས། དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་རྙེད་ནས་སྟན་ལས་ལངས་ཏེ་སོ་སོར་གྱེས་པ་དེ་དག་གི་ནང་ [133B]སྣང་བར་གྱུར་ནས་བཙུན་པ། ལྷ་ཆེ་བར་གྲགས་སོ་འཚལ་གནས་ནས་ཤི་འཕོས་པས། བདག་ཀྱང་སྐྲག་ཅིང་བག་ ཚེ་བར་གྱུར་ཏེ་བདག་ཀྱང་གནས་འདི་ནས་ཤི་འཕོ་བར་མི་འགྱུར་གྲང་སྙམ་ནས་བདག་དགེ་སྦྱོང་དང་བྲམ་ཟེ་གཅིག་པུ་དབེན་པར་གནས་པས་གནས་ཤིང་མཆིས་པ་གང་དང་གང་ མཐོང་བ་དེ་དང་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལགས་སྙམ་ནས་དེ་དག་གི་ཐད་དུ་མཆིས་ན། དེ་དག་གིས་བདག་ལ་ཁྱོད་སུ་ ཡིན་ཞེས་འདྲི་བར་བགྱིད་དེ། བདག་གིས་དེ་དག་ལ་བདག་ནི། ལྷའི་དབང་པོ་བརྒྱ་བྱིན་ཡིན་ནོ། །ཞེས་བགྱིས་ནས་དེ་དག་དགའ་ཞིང་མགུ་སྟེ། ཀྱེ་མ་བདག་གིས་བརྒྱ་བྱིན་མཐོང་ ངོ། །ཀྱེ་མ་བདག་གིས་བརྒྱ་བྱིན་མཐོང་ངོ། །ཞེས་ཆེད་བརྗོད་པ་ཆེད་དུ་རྗོད་པར་བགྱིད་དེ། དེ་དག་བདག་ལ་འདྲི་བར་བགྱིད་ཀྱི། དེ་དག་ལ་བདག་འདྲི་བར་མི་བགྱིད་ལགས་སོ། །དེ་ དག་བདག་ལ་སྐྱབས་སུ་མཆི་བར་བགྱིད་ཀྱི། བདག་དེ་དག་ལ་སྐྱབས་སུ་མཆི་བར་མི་བགྱིད་ལགས་སོ། །ད་སླན་ཆད་བདག་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་ཏེ། བཅོམ་ ལྡན་འདས་ལ་སྐྱབས་སུ་མཆིས་ལགས་སོ། །རྟོག་པ་ལ་ནི་མཐའ་མ་མཆིས། །བདག་ལ་ཐེ་ཚོམ་ནེམ་ནུར་མཆིས། །དེ་བཞིན་གཤེགས་པ་ཚོལ་པའི་ཕྱིར། །རིང་མོ་ཞིག་ཏུ་ [134A]༄༅། །འཁྱམས་འཁྱམས་ཏེ། །ལོང་བ་བདག་ནི་རྫོགས་སངས་རྒྱས། །བསྙེན་བཀུར་བགྱིད་དུ་མཆི་མཆི་ན། །བདག་གིས་ཇི་ལྟར་མཉེས་པའི་ཐབས། ། དེ་དག་ལ་ནི་དྲིས་པ་ལས། །ལམ་དང་དེ་བཞིན་གྲུབ་པ་ཡང། །དེ་དག་ཡོང་གིས་གཏན་མ་འཚལ། །བདག་ནི་ཅུང་ཟད་ཅི་འདོད་པ། །རྟོག་པར་གྱུར་དང་དཔྱོད་པ་དང། །ཡིད་ཀྱི་ འགྲོ་དང་འོང་བ་ཡི། །སེམས་ནི་ཐུགས་ཀྱིས་ཐུགས་སུ་ཆུད། །ཡིད་ཀྱང་ཡིད་ཀྱིས་རིག་གྱུར་ནས། །དེ་དག་ཐམས་ཅད་དེ་རིང་དུ། །བཅོམ་ལྡན་འདས་ནི་དགྲ་བཅོམ་ གྱིས༑ ༑བསྒྲགས་ཤིང་ལུང་ཡང་བསྟན་པར་གྱུར། །ཁྱོད་ནི་སངས་རྒྱས་སྟོན་པ་ཁྱོད། །རྒྱལ་བ་ཁྱོད་ཀྱིས་བདུད་ཀྱང་བཏུལ། །ཁྱོད་ཀྱིས་བག་ཉལ་བཅད་ནས་ཀྱང། ། རྒལ་ནས་སྐྱེ་རྒུ་སྒྲོལ་བར་མཛད། །འཇིག་རྟེན་དུ་ནི་ཁྱོད་སངས་རྒྱས། །ཁྱོད་ལས་ལྷག་པ་ཡོང་མ་མཆིས། །ལྷ་དང་བཅས་པའི་འཇིག་རྟེན་ན། །གང་ཟག་ཁྱོད་ཀྱི་ཟླ་མ་ མཆིས༑ ༑དཔའ་བོ་ཆེན་པོ་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །སྲེད་པའི་ཟུག་རྔུ་འབྱིན་པ་སྟེ། །ཉི་མའི་རིགས་སྐྱེས་ཁྱོད་ལ་འདུད། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་ཁྱོད་ཀྱིས་སྔོན་ཆད་བདེན་པ་མཐོང་བ་དང། ཡིད་བདེ་བ་ཐོབ་པ་འདི་ལྟ་བུ་ཉམས་སུ་མྱོང་བར་དྲན་ནམ། བརྒྱ་བྱིན་གྱིས་ [134B] ཡིད་བདེ་བ་ཐོབ་པ་ནི། བདག་གིས་མྱོང་བར་དྲན་ལགས་སོ། །བདེན་པ་མཐོང་བ་ནི། ཉམས་སུ་མྱོང་བར་མི་དྲན་ལགས་སོ། །བཙུན་པ། ལན་གཅིག་ཅིག་ན་ ལྷ་དང་མ་ཡིན་གཡུལ་འགྱེད་པ་ན། ལྷ་རྣམས་ནི། རྒྱལ། ལྷ་མ་ཡིན་རྣམས་ནི། ཕམ་ནས་བདག་གིས་འདི་སྙམ་དུ་བསམ་སྟེ། ད་ནི་བདག་ལྷའི་གྲོང་ཁྱེར་དུ་མཆིས་ ལ་ལྷའི་ལོངས་སྤྱོད་གང་ལགས་པ་དང། ལྷ་མ་ཡིན་གྱི་ལོངས་སྤྱོད་གང་ལགས་པ་དེ་དག་ལྷན་ཅིག་ཏུ་ཚོགས་པ་དགའ་བཞིན་དུ་ལོངས་སྤྱོད་པར་བགྱིའོ་སྙམ་པ་དེ་ནི་ ཡིད་བདེ་བ་ཐོབ་པ་ལགས་ཏེ། དེ་ནི། ཡུན་རིང་པོར་འཐབ་མོའི་མཐའ་ཅན་ལགས། མཚང་འདྲུ་བའི་མཐའ་ཅན་ལགས། འགྱེད་པའི་མཐའ་ཅན་ལགས་སོ། ། རྩོད་པའི་མཐའ་ཅན་ལགས་སོ། །བཙུན་པ། བདག་གིས་ཡིད་བདེ་བ་ཐོབ་པ་དང། བདེན་པ་མཐོང་བ་འདི་ནི། ཡུན་རིང་པོར་འཐབ་མོ་མ་མཆིས་པའི་མཐའ་ཅན་ལགས་ མཚང་འདྲུ་བ་མ་མཆིས་པའི་མཐའ་ཅན་ལགས། འགྱེད་པ་མ་མཆིས་པའི་མཐའ་ཅན་ལགས། རྩོད་པ་མ་མཆིས་པའི་མཐའ་ཅན་ལགས་སོ་།བཙུན་པ། བཅོམ་ལྡན་ འདས་ཀྱིས་བདག་ཆོས་ཀྱི་རྗེས་སུ་འགྲོ་བའི་བཀའ་དྲིན་སྩལ་པ་གང་ལགས་པ་དེ་ལ་བདག་འདི་སྙམ་དུ་བགྱིད་དེ། བདག་གནས་འདི་ནས་ཤི་འཕོས་ནས་མི་རྣམས་དང་སྐལ་ [135A]༄༅། །པ་མཉམ་པར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་དང། རྫས་དང་ཡོ་བྱད་མང་བ་དང། བདོག་པ་མང་བ་དང། ནོར་དང་འབྲུ་དང་གསེར་དང་ དངུལ་དང་མཛོད་དང་བང་བའི་ཚོགས་མང་བའི་རིགས་གང་ལགས་པ་དང། མཛའ་བོ་དང་གྲོགས་པོ་དང་ཕུ་ནུ་དང་ཉེ་དུ་མང་པོ་དང། བྲན་ཕོ་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ ཤས་འཚོ་བ་མང་བ་དེ་ལྟ་བུའི་ཁྱིམ་དུ་སྐལ་པ་མཉམ་པར་སྐྱེ་བར་གྱུར་ཅིག་དེ་ནས་བདག་མཐར་གྱིས་སྐྱེས་ཏེ་དབང་པོ་རྣམས་སྨིན་ནས་སྦྱིན་བདག་བྱིན། བསོད་ནམས་ དག་བགྱིས་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་ཆོས་གོས་ཚོན་ཅན་བགོས་ནས་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། བཙུན་པ། བདག་འོས་པར་ གནས་ཤིང་གལ་ཏེ་བཀའ་ལུང་ཐོབ་ན། བཀའ་ལུང་བཞིན་བགྱིད་པར་གྱུར་ཅིག་དེ་ལྟར་བདག་འོས་པར་གནས་ན། སྡུག་བསྔལ་གྱི་མཐར་ཐུག་པ་ནི། དེ་ལགས་སོ་ སྙམ་བགྱིད་དོ། །གལ་ཏེ་བཀའ་ལུང་མ་ཐོབ་ན་ནི། དེ་ལྟ་ན་བདག་གཟུགས་མཆིས་པའི་ལྷའི་ལུས་སྐྱེས་པ་དབང་པོ་མ་ཉམས་ཤིང་དབང་པོ་ཚང་བ། ཡན་ལག་དང་ཉིང་ ལག་ཐམས་ཅད་དང་ལྡན་པ། མདོག་བཟང་བ། རང་ལ་འོད་མཆིས་པ་ནམ་མཁའ་ལ་འགྲོ་བ། དགའ་བའི་ཟས་ཟ་བ། དགའ་བའི་ཟས་དང་ལྡན་པ། ཚེ་རིང་བ། ཡུན་ [135B]ཤོག་ཅིག་སྙམ་བགྱིད་དོ། །ལྷ་ལུས་འདི་ལས་ཤི་འཕོས་ཤིང། །མི་མ་ཡིན་པའི་ཚེ་སྤངས་ནས། །རྨོངས་པ་མེད་པར་མངལ་ དུ་འཇུག་བདག་གི་ཡིད་ནི་སྡོམ་ལ་དགའ། །མན་ངག་གིས་ནི་ཕོངས་མི་འགྱུར། །བསྟན་པའི་ལམ་ལ་རྟེན་བཅས་ཤིང། །ཚངས་པར་སྤྱོད་ལ་གཞོལ་བགྱིས་ནས། །བསོད་སྙོམས་ རྒྱུ་བ་སྤྱད་པར་བགྱི། །བདག་ནི་འོས་པར་གནས་ནས་ཀྱང། །གལ་ཏེ་བཀའ་ལུང་ཐོབ་གྱུར་ན། །བཀའ་ལུང་སྩལ་པ་བཞིན་དུ་བགྱི། །དེ་ཉིད་བདག་གི་སྡུག་བསྔལ་མཐའ། །གལ་ ཏེ་དེ་ལྟར་མ་གྱུར་ནས། །ཚེ་ཡི་མཐའ་ནི་ཟད་པའི་ཚེ། །འོག་མིན་ལྷ་ནི་གང་ཡིན་པ། །དེ་དག་ཏུ་ནི་སྐྱེ་བར་ཤོག་བཅོམ་ལྡན་འདས་བདག་ནི། རྒྱུན་དུ་ཞུགས་པ་ལགས་སོ། ། བདེ་བར་གཤེགས་པ། བདག་ནི། རྒྱུན་དུ་ཞུགས་པ་ལགས་སོ། །ལན་གཅིག་ཕྱིར་འོང་བར་འགྱུར་བའི་རེ་བ་ཡང་བདག་ལ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཀོའུ་ཤི་ཀ་ལེགས་སོ་ལགས་སོ། །དེའི་སྐལ་པ་ཁྱོད་ལ་ཡོད་དེ། དེ་ཡང་བག་ཡོད་པས་འཐོབ་བོ། །བརྒྱ་བྱིན་གྱིས་གསོལ་པ། གང་གིས་བདག་ནི་ཞི་ འགྱུར་བ། །རྒྱུན་དུ་ཞུགས་པར་ངེས་འབྱུང་བ། །བཅོམ་ལྡན་ཁྱོད་ལས་གཞན་ལ་མེད། །ཁྱོད་ཀྱི་བསྟན་ལས་གཞན་ལ་མེད། །ཁྱད་པར་རྒྱ་ཆེན་དང་པོའི་གཞི། །གཞན་དག་ལྟ་ [136A]༄༅། །ལ་ག་ལ་མཆིས། །ཁྱད་པར་ཐོབ་པ་འདི་འདྲ་བ། །སྔོན་ཆད་གཞན་ལས་ཡོང་མ་ཐོབ། །བཙུན་པ་བདག་ནི་འདི་ཉིད་ན་།མཆིས་ཤིང་ལྷ་ལུས་ བགྱིད་བཞིན་དུ། །བདག་གིས་ཚེ་རིང་ཐོབ་ལགས་ཀྱི། །བློ་ལྡན་དེ་ལྟར་གཟུང་དུ་གསོལ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ལྷའི་དབང་པོ་བརྒྱ་བྱིན་དང། ལྷ་བརྒྱད་ཁྲི་ཆོས་ རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་ཏེ་དེས་བདེན་པ་མཐོང་ནས་སྟན་དེ་ཁོ་ན་ལས་ཤི་འཕོས་ནས་སྟན་དེ་ཁོ་ན་ཉིད་ལ་ཕྱིར་སྐྱེས་སོ། །དེ་ལྟར་དེ་ ཤི་འཕོས་པ་དང། སྐྱེས་པ་ནི། མིག་མི་འཛུམ་པ་དང་མི་སྣང་བར་གྱུར་པ་ལུས་ཀྱི་རེག་པའི་སྒོ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་ཏོ་།ལྷའི་དབང་པོ་བརྒྱ་བྱིན་དང་ ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་ཀྱིས་ཀྱང་རྟོགས་སོ། །དེ་ནས་ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་སྨྲས་པ། ཀོའུ་ཤི་ཀ་ཁྱོད་ཤི་འཕོས་ནས་ སྐྱེས་ལགས་སམ། བརྒྱ་བྱིན་གྱིས་སྨྲས་པ། བདེ་སོགས། ང་ནི། ཤི་འཕོས་ནས་ཕྱིར་སྐྱེས་ཏེ། འདི་ན་འདུག་བཞིན་དུ་ཕྱིར་བདག་གི་ཚེ་ཐོབ་པར་གྱུར་ཏོ། །དེ་ནས་ལྷའི་ དབང་པོ་བརྒྱ་བྱིན་གྱིས་བདེན་པ་མཐོང་ནས་དགའ་ཞིང་མགུ་ལ་རབ་ཏུ་དགའ་ཞིང་ཡིད་རངས་ཏེ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ [136B]སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ནི། འཕགས་ལགས་སོ། ། འཕགས་ལགས་སོ། །དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་ལགས་པ་དང། ཁོང་ནས་དགའ་སྟེ་སྐྱབས་སུ་མཆིས་ལགས་པར་གཟུང་དུ་གསོལ། དེ་ནས་ལྷའི་ དབང་པོ་བརྒྱ་བྱིན་གྱིས་དྲི་ཟའི་བུ་གཙུག་ཕུད་ལྔ་པ་ལ་སྨྲས་པ། བུ། ཁྱོད་ནི། བདག་ལ་ཕན་པ་དང། བདེ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་འགྲོ་བར་ཐོག་མ་ ཁྱོད་ཀྱིས་བསྐུལ་ཏོ། །བུ་ཟུར་ཕུད་ལྔ་པ། བདག་ཅག་འདི་ནས་སུམ་ཅུ་རྩ་གསུམ་པའི་ལྷའི་ཡུལ་དུ་དོང་ནས་ཁྱོད་ཀྱིས་སྔོན་ཡུན་རིང་པོ་ནས་འདོད་ཅིང་སྨོན་པ་གང་ཡིན་པའི་ དྲི་ཟའི་རྒྱལ་པོ་ཏམྦུ་རུའི་བུ་མོ་བཟང་མོ་ཞེས་བྱ་བ་འོད་བཟང་དེ་ཁྱོད་ཀྱི་ཆུང་མར་སྦྱིན་ནོ། །དྲི་ཟ་རྣམས་ཀྱི་དབང་པོ་ཁྱོད་ཀྱི་ཕའི་རྒྱལ་སར་ཡང་གཞུག་གོ། །དེ་ནས་ལྷའི་དབང་པོ་བརྒྱ་ བྱིན་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་བདག་གིས་སྔོན་ཆད་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་དུས་གསུམ་དུ་ཚངས་པ་ལ་འོས་པའི་འདུད་ པ་བྱེད་པ་གང་ཡིན་པ་དེ་ནི། བདག་གིས་ད་ཕྱིན་ཆད་བཅོམ་ལྡན་འདས་འདི་ཉིད་ལ་ཚངས་པ་ལ་འོས་པའི་འདུད་པས་འདུད་པར་བྱའོ་།དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བཅོམ་ལྡན་ [137A]༄༅། །འདས་འདི་ཉིད་ཚངས་པ་ཡིན། ཚངས་པར་གྱུར་པ་ཡིན་ཞི་བ་ཡིན། ཞི་བར་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང། ལྷ་ གཞན་རྣམས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་མདུན་གྱིས་ཕྱོགས་ཤིང་ཕྱིར་ནུར་ནས་བཅོམ་ ལྡན་འདས་ལ་འདུད་བཞིན་དུ་ལྷའི་དབང་པོ་བརྒྱ་བྱིན་གྱི་མིག་ལམ་དུ་མི་སྣང་བར་གྱུར་པའི་ས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ ཐལ་མོ་སྦྱར་བ་བཏུད་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །ཞེས་སྨྲས་ནས་ལྷའི་དབང་པོ་བརྒྱ་བྱིན་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ་ བཙུན་པ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ལ། འདི་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་ མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས། ལྷ་བརྒྱད་ཁྲི་བོ་འདི་རྣམས་ཀྱིས་ཀྱང་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་བརྒྱ་བྱིན་འདི་ཁོ་ན་ལ་བརྟེན་ནས་འདི་རྣམས་ཀྱིས་བཅོམ་ [137B]བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། འདི་རྣམས་ཀྱིས་ སྨོན་ལམ་གང་དུ་བཏབ་ལགས། བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུ་ཚེ་ལོ་བཞི་ཁྲི་ཐུབ་པ་ན་ཡང་དག་པར་ རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་ སྟོན་པ༑ སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེས་གང་གི་ཚེ་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས་རྒྱལ་པོའི་ཕོ་བྲང་མཛེས་ལྡན་དུ་ གཤེགས་པ་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་ཕྱིར་རྒྱལ་པོ་མཛེས་པས་གཙུག་ལག་ཁང་ལྔ་བརྒྱ་བརྩིགས་ཏེ། དེས་གནས་ཁང་དྲུག་སྟོང་བྱས་ནས་ ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ཏེ། གཙུག་ལག་ཁང་དེ་དག་ཏུ་ཡོ་བྱད་ཐམས་ཅད་སྦྱར་ནས་འཁོར་བརྒྱད་ཁྲི་ དང་བཅས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་མཆོད་པའི་ལས་ལ་བརྩོན་པར་གྱུར་ཏོ། །དེ་ནས་གང་གི་ཚེ་ཡང་དག་པར་ [138A]༄༅། །རྫོགས་པའི་སངས་རྒྱས་འཁོར་བ་འཇིག་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས་ཕུང་པོའི་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་ འདས་པ་དེའི་ཚེ་རྒྱལ་པོ་མཛེས་པས་དེའི་སྐུ་གདུང་ལ་མཆོད་པ་བྱས་ནས་སྐུ་གདུང་གི་མཆོད་རྟེན་བརྩིགས་ཏེ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་མཆོད་རྟེན་དེ་ ལ་མཆོད་པ་ཆེན་པོ་བྱས་ཏེ་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་གལ་ཏེ་ལྷར་སྐྱེ་བར་གྱུར་ན་ནི། ལྷ་ཆེ་བར་གྲགས་ པ་ལྷ་རྣམས་ཀྱི་མངའ་བདག་ཏུ་གྱུར་ཅིག་གལ་ཏེ་མིར་སྐྱེ་བར་གྱུར་ན་ནི། མི་ཆེ་བར་གྲགས་པ་མི་རྣམས་ཀྱི་ནང་ན་རྒྱལ་སྲིད་ཀྱི་མངའ་བདག་ཏུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་ རྒྱལ་པོས་སྨོན་ལམ་འདེབས་པ་ཞམ་རིང་བ་རྣམས་ཀྱིས་མཐོང་ནས་དྲིས་པ། ལྷས་སྨོན་ལམ་ཅི་ཞིག་བཏབ་ལགས། དེས་དེ་དག་ལ་རྒྱས་པར་བསྙད་ནས་དེ་ཐོས་མ་ཐག་ཏུ་ དེ་དག་གིས་ཀྱང་མཆོད་རྟེན་དེ་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་ཅག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་ མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་རྒྱལ་པོ་འདི་ཁོ་ན་ལ་བརྟེན་ནས་བདག་ཅག་གིས་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་ [138B]ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོ་མཛེས་པར་གྱུར་པ་གང་ཡིན་པ་དེ་ནི་ལྷའི་དབང་པོ་བརྒྱ་བྱིན་འདི་ཁོ་ན་ཡིན་ཏེ། དེས་དེར་ ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བསྙེན་བསྐུར་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ཆེད་འགའ་ ལྷར་སྐྱེས་པའི་ཚེ་ནི། ལྷ་ཆེ་བར་གྲགས་པར་གྱུར་ཏེ་ལྷ་རྣམས་ཀྱི་མངའ་བདག་བྱས་སོ། །ཆེད་འགའ་མིར་སྐྱེས་པའི་ཚེ་ནི། མི་ཆེ་བར་གྲགས་པར་གྱུར་ནས་མི་རྣམས་ཀྱི་རྒྱལ་སྲིད་ཀྱི་ མངའ་བདག་བྱས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང་ ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ། །དེའི་ཚེ་ཞམ་རིང་བ་བརྒྱད་ཁྲིར་གྱུར་པ་གང་ཡིན་པ་དེ་དག་ནི། ལྷ་བརྒྱད་ཁྲི་པོ་འདི་དག་ ཁོ་ན་ཡིན་ཏེ། དེ་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བསྙེན་བཀུར་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་ པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། བརྒྱ་བྱིན་འདི་ཁོ་ན་ལ་བརྟེན་ནས་འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ་མི་ [139A]༄༅། །མཉེས་པར་མ་བྱས་སོ།། །།རྒྱལ་པོ་ཞེས་བྱ་བ་ནི། གླེང་བཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཞིག་གནས་པ་ དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ། །ཅུ་ ལོན་པ་དང་བུ་བཙས་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང། བྲམ་ཟེའི་སྤྱོད་ལམ་དང། སྤྱོད་པ་དང། ཨོཾ་ཞེས་བྱ་བ་དང། བཧོ་ཞེས་བྱ་བ་དང། གཙང་སྦྲ་དང། ཆོ་ག་དང་ ཐལ་བ་བླང་བ་དང། རིལ་བ་ཐོགས་པ་དང། ངེས་བརྗོད་ཀྱི་རིག་བྱེད་དང། མཆོད་སྦྱིན་གྱི་རིག་བྱེད་དང། སྙན་ཚིག་གི་རིག་བྱེད་དང། སྲིད་སྲུང་གི་རིག་བྱེད་དང། མཆོད་སྦྱིན་བྱ་ བ་དང། མཆོད་སྦྱིན་བྱེད་དུ་བཞུག་པ་དང། སྦྱིན་པ་དང། བླང་བ་དང། ཁ་ཏོན་བྱ་བ་དང། །ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས་ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་གནས་བཅོ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེའི་ཕ་མ་གཉིས་ཤིའོ། །དེ་གཉིས་ཤི་ནས་ཁྱེའུ་དེས་བསམ་པ། བྲམ་ཟེ་རྣམས་ ཀྱི་ལུགས་ཀྱིས་ན། ལོ་བཞི་བཅུ་རྩ་བརྒྱད་ཀྱི་བར་དུ་ཚངས་པར་སྤྱོད་པ་སྤྱད་ནས་དེའི་འོག་ཏུ་ཆུང་མ་ལེན་པར་བྱེད་ཀྱི། བདག་གིས་ཀྱང་ལོ་བཞི་བཅུ་རྩ་བརྒྱད་ཚངས་པར་སྤྱོད་པ་ [139B]བར་དུ་ཚངས་པར་སྤྱོད་པ་སྤྱད་ནས་ཆུང་མ་བླངས་ཏེ། དེའི་ཆུང་མ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་ གཡེམ་ཞིང་སྐྱེས་པ་འདོད་པ་ཞིག་སྟེ། དེ་ཁྱིམ་ཐབ་རྒན་པོ་དང་ལྷན་ཅིག་འདུག་པས་སྙིང་མི་ཚིམ་ནས་དེས་སྐྱེས་པ་གཞན་བཙལ་ཏོ་།དེ་ནས་ཕྱི་ཞིག་ན་དེའི་བློ་སྐྱེས་པ། བདག་ གི་ཁྱིམ་ཐབ་འདི་ལྟར་ཇི་སྲིད་ན་འདུག་གི་བར་དུ་ནི། བདག་སྐྱེས་པ་གཞན་དང་ལྷན་ཅིག་ཏུ་ཉལ་བའི་སྐབས་མེད་ཀྱི། བདག་གིས་འདི་ཡུལ་གཞན་དུ་གཏང་བར་བྱའོ་སྙམ་ནས་ བྲམ་ཟེ་དེ་ལ་སྨྲས་པ། འདི་ལྟར་ཇོ་བོའི་ཁྱིམ་ན་ཅི་ཡང་མི་བདོག་ན། ཁྱེད་ཀྱིས་བདག་བླངས་ཏེ་ཅི་བགྱི། བདག་ཕ་མའི་ཁྱིམ་དུ་སླར་མཆིའོ། །འོན་ཀྱང་བདག་གིས་འཚལ་མ་བདེ་བླག་ཏུ་འཚལ་དུ་མཆིས་སོ། །བྲམ་ཟེས་སྨྲས་པ་ བཟང་མོ། །མི་དགའ་བར་མ་བྱེད་ཅིག་བདག་ཅག་བྲམ་ཟེ་རྣམས་ལ་སློང་མོས་འཚོ་བ་ཡང་ཡོད་ཀྱི། བདག་ཡུལ་གཞན་དུ་སོང་ལ་ནོར་བཙལ་ཏེ་ཕྱིར་འོང་ངོ། །ཞེས་བྱས་ནས་ ཆུང་མ་ལ་རྒྱགས་ཕོག་སྟེ་སོང་ངོ། །དེ་སོང་ནས་ཀརྵ་པ་ཎ་མང་པོ་ཞིག་རྙེད་ནས་དེ་དག་ཁྱེར་ཏེ་མཉན་དུ་ཡོད་པར་ཆས་པ་ལས། དེ་ལམ་དུ་མི་རྒོད་ཀྱིས་བཅོམ་ནས་ཤིན་ཏུ་སྡུག་ བསྔལ་བར་གྱུར་ཏེ། གལ་ཏེ་བདག་ཁྱིམ་དུ་སོང་ན་ནི། བྲམ་ཟེ་མོ་དང་འཐབ་མོ་ཆེན་པོ་འབྱུང་བར་འགྱུར་གྱི། བདག་གིས་འཚོ་བ་འདི་ལྟ་བུ་བཏང་ལ་ནགས་ཁུང་ཐིབས་པོར་ [140A]༄༅། །སོང་སྟེ་བདག་འཆི་བར་བྱའོ་སྙམ་ནས་དེ་ནགས་ཁུང་ཐིབས་པོར་སོང་སྟེ་ཤིང་ཁ་ནས་ཐག་པས་བཏགས་ནས་འགེགས་པར་བྱས་པ་ལས། དེའི་སྐབས་ སུ་བཅོམ་ལྡན་འདས་ཀྱིས་དགོངས་པ། བྲམ་ཟེ་འདི་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་བ་ ཞིག་ན༑ དེ་འདི་ལྟ་བུའི་གཟུ་ལུམས་བྱེད་ཅིང་འདུག་གོ་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ་ནགས་ཁུང་ཐིབས་པོ་དེར་གཤེགས་ནས་ དེར་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་ལ་བཀའ་སྩལ་པ། བྲམ་ཟེ། གཟུ་ལུམས་མ་བྱེད་ཅིག་ངས་ཁྱོད་ལ་ནོར་སྦྱིན་ནོ། །ཞེས་བཀའ་སྩལ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ གཏེར་བསྟན་ཏེ། བྲམ་ཟེ། ཁྱོད་ཀྱི་ནོར་འདི་ཡིན་གྱི། སྲོག་ཕངས་པ་མ་དོར་ཅིག་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་སླར་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་བྲམ་ ཟེ་དེས་ནོར་དེ་དག་ཁྱེར་ཏེ་རང་གི་ཁྱིམ་དུ་སོང་ནས་དེས་ཁྱིམ་གྱི་འབྱོར་བ་རྒྱས་པར་བྱས་ཏེ་བཞག་ནས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་སོ། །དེ་ནས་ཕྱི་ཞིག་ན་ དེའི་བློ་སྐྱེས་པ། དགེ་སྦྱོང་གོའུ་ཏ་མ་ནི། བདག་ལ་ཕན་པ་དང་བདེ་བ་ཡིན་གྱི། བདག་ཁྱིམ་ན་གནས་པ་བཏང་ལ་དེའི་ཐད་དུ་རབ་ཏུ་འབྱུང་བར་བྱའོ་སྙམ་སྟེ་ཁྱིམ་གྱི་འཁོར་བཏང་ [140B]ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ ཀྱིས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་ནས་བྲམ་ཟེ་དེས་སྟན་དེ་ཉིད་ལ་ འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་ པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་ སྟེ༑ དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ་།དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་ [141A]༄༅། །འདས་ལ་གསོལ་པ། བཙུན་པ། བྲམ་ཟེ་འདི་དབུལ་བས་འཇིགས་ནས་བདག་ཉིད་འགུམ་པར་བགྱིས་པ་ལས། བཅོམ་ལྡན་འདས་ཀྱིས་ནོར་ གྱི་ཕུང་པོ་ཆེན་པོ་དང་སྤྲད་དེ་གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་པ་ལ་གཟིགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་བྲམ་ཟེ་འདི་དབུལ་བས་འཇིགས་ནས་བདག་ཉིད་འཆི་བར་བྱས་པ་ལས། ངས་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས་ དགེ་བ་བཅུའི་ལས་ཀྱི་ལམ་ལ་ཇི་ལྟར་གནས་པར་བྱས་པ་དེ་ཉོན་ཅིག་།དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་དབང་ཆེན་སྡེ་ཞེས་ བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང། རྒྱས་པ་དང། བདེ་བ་དང། ལོ་ལེགས་པ་དང། སྐྱེ་བོ་དང་མི་མང་པོས་གང་བ་དང། རྩོད་པ་དང་འཐབ་པ་ཞི་བ་དང། འཁྲུག་ པ་དང་ནང་འཁྲུག་དང་ཆོམ་རྐུན་དང་ནད་དང་མུ་གེ་མེད་པ་དང། འབྲས་ས་ལུ་དང་བུ་རམ་ཤིང་དང་བ་ལང་དང་མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་བཀྲུགས་ ལ་བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་དོ། །རྒྱལ་པོ་དེ་ཡང་བྱམས་པའི་བདག་ཉིད་ཅན། སྙིང་རྗེ་དང་ལྡན་པ། སེམས་ཅན་ལ་བྱམས་པ། སྦྱིན་ [141B] དེས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དེ། དགེ་སྦྱོང་དང། བྲམ་ཟེ་དང། སྡུག་ཅིང་ཕོངས་པ་དང། བཀྲེན་པ་རྣམས་ལ་ཅི་དང་ཅི་འདོད་པ་སྦྱིན་ པར་བྱེད་དོ། །བཟའ་བ་དང། བཅའ་བ་མང་པོ་དག་སྟ་གོན་བྱས་ཏེ་སྲོག་ཆགས་ནམ་མཁའ་ལ་གནས་པ་དང། ཆུ་ན་གནས་པ་དང། ཐང་ལ་གནས་པ་རྣམས་ལ་སྦྱིན་པར་བྱེད་ དོ༑ ༑འཇིག་རྟེན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པར་བྱེད་དོ། །དེ་ཕྱིན་ཆད་བདག་གིས་སེམས་ཅན་རྣམས་ལ་ཐམས་ཅད་སྦྱིན་ནོ། །ཞེས་དམ་བཅས་སོ། །དེ་ཆོས་ བཞིན་དུ་རྒྱལ་པོ་བྱེད་པས་མི་དང་མི་མ་ཡིན་པ་རྣམས་ཀྱིས་ཀྱང་དེ་ལ་བསྲུང་བ་དང། བསྐྱབ་པ་དང། སྤ་བའི་ཕྱིར་བརྩོན་པར་བྱེད་དོ། །དེ་དག་གིས་དུས་དུས་སུ་ཆར་གྱི་རྒྱུན་ ལེགས་པར་འབེབས་ཤིང་[?]རྣམས་རྒྱས་པར་བྱེད་དོ། །རྒྱལ་པོ་དེའི་འདབས་ཀྱི་ཉི་འོག་གི་རྒྱལ་པོ་ནི། ཆོས་མ་ཡིན་པས་རྒྱལ་པོ་བྱེད་དེ། ཤིང་སྒྲོག་དང། རྐང་སྒྲིལ་དང་ ལག་སྒྲིལ་དང། ཨན་ཕན་གདགས་པ་རྣམས་ཀྱིས་ཡུལ་ན་གནས་པའི་སྐྱ་བོ་མང་པོ་ལ་གནོད་པ་བྱེད་དེ། དེའི་མི་རྣམས་ནན་གྱིས་དཔྱ་བླ་སྐྱེས་རྒྱུད་མས་འཇིགས་ཏེ་རྒྱལ་པོ་ དབང་ཆེན་སྡེའི་ཡུལ་དུ་དོང་སྟེ་འཁོད་དོ། །དེ་ནས་ཕྱི་ཞིག་ན་ཉི་འོག་གི་རྒྱལ་པོ་དེ་བློན་པོ་མང་པོས་ཞམ་རིང་བྱས་ནས་ཡུལ་བལྟར་སོང་སོང་བ་ལས་དེས་བལྟས་ནས་གྲོང་དང། གྲོང་ [142A]༄༅། །ཁྱེར་དང། གྲོང་རྡལ་དང། ནགས་ཁྲོད་ཀྱི་གྲོང་དང་ཚོང་དུས་དག་སྟོངས་པར་མཐོང་ནས་བློན་པོ་རྣམས་ལ་ཀྭའི། ཅིའི་ཕྱིར་ཡུལ་སྟོངས་ལ་ ཐུག་པར་གྱུར་ཅེས་དྲིས་ནས་བློན་པོ་རྣམས་ན་རེ། ལྷ། རྒྱལ་པོ་དབང་ཆེན་སྡེའི་ཡུལ་འབྱོར་བ་དང། རྒྱས་པ་དང། བདེ་བ་དང་ལོ་ལེགས་པ་དང་ལྡན་ལ། སྐྱེ་བོ་མང་པོ་དེ་ དག་ཀྱང་དཔྱ་ཁྲལ་མ་མཆིས་པ་དང་འདྲ་བར་འཁོད་པས་ན། སྐྱེ་བོ་ཕལ་པོ་ཆེ་རྣམས་དེར་དོང་སྟེ་འཁོད་དོ། །ཞེས་ཟེར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཉི་འོག་གི་རྒྱལ་པོ་དེ་ ཁྲོས་ནས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་རྒྱལ་པོ་དབང་ཆེན་སྡེ་དང་གཡུལ་འགྱེད་པའི་ཕྱིར་དྲངས་སོ། །དེ་ནས་རྒྱལ་པོ་དབང་ཆེན་སྡེས་ཉི་འོག་གི་རྒྱལ་པོ་དེ་ཁྲོས་ ནས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་བདག་དང་གཡུལ་འགྱེད་པའི་ཕྱིར་དྲངས་སོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་བློན་པོ་རྣམས་བསགས་ཏེ་བསྒོ་བ། ཀྱེ། ངས་ནི་ ཚེ་གཅིག་གི་འཚོ་བ་ཙམ་གྱི་ཕྱིར་སྡིག་པ་བྱེད་མི་ཕོད་ཀྱི། གལ་ཏེ་ཁྱོད་ཡུལ་ཕུང་བར་མི་འདོད་ན་ནི། ཉི་འོག་གི་རྒྱལ་པོ་དེ་ལ་ཕྱག་འཚོལ་ཅིག་ང་ནི། དེ་ལ་གནོད་པ་བྱེད་ མི་ཕོད་དོ། །ཞེས་བྱས་ནས་ཚིགས་སུ་བཅད་དེ་སྨྲས་པ། ནགས་ཀྱི་ནང་ན་ཤིང་ཤུན་ཤར་བུའི་གོས་གྱོན་ཅིང། །འབྲས་བུ་ཟ་ལ་གཅན་གཟན་དག་དང་འགྲོགས་ཀྱང་བླའི། །འཇིག་ [142B] །རྒྱལ་སྲིད་དག་གི་ཕྱིར་ནི་གསོད་དང་བཅིང་མི་བྱ། །དེ་ནས་བློན་པོ་རྣམས་ཀྱིས་བསམ་པ། རྒྱལ་པོ་འདི་ནི། སུ་ལ་ཡང་གསོད་མི་ཕོད་དེ་ བདག་ཅག་ཀུན་མེད་པར་གྱུར་ན་མི་རུང་གི་བདག་ཅག་ཐམས་ཅད་ཀྱི་ན་ལ་སྡུག་བསྔལ་བར་གྱུར་པ་བས་ནི། བདག་ཅག་གིས་འདི་གཅིག་པུ་བོར་ཡང་བླའོ་སྙམ་ནས་དེ་དག་གིས་རྒྱལ་པོ་ བོར་དེ་ཉི་འོག་གི་རྒྱལ་པོ་དེ་ལ་བབས་སོ། །དེ་ནས་རྒྱལ་པོ་དབང་ཆེན་སྡེས་ཀྱང་ཚོར་ཏེ་བློན་པོ་འདི་རྣམས་ཀྱིས་བདག་བོར་རོ་སྙམ་ནས་ནགས་ཀྱི་ནང་དུ་གནས་བཅས་ཏེ། དེ་དེར་སོང་ནས་ རྩ་བ་དང་འབྲས་བུ་ཟ་ཞིང་འདུག་གོ་དེ་སོང་བའི་འོག་ཏུ་ཉི་འོག་གི་རྒྱལ་པོ་དེ་འོངས་ནས་ཡུལ་མི་རྣམས་ཕབ་སྟེ་རྒྱལ་པོ་དེ་གར་སོང་ཞེས་དྲིས་ན། བློན་པོ་རྣམས་ན་རེ། ལྷ། བྲོས་ལགས་ སོ༑ ༑ཞེས་ཟེར་རོ། །དེ་ནས་ཉི་འོག་གི་རྒྱལ་པོས་ཡུལ་དེ་ཆམ་དུ་ཕབ་སྟེ་དཔའ་བོ་ཐམས་ཅད་ཀྱི་བྱ་དགར་བགོ་བཤའ་བྱས་ནས་ཡུལ་དེ་ཉིད་དུ་བཏབ་སྟེ་འདུག་གོ། །དེ་ནས་དེའི་ཚེ་རི་ཁྲོད་ཀྱི་ གྲོང་ཞིག་ན་བྲམ་ཟེ་དབུལ་པོ་འཚོ་བས་ཕོངས་པ་ཞིག་གནས་ཏེ་མཐར་གྱིས་དེའི་བུ་དང་བུ་མོ་མང་པོ་བཙས་ནས་དེ་གསོ་བ་མང་ལ་ཡུལ་དེར་མུ་གེ་ཡང་བྱུང་ནས་དེས་ཁྱིམ་གྱི་བཟའ་ མི་རྣམས་བསྐྱང་མ་ནུས་སོ། །དེ་ནས་བྲམ་ཟེ་དེས་ཝཱ་ར་ཎཱ་སི་ན་རྒྱལ་པོ་དབང་ཆེན་སྡེ་ཞེས་བྱ་བ་བཞུགས་ཏེ། རྒྱལ་པོ་དེ་ཡང་བྱམས་པའི་བདག་ཉིད་ཅན། སྙིང་རྗེ་དང་ལྡན་པ། སེམས་ཅན་ [143A]༄༅། །ལ་བྱམས་པ། སྦྱིན་པ་ལ་དགའ་བ། ཐམས་ཅད་སྦྱིན་པར་བྱེད་པ་ཞིག་གོ་ཞེས་ཐོས་ནས་བདག་དེའི་ཐད་དུ་འགྲོ་བར་བྱའོ་།དེའི་ཐད་དུ་སོང་བ་དང་ བདག་གི་ནོར་དེ་ལས་འོང་ངོ་སྙམ་ནས་ཝཱ་ར་ཎཱ་སིར་སོང་ངོ་།དེ་དེར་སོང་ནས་རྒྱལ་པོ་དབང་ཆེན་སྡེས་ནགས་སུ་གནས་བཅས་སོ་།ཞེས་ཐོས་སོ། །ཐོས་མ་ཐག་ཏུ་བྲམ་ཟེ་དེ་ ཤིན་ཏུ་སྡུག་བསྔལ་བར་གྱུར་ནས་བསམ་པ། བདག་དེའི་ཐད་དུ་དཀའ་ཐུབ་ཀྱི་ནགས་ཚལ་དུ་སོང་བ་དང། དེ་དེ་ན་འདུག་ཀྱང་བདག་ལ་ནོར་སྦྱིན་པར་འགྱུར་ཡང་སྲིད་དོ་སྙམ་ ནས་ས་ཕྱོགས་གང་ན་བྱང་ཆུབ་སེམས་དཔའ་གནས་པ་དེར་སོང་སྟེ་དེའི་ཐད་དུ་སོང་ནས་བྱང་ཆུབ་སེམས་དཔའ་དེས་དེ་ལ་ཚིག་འཇམ་པོས་མགུ་བར་བྱས་ཏེ་རྩ་བ་དང་འབྲས་ བུ་དག་བྱིན་ནས་དྲིས་པ། ཁྱོད་འདིར་ཅི་ལ་འོངས། བྲམ་ཟེས་སྨྲས་པ། ད་ལྟར་མུ་གེ་བྱུང་སྟེ་ཕོངས་ཤིང་གནོད་པར་གྱུར་ལ། བདག་ལ་གསོ་བ་ཡང་མང་ན། བདག་གིས་ དེ་དག་གསོ་ཡང་མ་ནུས་ནས་བདག་གིས་ཐོས་ན། རྒྱལ་པོ་དབང་ཆེན་སྡེ་ནི། ཐམས་ཅད་སྦྱིན་པར་བྱེད་དོ། །ཞེས་ཐོས་ནས་དེ་བདག་གི་ནོར་གྱི་འབྱུང་ཁུངས་སུ་འགྱུར་རོ་སྙམ་སྟེ་ ཁྱོད་ཀྱི་ཐད་དུ་མཆིས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། དེས་ནགས་ཀྱི་ནང་དུ་གནས་བཅས་སོ། །ཞེས་ཁྱོད་ཀྱིས་མ་ཐོས་སམ། ད་དེ་ལ་ནོར་ག་ལ་ཡོད། དེ་ཐོས་མ་ཐག་ཏུ་བྲམ་ [143B] །དེ་ནས་བྱང་ཆུབ་སེམས་དཔའ་དེས་གདོང་དུ་ཆུས་གཏོར་ཏེ་བསླང་ངོ། །དེས་བསམ་པ། བདག་ལ་འཚོ་བ་འདི་ལྟ་བུ་ཅི་དགོས་ཀྱི། བདག་ སོང་ལ་ནགས་སྟུག་པོའི་ནང་དུ་ཞུགས་ཏེ་འཆི་བར་བྱའོ་སྙམ་ནས་ཐག་པ་ཁྱེར་ཏེ་ནགས་སྟུག་པོའི་ནང་དུ་ཞུགས་ནས་ཤིང་ཀ་ནས་ཐག་པ་བཏགས་ཏེ་འགེགས་པར་བྱས་པ་ལས། བྱང་ ཆུབ་སེམས་དཔས་མཐོང་ནས་མཐོང་མ་ཐག་ཏུ་སྙིང་རྗེ་སྐྱེས་ཏེ་དེས་བསམ་པ། གལ་ཏེ་བྲམ་ཟེ་འདིས་བདག་ཁྲིད་དེ་དགྲའི་ཐད་དུ་སོང་ན་ནི། དེས་འདིར་ནོར་གྱི་ཕུང་པོ་སྦྱིན་པར་ འགྱུར་རོ་སྙམ་ནས་བྲམ་ཟེ་དེ་ལ་སྨྲས་པ། བྲམ་ཟེ། གཟུ་ལུམས་མ་བྱེད་ཅིག་དང། ངས་ཁྱོད་ཀྱི་དབུལ་བ་གཅད་པར་བྱའོ། །བྲམ་ཟེ་ཁྱོད་ཚུར་ཤོག་ང་ཕྱིར་ཀ་ལོག་ཏུ་དམ་ པོར་བཅིངས་ལ་རྒྱལ་པོ་ཆེ་གེ་མོ་ཞིག་གི་ཐད་དུ་ཁྲིད་དེ་སོང་ཞིག་དང། དེས་ཁྱོད་ལ་ནོར་གྱི་ཕུང་པོ་སྦྱིན་པར་འགྱུར་རོ་།བྲམ་ཟེས་སྨྲས་པ། བདག་ནི། ཁྱོད་ལྟ་བུའི་ཆིང་མི་ཕོད་དོ། ། བྱང་ཆུབ་སེམས་དཔས་སྨྲས་པ། ཐེ་ཚོམ་མེད་པར་གྱིས་ལང་ཆིངས་ལ་ཁྲིད་དེ་སོང་ཞིག་དེ་ལས་ཐབས་གུད་ན་མ་མཐོང་ངོ། །དེ་ནས་བྲམ་ཟེ་དེ་ན་རེ། ཁྱོད་ཇི་ལྟར་འདོད་པ་བཞིན་ དུ་བགྱིའོ། །ཞེས་བྱས་ནས་བྲམ་ཟེ་དེས་བྱང་ཆུབ་སེམས་དཔའ་ཕྱིང་ཀ་ལོག་ཏུ་དམ་དུ་བཅིངས་ནས་ཁྲིད་དེ་ཝཱ་ར་ཎཱ་སིར་ཆས་སོ། །དེ་ནས་སྐྱེ་བོ་མང་པོ་དེ་དག་གིས་མཐོང་ནས་ངོ་ཤེས་ [144A]༄༅། །ཏེ༑ དེ་དག་རྒྱལ་པོའི་ཐད་དུ་དོང་སྟེ་གསོལ་ན། དེ་དག་ལ་རྒྱལ་པོ་ཡིད་མི་ཆེས་ནས་དེ་གཏད་བཞིན་དུ་རྒྱལ་པོའི་ཕོ་བྲང་ནས་བྱུང་སྟེ་བྱང་ཆུབ་ སེམས་དཔའི་ཐད་དུ་སོང་ནས་བྲམ་ཟེ་དེས་བྱང་ཆུབ་སེམས་དཔའ་དམ་བུ་བཅིངས་ནས་ཁྲིད་དེ་འོངས་པ་མཐོང་ངོ། །མཐོང་ནས་ཀྱང་དྲིས་པ། འདི་ཁྱོད་ཀྱིས་ག་ལས་ཁྲིད་དེ་འོངས་ དེས་སྨྲས་པ། འདི་ནི། ལྷའི་དགྲ་ལགས་ཏེ། འདི་བདག་གིས་དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་པ་ལས་མཐུས་བཟུང་ནས་ཁྲིད་དེ་མཆིས་སོ་།དེ་ནས་རྒྱལ་པོས་བསམ་པ་ རྒྱལ་པོ་འདི་ནི། ལུས་ཆེ་ཞིང་སྟོབས་ཆེ་ལ། བྲམ་ཟེ་འདི་ནི། ལུས་ཉམ་ཆུང་བས་ན། འདིས་འདི་གཟུང་བར་ག་ལ་ནུས་ཏེ། འདི་སྙིང་རྗེ་ཆེ་ལ་སེམས་ཅན་ལ་བྱམས་པས་ན་ འདིས་བདག་གིས་བདག་བཅིངས་ནས་འདི་ལ་བྱིན་གོར་མ་ཆག་སྙམ་སྟེ་བྲམ་ཟེ་དེ་ལ་སྨྲས་པ། བྲམ་ཟེ། འདི་ཁྱོད་ཀྱིས་ཇི་ལྟར་གཟུང་བ་དྲང་པོར་སྨྲོས་ཤིག་དེ་ནས་བྲམ་ ཟེ་དེས་རྒྱལ་པོ་དེ་ལ་ཇི་ལྟར་གྱུར་པ་བཞིན་དུ་བསྙེད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ་དད་པར་གྱུར་ནས་སེམས་ཅན་དག་པ་འདི་ལྟ་བུ་ལ་བདག་གིས་གནོད་པ་བྱས་སོ་སྙམ་ ནས་བདག་ཉིད་ཀྱིས་བཀྲོལ་ཏེ་རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲངས་ཏེ་ཡན་ལག་ཐམས་ཅད་ཀྱིས་འཁྱུད་དེ། སེངྒེའི་ཁྲིའི་སྟེང་དུ་བཞག་ནས་ཅོད་པན་གྱི་ཐབས་ཕུད་དེ་བྱང་ཆུབ་སེམས་ [144B] ཁྱོད་ནི། རྒྱལ་པོའི་འོས་ལགས་ཀྱི། བདག་ནི། འོས་མ་ལགས་སོ། །ཞེས་བྱས་ནས་དེས་དེ་ལ་དཔུང་གི་ཚོགས་དང། དཀོར་མཛད་རྣམས་ ཕུལ་ནས་བཟོད་པ་གསོལ་ཏེ་རང་གི་ཡུལ་དུ་སོང་ངོ། །དེ་ནས་རྒྱལ་པོ་དབང་ཆེན་སྡེས་བྲམ་ཟེ་དེ་ལ་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་བྱས་ སོ༑ ༑དགེ་སློང་དག་དེའི་ཚེ་རྒྱལ་པོ་དབང་ཆེན་སྡེར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་བྲམ་ཟེར་གྱུར་པ་གང་ཡིན་པ་དེ་ ནི༑ བྲམ་ཟེ་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་དབུལ་བས་འཇིགས་པས་བདག་ཉིད་འཆི་བར་བྱས་པ་ལས་ངས་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ གནས་པར་བྱས་སོ། །ད་ལྟར་ཡང་འདི་དབུལ་བའི་འཇིགས་པས་བདག་ཉིད་འཆི་བར་བྱས་པ་ལས་ངས་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་ བའི་མྱ་ངན་ལས་འདས་པ་ལ་བཞག་གོ། །རྡོན་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཡུལ་མ་ག་དཧར་ལྗོངས་རྒྱུ་ཞིང་གཤེགས་པ་ལས་རྒྱལ་པོའི་ཁབ་ཏུ་བྱོན་ནས་རྒྱལ་པོའི་ཁབ་ཀྱི་འོད་མའི་ ཚལ་བྱ་ཀ་ལནྡ་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་ལྷས་བྱིན་ནི། རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོ་མང་པོ་ལ་རྟག་ཏུ་ཉེས་པ་བྱེད་དེ། གང་དང་གང་ལ་ཉེས་པ་བྱས་པ་དེ་དང་དེ་བཅོམ་ [145A]༄༅། །ལྡན་འདས་ལ་ཉེས་པས་བསྟིང་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ སོང་ལ་ཆོས་གོས་སྣམ་སྦྱར་གྱོན་ཏེ་དགེ་སློང་སུ་ཡང་རུང་བ་ཞིག་གྲོགས་སུ་ཁྲིད་ལ་རྒྱལ་པོའི་ཁབ་ཏུ་ལམ་པོ་ཆེ་དང། སྲང་དང། བཞི་མདོ་དང། སུམ་མདོ་དག་ཏུ་བྲམ་ཟེ་དང། ཁྱིམ་ བདག་རྣམས་ལ་ལྷས་བྱིན་ནམ། ལྷས་བྱིན་གྱི་ཕྱོགས་ཀྱི་སུ་ལ་ཉེས་པ་བྱས་པ་དེས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ལ་འདོགས་པར་མ་བྱེད་ཅིག་ཅེས་སྒོས་ཤིག་གལ་ ཏེ་ལྷས་བྱིན་ནི། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ནོ། །ཞེས་ཟེར་ན། སྔོན་ནི། རྫུ་འཕྲུལ་ཆེ་ན། ད་ནི། དེའི་རྫུ་འཕྲུལ་ཉམས་སོ། །ཞེས་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་ཀུན་ དགའ་བོ་སོང་སྟེ་རྒྱལ་པོའི་ཁབ་ཏུ་ལམ་པོ་ཆེ་དང། སྲང་དང་བཞི་མདོ་དང། སུམ་མདོ་དག་ཏུ་བྲམ་ཟེ་དང། ཁྱིམ་བདག་རྣམས་ལ་བསྒོས་ནས་ཕྱིན་ཆད་བཅོམ་ལྡན་འདས་ལ་ཉེས་ པས་བསྟིང་བར་མི་བྱེད་དོ། །དེ་ནས་ཕྱི་ཞིག་ན་བཅོམ་ལྡན་འདས་བསྙུད་བར་གྱུར་ནས་སྨན་པ་འཚོ་བྱེད་ཀྱིས་བཅོམ་ལྡན་འདས་ལ་སྨན་མར་ལྕགས་མདའ་ཞེས་བྱ་བ་ཕུལ་ལོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་སྨན་པའི་རྒྱལ་པོ་འཚོ་བྱེད་ལ་བཀའ་སྩལ་པ། འཚོ་བྱེད། ངོ་མཚར་ཆེའམ། གསོལ་བ། བཅོམ་ལྡན་འདས། ངོ་མཚར་ཆེ་ལགས་སོ། །བཀའ་སྩལ་ [145B] འཚོ་བྱེད། རྨད་དུ་བྱུང་ངམ། གསོལ་པ། བཅོམ་ལྡན་འདས་རྨད་དུ་བྱུང་ལགས་སོ། །བཀའ་སྩལ་པ། འཚོ་བྱེད། ཁྱོད་ཤེས་སམ་གསོལ་པ། བཅོམ་ལྡན་འདས། བདག་འཚལ་ ལགས་སོ། །བཀའ་སྩལ་པ། འཚོ་བྱེད་ཁྱོད་མི་ཤེས་སམ། གསོལ་པ་བཅོམ་ལྡན་འདས། བདག་མ་འཚལ་ལགས་སོ། །བཀའ་སྩལ་པ། འཚོ་བྱེད་ཅི་ཞིག་ངོ་མཚར་ཆེ། གསོལ་ པ༑ བཅོམ་ལྡན་འདས། བ་རྣམས་རྩྭ་ཟ་ཞིང་ཆུ་འཐུང་ལ། དེ་དག་ལས་བདུད་རྩི་འདི་གྲུབ་ཅིང་དེས་སྨན་མར་ལྕགས་མདའ་ཞེས་བྱ་བ་བསྒྲལ་ལགས་སོ། །བཀའ་སྩལ་པ། འཚོ་བྱེད། ཅི་ ཞིག་རྨད་དུ་བྱུང། གསོལ་པ། བཅོམ་ལྡན་འདས། སངས་རྒྱས་འཇིག་རྟེན་དུ་བྱུང་བ་ལས་དམ་པའི་ཆོས་བསྟན་པ་དང། དགེ་འདུན་གྱི་སྒྲུབ་པ་བཟང་པོ་འབྱུང་ལགས་སོ། །བཀའ་སྩལ་པ་ འཚོ་བྱེད། ཁྱོད་ཅི་ཞིག་ཤེས་གསོལ་པ། བཅོམ་ལྡན་འདས། སྐྱེས་སླན་ཆད་གདོན་མི་འཚལ་བར་འགུམ་པར་འཚལ་ལགས་སོ། །བཀའ་སྩལ་པ། འཚོ་བྱེད། ཁྱོད་ཅི་ཞིག་མི་ཤེས་ གསོལ་པ། བཅོམ་ལྡན་འདས། སུ་གང་དུ་མཆི་བ་དེ་མ་འཚལ་ལགས་སོ་།དེས་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ གསོལ་པ། བཙུན་པ། འཚོ་བྱེད་ཀྱིས་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་གསུངས་པ་རྟོགས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དགེ་སློང་དག་ད་ལྟར་འབའ་ [146A]༄༅། །ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདིས་ངའི་དགོངས་ཏེ་གསུངས་པ་ཇི་ལྟར་རྟོགས་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ ན་རི་ཁྲོད་ཀྱི་གྲོང་ཞིག་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་ མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ། བཅུ་ལོན་པ་དང། ཁྱེའུ་ཞིག་བཙས་ཏེ་དེའི་བཙས་སྟོན་ཞག་ བདུན་གསུམ་ཉི་ཤུ་རྩ་གཅིག་གི་བར་དུ་རྒྱས་པར་བས་ནས་རིགས་དང་མཐུན་པར་མིང་བཏགས་སོ། །དེའི་འོག་ཏུ་ཡང་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་བུ་ཞིག་བཙས་ ཏེ༑ དེའི་ཡང་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་མཐུན་པར་མིང་བཏགས་སོ། །དེ་ནས་དེས་བསམ་པ། བདག་གི་བུ་ལོན་འཚོ་བ་པ་དང། ནོར་སྤྱོད་པ་སྐྱེས་ཟིན་གྱི། ཟོང་ཁྱེར་ལ་ བདག་ཡུལ་གཞན་དུ་འགྲོ་བར་བྱའོ་སྙམ་མོ། །དེ་ནས་ཡང་བསམ་པ་བདག་གི་ཆུང་མ་འདི་བྱད་བཞིན་བཟང་བས་བདག་གིས་འདི་ལ་ཀརྵ་པ་ཎ་མང་པོ་ཕྱིན་ཏེ་སོང་ན་ནི། སྐྱེས་ པ་གཞན་དང་ལྷན་ཅིག་ཏུ་དགའ་མགུར་སྤྱོད་པར་འགྱུར་ཡང་སྲིད་ཀྱི། མ་ལ་བདག་གིས་འདི་ལ་ཀརྵ་པ་ཎ་ཉུང་དུ་ཞིག་ཕྱིན་ཏེ་འགྲོ་བར་བྱའོ་སྙམ་ནས་དེས་དེ་ལ་ཀརྵ་པ་ཎ་ཉུང་དུ་ [146B] བུམ་པའི་ནང་དུ་བཅུག་སྟེ། བུམ་པའི་མགྲིན་པ་མུ་ཏིག་གི་ཕྲེང་བས་བཅིངས་ནས་དུད་ཁྲོད་དུ་ཤིང་རྟ་རྣ་ཞེས་བྱ་བའི་དྲུང་དུ་སྦས་ཏེ་བཞག་ནས་ ཟོང་ཁྱེར་ཏེ་གཞན་དུ་སོང་ནས་དེས་དེར་རྙེད་པ་མང་པོ་གྲུབ་ནས་དེས་དེར་ཆང་ཆུང་མ་བླངས་ཏེ་འདུག་ནས་དེའི་བུ་མང་པོ་བཙས་སོ། །དེ་ནས་ཆུང་མ་སྔ་མ་གདུ་བུ་ཞེས་བྱ་བས་ལག་ འོངས་དང་ཉེ་དུས་བཤུགས་པ་ཙམ་གྱིས་བུ་གཉིས་གསོས་མ་ནགས་ནས་བུ་གཉིས་ཀྱིས་སྨྲས་པ། བདག་ཅག་གཉིས་ཀྱི་ཕ་གར་སོང། མས་སྨྲས་པ། བུ། ཡུལ་ག་གེ་མོ་ཞིག་ན་ གནས་ཆེ་གེ་མོ་ཞིག་ན་འདུག་སྟེ། དེ་ནོར་ཕུན་སུམ་ཚོགས་པ་ཆེན་པོ་དང་ལྡན་ཞེས་ཀྱང་གྲག་གི་དེར་སོང་ཞིག་དང། གལ་ཏེ་ན་ཁྱེད་ཀྱི་འཚོ་བའི་ཐབས་ཅུང་ཟད་སྦྱིན་ཡང་ སྲིད་དོ༑ ༑ཞེས་བྱས་སོ། །དེ་ནས་ཕུ་བོ་ཤོས་ཕ་ཚོལ་དུ་སོང་བ་ལས། དེ་ལམ་ནས་ལམ་དུ་འཁོར་འཁོར་ཏེ་མཐར་གྱིས་ཕའི་དྲུང་དུ་ཕྱིན་ནས་ཕས་བཞིན་གྱི་གཟུགས་ལས་ངོ་ཤེས་ནས་སྐད་ ཕྱུང་སྟེ་སྨྲས་པ། ཁྱོད་ག་ལས་འོངས། དགར་འགྲོ་ཞེས་བྱས་ནས་དེས་རྒྱས་པར་བསྙད་དོ། །དེ་ནས་ཕས་བསམ་པ། འདི་ནི། བདག་གི་བུ་དེ་ཁོ་ན་ཡིན་ནོ། །སྙམ་ ནས་དེས་དེ་བདག་གི་ཐད་དུ་བཞག་ནས་བསྒོ་བ། བུ། ཁྱོད་ཀྱིས་སུ་ལ་ཡང་བདག་གི་ཕ་ཡིན་ཞེས་མ་ཟེར་ཅིག་ཅེས་བྱས་ནས་དེ་དེ་ལ་བྱམས་པར་གྱུར་ཏོ། །དེ་ནས་བུ་གཞན་རྣམས་ [147A]༄༅། །ཀྱིས་ཡབ། ཁྱེའུ་འདི་སུའི་ལགས། ཕས་སྨྲས་པ། ངའི་མཛའ་བོའི་བུ་ཡིན་ནོ། །དེ་ནས་དེ་དག་གིས་བསམ་པ། འདི་ལྟར་འདི་ལ་ཤིན་ཏུ་བྱམས་ པ་ལས་ན། འདི་ཉིད་ཀྱི་བུ་ཡིན་གོར་མ་ཆག་སྙམ་མོ། །དེ་ནས་དེ་དག་གཅིག་ལ་གཅིག་སྨྲས་ཏེ། འདི་ནི། བདག་ཅག་གི་ཕུ་བོ་ཡིན་ནོ་།ཞེས་ཟེར་རོ། །དེ་ནས་ཕས་བསམ་པ་ དགྲའི་ནང་ན་ནི། འདི་ལྟ་སྟེ། མས་དབྱེན་འདི་མ་རུངས་པ་ཡིན་ཏེ་འདི་གསད་དུ་འོང་གི། ཕྱིར་གཏང་ངོ། །དེ་ལྟ་མོད་ཀྱི། གལ་ཏེ་བདག་གིས་ཅུང་ཟད་ཅིག་འདི་ལ་ བྱིན་ན་ཡང་ལྷོད་པ་ཅན་ཡིན་པའི་ཕྱིར་ལམ་དུ་གསད་དུ་འོང་ན་མ་ལ་བདག་གིས་འདི་ཕྱིར་གཏང་ངོ་སྙམ་ནས་ཡི་གེ་ཞིག་བྲིས་ཏེ་བྱིན་པ། གནས་ནས་ཤར་ཕྱོགས་ལོགས་ སུ་དཔག་ཚད་གཅིག་ཙམ་ན། གྲོང་ནས་གྲོང་དུ་མགྱོགས་ཀྱི་རྣ་བའི་ཤིང་གི་དྲུང། །དེར་ནི་ཐབས་མཁས་བག་དང་ལྡན་པས་བརྐོས་ནས་ཀྱང། །བདག་དང་ནོར་སྐལ་ གཅིག་པ་ཁྱོད་ཀྱིས་གསོ་བར་གྱིས། །མགུལ་ན་འདུག་པ་གང་ཡིན་དེ་ནི་གདུ་བུར་བྱིན། །ཞེས་ཟེར་བ་ཞིག་ཡི་གེར་བྲིས་ནས་བྱིན་ཏེ། དེས་ཡི་གེ་དེ་ཁྱེར་ཏེ་ཆས་ནས་ སོང་བ་ལས་ནུ་བོ་རྣམས་ཀྱིས་ལམ་དུ་བཟུང་སྟེ་ཕ་ལས་ཁྱོད་ཀྱིས་ཅི་ཐོབ་ཅེས་བྱས་སོ། །དེས་སྨྲས་པ། ཅི་ཡང་མ་ཐོབ་སྟེ་ཡི་གེ་འདི་བྱིན་པར་ཟད་དོ། །ཞེས་བྱས་སོ།། [147B] འདི་ནི། ཕས་བྲིད་པ་ལྟ་སྟེ། སོང་ཞིག་ཅེས་བྱས་ནས་དེ་བཏང་སྟེ་མཐར་གྱིས་རང་གི་ཁྱིམ་དུ་ཕྱིན་ནས་རེ་ཞིག་ངལ་བསོ་ཞིང་འདུག་འདུག་ནས་མས་སྨྲས་པ་ ཁྱོད་ཀྱིས་ཕ་ལས་ཅི་ཐོབ། བུས་སྨྲས་པ། ཅི་ཡང་མ་ཐོབ་མོད་ཀྱི། ཡི་གེ་འདི་ལྟ་བུ་ཞིག་ཐོབ་བོ། །མས་སྨྲས་པ། བུ། ཁྱོད་པས་བྲིད་དེ་ལམ་གྱི་ཚེགས་བྱུང་བ་ཁོ་ནར་ཟད་ཀྱི་ ཅི་ཡང་མ་གྲུབ་བོ། །བུས་སྨྲས་པ། ཡུམ། དེ་ནི། ཆེ་བ་ཡིན་ཏེ་བདག་འདྲིད་པར་མི་བྱེད་དོ། །ཞེས་བྱས་ནས་དེ་ཡི་གེ་དེ་དཔྱོད་པ་ལ་ཞུགས་ཏེ། གྲོང་ནས་ཞེས་བྱ་བ་ནི། གང་ དུ་སྐྱེས་པ་དེ་ཡིན་ཏེ། དེ་ནི། འདིར་གྲོང་ཞེས་བསྟན་ཏོ། །གྲོང་དུ་ཞེས་བྱ་བ་ནི། གང་དུ་ཕྱུང་སྟེ་བསྲེག་པའི་ས་ཡིན་ནོ། །མགྱོགས་ཀྱི་རྣ་བའི་ཤིང་གི་དྲུང་ཞེས་བྱ་བ་ལ། མགྱོགས་ ཞེས་བྱ་བ་ནི། རྟ་ཡིན་ཏེ། དེའི་རྣ་བའི་ཤིང་ཞེས་བྱ་བ་ནི་རྟ་རྣ་ཞེས་བྱ་སྟེ། ཤིང་རྟ་རྣའི་དྲུང་ལ་བྱའོ། །གནས་ནས་ཤར་ཕྱོགས་ལོགས་སུ་ཞེས་བྱ་བ་ནི། ཤར་ཕྱོགས་ཡིན་ ནོ། །དཔག་ཚད་གཅིག་ཙམ་ན་ཞེས་བྱ་བ་དེ་ནི། འདིར་དཔག་ཚད་གཅིག་ཁོ་ན་ལ་བྱའོ། །དེས་ཚིགས་སུ་བཅད་པ་དེ་ལྟ་བུར་དཔྱད་ནས་མཚན་མོ་མི་མི་རྒྱུ་བའི་ཚེ་དུར་ཁྲོད་དུ་ སོང་ནས་དེའི་འདབ་ན་རྟ་རྣ་ཞེས་བྱ་བའི་ཤིང་ཞིག་འདུག་སྟེ་དེས་དེའི་ཤར་ཕྱོགས་ལོགས་སུ་བཙལ་ཏེ་གཉའ་ཤིང་གང་ཙམ་ཚུན་ཆད་དུ་བརྐོས་པ་དང། རེ་ཞིག་ན་གསེར་ [148A]༄༅། །གྱི་བུམ་པ་མགྲིན་པ་མུ་ཏིག་གི་ཕྲེང་བས་བཅིངས་པ་ཞིག་མཐོང་ནས་དེ་དགའ་ཆེས་ཏེ་དེ་བླངས་ནས་ཁྱིམ་དུ་སང་སྟེ་མུ་ཏིག་གི་ཕྲེང་བ་བཀྲོལ་ནས་མ་ གདུ་བུ་ལ་བྱིན་ནོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་དེའི་བུར་གྱུར་བ་གང་ཡིན་པ་དེ་ནི། འཚོ་བྱེད་ འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདིས་ངའི་དགོངས་ཏེ་གསུངས་པ་རྟོགས་སོ། །ད་ལྟར་ཡང་འདིས་ངའི་དགོངས་ཏེ་གསུངས་པ་རྟོགས་སོ་།དེ་ནས་འཚོ་བྱེད་ཀྱིས་བསམ་ པ༑ བཅོམ་ལྡན་འདས་ནི། རྡོ་རྗེ་ལྟ་བུའི་སྐུ་མངའ་ལ། སྐུ་ཚེ་བས་ན་སྨན་མར་ཉུང་དུས་འདི་གསོ་བར་མི་ནུས་སྙམ་སྟེ། དེས་བརྟགས་ནས་སྨན་མར་སྲང་སུམ་ཅུ་རྩ་ གཉིས་སྲང་ལ་བཅལ་ཏེ་བཅོམ་ལྡན་འདས་ཀྱི་སྐུར་གསོལ་ཏེ། ལྷུང་བཟེད་ཀྱི་ལྷག་མ་ནི། དགེ་སློང་རྣམས་ལ་བསྟབས་པ་ལས་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་ཀྱི་ལྷག་ མ་འོ་སྙམ་ནས་དགེ་སློང་རྣམས་ཀྱིས་བཏུད་ཅིང་བཏུང་ངོ། །དེ་ནས་ལྷས་བྱིན་གྱིས་བསམ་པ། བདག་གིས་ཀྱང་སྨན་མར་བཏུང་ངོ་སྙམ་ནས་དེས་འཚོ་བྱེད་ལ་དྲིས་པ་ འཚོ་བྱེད། དགེ་སྦྱོང་གོའུ་ཏ་མས་སྨན་མར་ཇི་ཙམ་ཞིག་འཐུངས་འཚོ་བྱེད་ཀྱིས་སྨྲས་པ། སྲང་སུམ་ཅུ་རྩ་གཉིས་གསོལ་ཏོ། །ལྷས་བྱིན་གྱིས་སྨྲས་པ། ངས་ཀྱང་ [148B] །འཚོ་བྱེད་ཀྱིས་སྨྲས་པ། བཅོམ་ལྡན་འདས་ནི། རྡོ་རྗེ་ལྟ་བུའི་སྐུ་མངའ་ལ། སྐུ་ཆེ་བས་ན་སྨན་མར་དེ་སྙེད་གསོལ་པ་དང་འཇུ་བར་སྤྱོད་ཀྱི། ཁྱོད་ ཀྱིས་ནི། འཇུ་བར་མི་ནུས་སོ། །ལྷས་བྱིན་གྱིས་སྨྲས་པ། ང་ཡང་རྡོ་རྗེ་ལྟ་བུའི་ལུས་ཅན་ཡིན་ན། ཅིའི་ཕྱིར་འཇུ་བར་མི་ནུས་ཞེས་བྱས་ནས་དེས་ཀྱང་སྲང་སུམ་ཅུ་རྩ་གཉིས་ འཐུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ནི། ཞུ་བར་གྱུར། ལྷས་བྱིན་གྱིས་ནི། མ་ཞུ་བར་གྱུར་ཏོ། །དེ་ནས་ཕྱི་ཉིན་ཡང་འཚོ་བྱེད་ཀྱིས་བཅོམ་ལྡན་འདས་ལ་སྨན་མར་ འབྲས་ཆན་གྱི་ཁུ་བ་དང་སྦྱར་བ་གསོལ་ཏོ། །ལྷས་བྱིན་གྱིས་ཀྱང་བཅོམ་ལྡན་འདས་ཀྱིས་གསོལ་བས་ང་རྒྱལ་གྱི་དབང་གིས་མ་ཞུ་བཞིན་དུ་སྨན་མར་འབྲས་ཆན་གྱི་ཁུ་བ་དང་ སྦྱར་ཏེ་འཐུངས་པས་ཟུག་གཟེར་གྱིས་བཏབ་སྟེ་གནད་ལ་བབ་པའི་ན་ཚས་ཐེབས་ནས་གཞི་དེས་སྡུག་བསྔལ་དྲག་པ་དང། མི་བཟད་པ་དང། ཚ་བ་དང། ཡིད་དུ་མི་འོང་བའི་ཚོར་ བ་མྱོང་ནས་ཉིན་མཚན་དུ་གཉིད་ཀྱང་མི་ལོག་པར་གྱུར་ཏོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ནི། ཕུ་ནུ་བོ་ལ་བྱམས་ཏེ། དེས་གཏམ་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་ཕྱག་གླང་པོ་ཆེའི་སྣ་ལྟ་བུ། འཁོར་ལོ་དང་བཀྲ་ཤིས་དང་གཡུང་དྲུང་རིས་དང་ལྡན་པ། བསོད་ནམས་བརྒྱ་ཕྲག་དུ་མ་ལས་བྱུང་བ། འཇིགས་པ་ཐམས་ [149A]༄༅། །ཅད་དབུགས་འབྱིན་པར་བྱེད་པའི་ཕྱག་བརྐྱང་སྟེ་བྱ་རྒོད་ཀྱི་ཕུང་པོའི་ལས་ཐལ་ནས་ལྷས་བྱིན་གྱི་མགོ་ལ་བཞག་སྟེ་བདེན་པ་བསྐུལ་བ་མཛད་པ་ བདེན་པ་གང་གིས་ངའི་བུ་གཅིག་པ་སྒྲ་ཅན་ཟིན་བཟང་པོ་སྡུག་གུ་ལ་ཇི་ལྟ་བ་བཞིན་དུ་སེམས་ལྷག་ཆད་མེད་པར་ལྷས་བྱིན་ལ་ཡང་དེ་ཁོ་ན་བཞིན་དུ་སེམས་ན། བདེན་པ་ དེས་འདིའི་ནད་ཞི་བར་གྱུར་ཅིག་ཅེས་གསུངས་ནས་བདེན་པ་བསྐུལ་བ་དེ་ཁོ་ནའི་མོད་ལ་ལྷས་བྱིན་གྱི་ནད་ཞི་བར་གྱུར་ཏེ། སྲོག་ཡལ་བ་ལས་ཕྱིར་ཐོབ་པར་གྱུར་ཏོ། ། དེ་ནས་དེས་བཅོམ་ལྡན་འདས་ཀྱི་ཕྱག་མཐོང་ནས་ངོ་ཤེས་ཏེ། དེས་བསམ་པ། འདི་ནི། དགེ་སྦྱོང་གོའུ་ཏ་མའི་ལག་པ་ཡིན་ནོ་སྙམ་ནས་དེ་ཡུན་རིང་པོ་ནས་སེམས་ ཀྱི་རྒྱུད་གཡོ་སྒྱུས་བསྒྲུབས་པའི་རྒྱགས་པས་གོས་ཤིང་དབང་དུ་བྱས་པས་ན། དེ་ལྟར་སངས་རྒྱས་ཀྱི་ཆེ་བ་ཉིད་ཀྱིས་ནད་ཞི་བར་བྱས་ཀྱང་འདི་སྐད་དུ་དོན་གྲུབ། ཁྱོད་ ཀྱིས་སྨན་དཔྱད་ལེགས་པར་ལོབས་ཏེ། འདིས་ནི། ཁྱོད་འཚོ་བ་རྙེད་པར་ནུས་སོ། །ཞེས་ཟེར་རོ། །དེ་ནས་འཁོར་ན་འཁོད་པ་རྣམས་ཀྱིས་སྒྲ་བསྒྲགས་པ། ལྷས་བྱིན་ ནད་ཚབས་ཆེན་པོས་གཟིར་ཏེ་སྲོག་ཡལ་བ་ལས་བཅོམ་ལྡན་འདས་ཀྱིས་བདེན་པ་བསྐུལ་བས་སོས་པར་མཛད་དོ། །ཞེས་འཇོར་ཏོ། །ལྷས་བྱིན་གྱི་ཕྱོགས་སུ་ཤིན་ཏུ་ [149B]མཚར་ཆེ་བ་བརྗོད་དེ། ཀྱེ་མ་འདིའི་བྱམས་པ་ནི། ཡང་དག་པར་ཕུན་སུམ་ཚོགས་པར་གྱུར་ཏོ། །ཀྱེ་མ་སེམས་ཅན་ རྣམས་ལ་སྙིང་རྗེ་བསྒོམས་སོ། །ཞེས་འཛེར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་ལྷས་བྱིན་ལ་སྨྲས་པ། ལྷས་བྱིན། ཁྱོད་ནི། བཅོམ་ལྡན་འདས་ཀྱིས་སོས་པར་མཛད་དོ། །གྱི་ ན་ནི། སྲོག་དང་བྲལ་ཟིན་ཏོ། །ལྷས་བྱིན་གྱིས་སྨྲས་པ། འདི་ནི་ཡིད་སྒྱུ་བར་བྱེད་པའི་སྒྱུ་ཤེས་ཏེ། དེས་ན་འཇིག་རྟེན་ཐམས་ཅད་ཞི་བར་བྱེད་དོ། །དེ་ནས་དེ་དག་འདི་ནི། དྲིན་ དུ་མི་གཟོ་བ་དང། བྱས་པ་མི་ཚོར་བ་ཞིག་གོ་སྙམ་སྟེ་དོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་ བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། ལྷས་བྱིན་དྲིན་དུ་མི་གཟོ་བ་དང། བྱས་པ་མི་ཚོར་བ་དང། བྱས་པ་ཆུད་གཟོན་པ་ལ་གཟིགས་བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། །ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདི་ཇི་ལྟར་དྲིན་དུ་མི་གཟོ་བ་དང། བྱས་པ་མི་ཚོར་བ་དང། བྱས་པ་ཆུད་གཟོན་པར་གྱུར་པ་དེ་ཉོན་ཅིག་དགེ་ སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ཡུལ་བི་དེ་ཧ་ཞེས་བྱ་བ་ན་རྒྱལ་པོ་དབང་ཆེན་སྡེ་རྒྱལ་པོ་བྱེད་དེ། དེའི་ཚེ་ན་ནགས་ཁུང་དགོན་པ་ཞིག་ན་ཁྲོན་པ་ཞིག་ཡོད་དོ། །ཁྲོན་པ་ [150A]༄༅། །དེའི་ནང་དུ་སྲོག་ཆགས་ལྔ་ལྷུང་སྟེ། མི་དང། སེངྒེ་དང། སྤྲུལ་དང། བྱི་བ་དང། བྱ་ཁྲ་རྣམས་སོ། །རྔོན་པ་ཞིག་ཀྱང་ནགས་ཁུང་དགོན་པ་དེ་ན་ རི་དྭགས་བཤོར་ཞིང་འདུག་པ་ལས། སྐོམ་གྱིས་གདུངས་ནས་ཁྲོན་པ་དེའི་དྲུང་དུ་སོང་སྟེ། དེས་ཁྲོན་པ་དེའི་ནང་དུ་བལྟས་ན། མི་དེས་མཐོང་མ་ཐག་ཏུ་ཁུས་བཏབ་སྟེ། ཀྱེ་ གྲོགས་པོ། བདག་ཅག་གི་སྐྱབས་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྔོན་པ་དེ་ཡང་དེ་དག་ལ་སྙིང་རྗེ་སྐྱེས་ནས་གལ་ཏེ་བདག་གིས་འདི་རྣམས་མ་ ཕྱུང་ན་ནི། འདི་དག་ཐམས་ཅད་གྱི་ན་ལ་འཆི་བར་འགྱུར་རོ་སྙམ་ནས་དེས་ཐག་པ་ཁྱེར་ཏེ་འོངས་ནས་དེ་དག་ཐམས་ཅད་ཁྲོན་པ་དེའི་ནང་ནས་བཏོན་ཏོ། །དེ་ནས་ཕྱི་ ཞིག་ན་རྔོན་པ་དེ་རི་དྭགས་བཤོར་ཞིང་ནགས་ཁུང་དུ་སོང་བ་ལས། རི་དྭགས་ཀྱི་རྒྱལ་པོ་སེངྒེ་དེས་མཐོང་ནས་སེངྒེས་རྔོན་པ་ལ་སྨྲས་པ། གྲོགས་པོ། ཁྱོད་ཅིའི་ཕྱིར་ ནགས་ཁུང་འདི་ན་རྒྱུ་ཞིང་འདུག་རྔོན་པས་སྨྲས་པ། རི་དྭགས་བཤོར་བའི་ཕྱིར་བདག་འདི་ན་རྒྱུ་ཞིང་འདུག་སྟེ། བདག་གི་འཚོ་བ་འདི་ཡིན་ནོ། །སེངྒེ་ས་སྨྲས་པ། གྲོགས་ པོ༑ ཁྱོད་ཉོན་མོངས་པར་མ་བྱེད། ངས་ཁྱོད་ལ་དྲིན་ལན་གླན་པར་བྱ་སྟེ། ཁྱོད་འདི་ན་འདུག་ན་ཉིན་གཅིག་བཞིན་དུ་རི་དྭགས་བཟང་ངོ་ཅོག་བསད་དེ་ཤ་ཇི་སྙེད་དགོས་པ་དེ་ [150B] །ཞེས་སྨྲས་ནས་རི་དྭགས་ཀྱི་རྒྱལ་པོ་སེངྒེ་སོང་སྟེ། དེས་ཉིན་གཅིག་བཞིན་དུ་རི་དྭགས་བཟང་ངོ་ཅོག་བསད་ནས་དེ་ལ་ཤ་མང་པོ་བྱིན་ནོ། །དེ་ནས་ཕྱི་ཞིག་ན་རྔོན་ པ་དེས་ཤ་ཁུར་གྱིས་བསྐྱས་ཏེ་རང་གི་ཁྱིམ་དུ་འགྲོ་བ་ན་དེ་བྱ་ཁྲ་དེས་མཐོང་ནས་ངོ་ཤེས་ཏེ་བྱ་ཁྲ་དེས་རྔོན་པ་དེ་ལ་སྨྲས་པ། གྲོགས་པོ། ཁྱོད་དཀའ་བས་འཚོ་བ་འདི་ལྟ་བུ་ ཞིག་གིས་འཚོ་ཞིང་འདུག་གམ། རྔོན་པས་སྨྲས་པ། བདག་གི་འཚོ་བ་ནི། འདི་ཡིན་ཏེ། ཐབས་འདིས་བདག་འཚོ་བ་ཚོལ་ལོ། །དེ་ནས་ཁྲ་དེས་བསམ་པ། མི་འདིས་སྔོན་བདག་ གི་སྲོག་ཕྱུང་བས་ན་འདི་ལ་བདག་གིས་དྲིན་ལན་བསབ་དགོས་སོ་སྙམ་ནས་དེས་སྨྲས་པ། གྲོགས་པོ། ཁྱོད་འདིར་འདུག་ཅིག་དང། བདག་གིས་ཁྱོད་ཀྱི་དབུལ་བ་གཅད་ པར་བྱའོ། །ཞེས་བྱས་ནས་སོང་ངོ། །དེ་ནས་ཁྲ་དེ་རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་ནས་བདག་གིས་འདིར་ཅི་ཞིག་རྙེད་པར་འགྱུར་ཞིག་གུ་བདག་གིས་དེ་ཁྱེར་ནས་མི་དེ་ལ་སྦྱིན་ པར་བྱའོ་སྙམ་སྟེ་སྟེང་གི་ནམ་མཁའ་ལ་ལྡིང་བཞིན་དུ་བལྟས་ན། དེའི་ཚེ་རྒྱལ་པོའི་ཕོ་བྲང་དེ་ན་རྒྱལ་པོ་དབང་ཆེན་སྡེའི་བཙུན་མོ་དམ་པས་རྒྱན་ཐམས་ཅད་བཀྲོལ་ནས་གབ་ ཚེའི་ནང་དུ་བཞག་ནས་སྐྲ་འཁྲུ་བ་ལས། ཁྲས་རྒྱན་རྣམས་ཁྱེར་ནས་མི་དེ་ལ་བྱིན་ཏེ། དེས་དེ་ཁྱེར་ཏེ་རང་གི་ཁྱིམ་དུ་ཆས་པ་ལས། དེ་མི་དེས་མཐོང་ནས་ངོ་ཤེས་ཏེ་དྲིས་པ། གྲོགས་པོ་ [151A]༄༅། །ཁྱོད་ཀྱིས་འདི་ག་ལས་རྙེད། རྔོན་པས་དེ་ལ་སྨྲས་པ་ཁྲས་བདག་ལ་བྱིན་ནོ། །ཞེས་བྱས་ནས་རྔོན་པ་དེ་རང་གི་ཁྱིམ་དུ་སོང་ངོ། །དེ་ནས་རྒྱལ་པོ་དབང་ ཆེན་སྡེས་བྱ་བ་ཐམས་ཅད་ལ་བསྒོ་བ། ཁྱེད་དེངས་ལ་བྱ་ཚང་ཐམས་ཅད་དུ་སོང་སྟེ་རྒྱན་དེ་དག་ཁྱེར་ཏེ་ཤོག་ཅིག་ཅེས་བྱས་སོ་།མི་སྔ་མ་དེས་ཀྱང་ཚོར་ནས་བསམ་པ་ འདིས་བདག་ལན་གཉིས་ཁྲོན་པར་ལྷུང་བ་ལས་ཕྱུང་ན་མི་རུང་གི་།བདག་རྒྱལ་པོའི་ཐད་དུ་སོང་ལ་གསོལ་བར་བྱའོ། །འོན་ཏང་དེས་བདག་ལ་བྱ་དགའ་སྦྱིན་པར་ འགྱུར་རོ་སྙམ་ནས་མི་དེ་སོང་སྟེ་རྒྱལ་པོ་ལ་གསོལ་པ། རྔོན་པ་ཆེ་གེ་མོ་ཞིག་གིས་ལྷའི་རྒྱན་རྣམས་ཁྱེར་རོ། །ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དེ་ལ་བྱ་ དགའ་ཆེན་པོ་བྱིན་ནོ། །དེ་ནས་རྔོན་པ་དེ་བཀུག་སྟེ་རྒྱན་རྣམས་ཀྱང་འཕྲོག་ནས་ཁྲི་མོན་དུ་བཅུག་གོ་དེ་ཁྲི་མོན་ན་འདུག་པ་ནི་བྱི་བ་དེས་མཐོང་ནས་ངོ་ཤེས་ཏེ་ དེས་བསམ་པ། མི་གང་གིས་བདག་གི་སྲོག་ཕྱུང་བ་དེ་ནི། འདི་ཡིན་གྱི། འདི་ལ་བདག་གིས་དྲིན་ལན་བསབ་པར་བྱའོ་སྙམ་ནས་དེས་སྨྲས་པ། གྲོགས་པོ། ཁྱོད་ཅི་ ཉེས་ཏེ་ཁྲི་མོན་འདིར་བཅུག་དེ་ནས་དེས་དེ་ལ་ཐམས་ཅད་རྒྱས་པར་བསྙད་དོ། །དེ་ནས་བྱི་བ་དེས་སྨྲས་པ། གྲོགས་པོ། ཁྱོད་བརྟན་པོར་མཛོད་ལ་སྤྲོ་བ་ཆེན་པོ་སྐྱེད་ཅིག་ [151B] ངས་ཁྱོད་འདི་ན་འདུག་པའི་ཚེ་ཟས་དང་སྐོམ་གྱིས་མདོ་མི་གཟུང་བར་བྱའོ། །ཞེས་བྱས་ནས་བྱི་བ་དེས་མི་དེ་ཁྲི་མོན་ན་འདུག་པ་དེ་ལ་ཟས་དང་སྐོམ་གྱིས་མདོ་མི་གཟུང་བར་ བྱས་སོ། །དེ་ནས་ཕྱི་ཞིག་ན་མི་དེ་ཁྲི་མོན་ན་འདུག་བཞིན་དུ་སྤྲུལ་གདུག་པ་དེས་སྲོག་གཅིག་ཏུ་བྱས་ཏེ་འདི་ལ་ངས་དྲིན་ལན་གླན་པར་བྱའོ་སྙམ་དུ་བསམ་ནས་མི་དེ་ལ་སྨྲས་པ་ ཀྱེ་མི་ཁྱོད་ངས་ཁྲི་མོན་འདི་ནས་ཐར་པར་བྱས་ཏེ་དབང་ཕྱུག་གི་བདག་པོ་ཆེན་པོ་ལ་གཞག་པར་བྱའོ། །ཞེས་བྱས་ནས་ངས་རྒྱལ་པོ་འདི་དུག་གིས་ཟིན་པར་བྱས་ལ། དེ་བདག་ གི་དུག་གིས་ཅི་བྱ་གཏོལ་མེད་པར་གྱུར་པ་དང། དེའི་ཚེ་ཁྱོད་ཁྲི་མོན་ན་འདུག་པས་རྒྱལ་པོ་གཞན་སུས་ཀྱང་སོས་པར་བྱེད་མི་ནུས་ཏེ་ང་འབའ་ཞིག་གིས་གསོ་ནུས་སོ། ། ཞེས་གྱིས་ཤིག་དེ་ནས་རྒྱལ་པོ་དེས་ཁྱོད་བཀུག་པ་དང། ཁྱོད་དེར་སོང་ལ་བ་ལང་གི་ལྕི་བས་དཀྱིལ་འཁོར་གྱིས་ལ་མེ་སྦར་ཏེ་སྔགས་འདི་བཟླས་བརྗོད་གྱིས་ཤིག་དང། ཁྱོད་ ཀྱི་སྒྲ་ཐོས་པས་ང་འོང་གི་ཁྱོད་ཀྱིས་ང་འོངས་པ་དང་འདི་སྐད་དུ་ཡང་ན་མེར་མཆོངས་ཤིག་ཡང་ན་ནི། རྒྱལ་པོའི་དུག་མེད་པར་གྱིས་ཤིག་ཅེས་བྱོས་ཤིག་དང། ངས་ཁྱོད་ ལ་འདི་སྐད་དུ་བདག་ནི། མེའི་ནང་དུ་མཆོད་པར་བྱའི། རྒྱལ་པོའི་དུག་ནི། མེད་པར་མི་བྱའོ། །ཞེས་བྱའོ། །དེ་ནས་ཁྱོད་ཀྱིས་ང་ལ་འདི་སྐད་དུ་ཁྱོད་ཀྱིས་སྲོག་བོར་དུ་ཟིན་ཀྱང་ངས་ [152A]༄༅། །རྒྱལ་པོའི་སྲོག་མི་གཏོང་གི་ཁྱོད་ཀྱིས་རྒྱལ་པོ་འདི་དུག་མེད་པར་མི་བྱར་མི་རུང་ངོ། །ཞེས་གྱིས་ཤིག་དང། ངས་ཁྱོད་ཀྱི་ཚིག་གིས་རྒྱལ་པོའི་དུག་མོང་ བར་བྱའོ། །འོན་ཏང་དེའི་ཚེ་རྒྱལ་པོ་ཁྱོད་ལ་མཉེས་པར་གྱུར་ནས་ཁྲི་མོན་ནས་བཏང་སྟེ་ནོར་གྱི་ཕུང་པོ་ཆེན་པོ་སྦྱིན་པར་འགྱུར་རོ། །ཞེས་བྱས་ནས་སྤྲུལ་གདུག་པ་སྟེ་སོང་སྟེ་ རྒྱལ་པོ་དེ་དུག་གིས་ཟིན་ནས་རྒྱལ་པོ་དེ་ཅི་བྱ་གཏོལ་མེད་པར་གྱུར་ནས་རྔོན་པ་དེས་བཙོན་སྲུང་རྣམས་ལ་སྨྲས་པ། རྒྱལ་པོ་འདི་སུས་ཀྱང་དུག་མེད་པར་བྱེད་མི་ནུས་ཏེ་ ངས་འདིའི་དུག་མེད་པར་བྱེད་ནུས་སོ། །ཞེས་བྱས་སོ། །དེ་ནས་བཙོན་སྲུང་རྣམས་ཀྱིས་རྒྱལ་པོ་ལ་གསོལ་ཏོ། །དེ་ནས་རྒྱལ་པོས་མི་དེ་བཀུག་ནས་སྨྲས་པ། ཀྱེ༑ གལ་ཏེ་མི་ ཁྱོད་ཀྱིས་ངའི་སྲོག་གི་སྐྱབས་བྱེད་ནུས་པར་གྱུར་ན། ངས་ཁྱོད་ལ་ནོར་གྱི་ཕུང་པོ་ཆེན་པོ་སྦྱིན་ནོ། །ཞེས་བྱས་སོ། །དེ་ནས་མི་དེས་སྨྲས་པ། ལྷ༑ བརྟན་པོར་མཛོད་ལ་སྤྲོ་ བ་ཆེན་པོ་སྐྱེད་ཅིག་དང། བདག་མཆིས་བཞིན་དུ་ཁྱོད་གྲོངས་པར་མི་འགྱུར་རོ། །ཞེས་བྱས་ནས་མི་དེས་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ནས་མེ་སྦར་ཏེ་སྔགས་ བརྗོད་དོ། །དེ་ནས་དེ་ཐོས་ནས་སྤྲུལ་གདུག་པ་དེ་དཀྱིལ་འཁོར་གྱི་དྲུང་དུ་འོངས་ཏེ་འདུག་གོ། །དེ་ནས་མི་དེས་སྨྲས་པ། ཁྱོད་འདི་ན་འདུག་པ་དོན་གཉིས་ཤིག་བྱ་དགོས་ [152B] ཡང་ན་ནི། རྒྱལ་པོ་དེ་དུག་མེད་པར་གྱིས་ཤིག་ཡང་ན་ནི། མེའི་ནང་དུ་མཆོངས་ཤིག་ཅེས་བྱས་སོ། །དེ་ནས་སྤྲུལ་གདུག་པས་སྨྲས་པ། བདག་འདི་ན་འདུག་པས་དོན་ གཉིས་བྱ་དགོས་པ་ལ། ཡང་ན་བདག་ཉིད་གཏང་བར་བྱ་དགོས། ཡང་ན་རྒྱལ་པོ་གསད་དགོས་སོ། །ཞེས་ནས་སྤྲུལ་གདུག་པ་དེ་མངོན་དུ་ཕྱོགས་ཤིང་འདུག་པ་ལས་མི་དེས་ བཟློག་སྟེ་སྨྲས་པ། ཁྱོད་ཀྱིས་སྲོག་བོར་དུ་ཟིན་ཀྱང་ངས་རྒྱལ་པོའི་སྲོག་མི་གཏོང་གི་ཁྱོད་ཀྱིས་རྒྱལ་པོ་འདིའི་དུག་མེད་པར་མི་བྱར་མི་རུང་ངོ། །ཞེས་བྱས་སོ། །དེ་ནས་དེ་ཐོས་ མ་ཐག་ཏུ་སྤྲུལ་གདུག་པ་དེས་རྒྱལ་པོའི་དུག་མེད་པར་བྱས་སོ། །དེ་ནས་རྒྱལ་པོ་མཉེས་པར་གྱུར་ནས་རྔོན་པ་དེ་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ཏེ་བཏང་ངོ། །དགེ་སློང་དག་ཇི་སྙམ་དུ་ སེམས་དེའི་ཚེ་རྔོན་པར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་ནི། དེ་ཉིད་ཡིན་ནོ། །དེའི་ཚེ་མིའི་རྒྱལ་པོ་ལ་གསོལ་པ་གང་ཡིན་པ་དེ་ནི། ལྷས་བྱིན་འདི་ཁོ་ན་ཡིན་ཏེ། དེའི་ ཚེ་ཡང་འདི་དྲིན་མི་གཟོ་བ་དང། བྱས་པ་མི་ཚོར་བ་དང། བྱས་པ་ཆུད་གཟོན་པར་གྱུར་ཏོ།། །།ལས་བརྒྱ་ཐམ་པ། བམ་པོ་སུམ་ཅུ་ལྔ་པ། རྨོས་པ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་ པ་ན་བཞུགས་ཏེ། དེའི་ཚེ་ཡུལ་ཤུར་པ་ར་ཀ་ན་ཁྱིམ་བདག་ཅིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ [153A]༄༅། །པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ། བཅུ་ལོན་པ་དང། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ བཅས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་མིང་རྨོས་པ་ཞེས་བཏགས་སོ། །དེ་ནས་ཁྱེའུ་རྨོས་པ་འོ་མ་དང། ཞོ་དང། མར་དང་ཞུན་མར་དང། མར་གྱི་སྙིང་ཁུས་ སྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང། ཁོང་རྩིས་དང། ཤོང་དགོད་པ་དང། ལག་རྩིས་དང་དབྱུང་བ་དང། སྦ་བ་དང། དགྲམ་ པ་དང། གོས་བརྟག་པ་དང། ནོར་བུ་བརྟག་པ་དང། རིན་པོ་ཆེ་བརྟག་པ་དང། སྤོས་བརྟག་པ་དང། སྨན་བརྟག་པ་དང། གླང་པོ་ཆེ་བརྟག་པ་དང། རྟ་བརྟག་ པ་དང། གོ་མཚོན་བརྟགས་པ་བསླབས་ཏེ་ཡི་གེ་མཁས་པ་དང། ཀློག་མཁས་པ་དང། མཛངས་པ་དང། བྱ་བ་ལ་གསལ་བ་དང། ཡིད་གཞུངས་པ་དང། བརྟག་ པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེའི་ལུས་ཤུར་བུ་ཡུངས་འབྲུ་ཙམ་ཤ་སྟག་གིས་ཁྱབ་པར་གྱུར་ཏེ། ཤུར་བུ་དེ་དག་ཀྱང་སྨིན་ཏེ་རྔོལ་ནས་དེའི་ ལུས་རྨས་ཞུ་ལུབ་ཏུ་ཡོག་པར་གྱུར་ཏོ། །དེ་ན་དེའི་ཕས་སྨན་པ་ཐམས་ཅད་དང། ཡོ་བྱད་ཐམས་ཅད་སྦྱར་ཏེ་གསོས་ཀྱང་དེ་སོས་པར་བྱེད་མ་ནུས་ནས་དེ་ཇི་ཙམ་དུ་ [153B]སྟེ་དྲི་ང་བ་འབྱུང་ངོ། །དེ་ནས་དེའི་ལུས་ཐམས་ཅད་སྤོས་སྣ་ཚོགས་ཀྱིས་བྱུགས་ཏེ་གོས་ཀྱིས་གཡོགས་ནས་གསོ་ བར་བྱེད་དོ། །དེ་ནས་དེའི་ཕུ་ནུ་རྣམས་ཀྱིས་མཐོང་ནས་མིང་སྤོས་ཏེ། ཁྱེའུ་འདིའི་ལུས་གོས་དང་རྒྱན་རྣམས་ཀྱིས་གཡོགས་ཏེ་གསོས་པས་ན། འདིའི་མིང་སྦས་པ་ཞེས་བྱའོ།། ཞེས་ཟེར་རོ། །དེ་ནས་དེ་ལ་ལ་ལས་ནི། རྨོས་པ་ཞེས་བྱ་བར་ཤེས་སོ། །ལ་ལས་ནི། སྦས་པ་ཞེས་བྱ་བར་ཤེས་སོ། །དེ་ནས་ཕྱི་ཞིག་ན་དེའི་ཕ་མ་གཉིས་ཤིའོ། །ཕ་མ་ གཉིས་ཤི་ནས་ལས་སུ་བྱ་བ་ཐམས་ཅད་ཁྱེའུ་དེས་ཚིས་བྱེད་དེ། དེ་ལས་གང་བྱེད་ཀྱང་རུང། ཞིང་ལས་བྱེད་ཀྱང་རུང། ཚོང་བྱེད་ཀྱང་རུང། གྲུའི་ལས་བྱེད་ཀྱང་རུང། དེས་ལས་ བྱས་སོ་ཅོག་འཇིག་ཅིང་འགྲུབ་པར་མི་འགྱུར་རོ། །དེ་ནས་ཁྱིམ་བདག་རྨོས་པ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་འདིར་ལས་གང་བྱེད་ཀྱང་རུང་སྟེ། ཞིང་ལས་བྱེད་ ཀྱང་རུང། ཚོང་བྱེད་ཀྱང་རུང། གྲུའི་ལས་བྱེད་ཀྱང་རུང་བདག་གིས་ལས་བྱས་སོ་ཅོག་འཇིག་ཅིང་འགྲུབ་པར་མི་འགྱུར་ན། འཇིག་རྟེན་ན་མི་འཇིག་པའི་ཆོས་གང་འཇིག་ པར་མ་འགྱུར་བ་འགའ་ལྟ་ཡོད་དམ་ཞིག་གུ་སྙམ་མོ། །དེ་ནས་ཁྱིམ་བདག་རྨོས་པ་དེའི་མཛའ་བོ་དང། གྲོགས་པོ་དང། ཕུ་ནུ་དང། རྒན་རབས་རྙིང་གི་སྔོན་གྱི་ལྷ་ཞིག་ཁྱིམ་ [154A]༄༅། །བདག་རྨོས་པའི་ཁྱིམ་གྱི་སྒོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཁྱིམ་དེ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་བྱས་ཏེ་ཁྱིམ་བདག་རྨོས་པ་ལ་འདི་སྐད་ ཅེས་སྨྲས་སོ། ཁྱིམ་བདག་ཁྱོད་ཀྱིས་འཇིག་རྟེན་ན་འཇིག་པའི་ཆོས་ཅན་གང་ཡིན་པ་དང། འཇིག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་མི་ཤེས་སམ། ཁྱིམ་བདག་ གིས་སྨྲས་པ། ལྷ། བདག་གིས་ནི། འཇིག་རྟེན་ན་འཇིག་པའི་ཆོས་ཅན་གང་ཡིན་པ་དང། འཇིག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་མི་ཤེས་ན། ལྷ། ཁྱོད་ཀྱིས་ འཇིག་རྟེན་ན་འཇིག་པའི་ཆོས་ཅན་གང་ཡིན་པ་དང། འཇིག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་ཤེས་སམ། ལྷས་སྨྲས་པ། ཁྱིམ་བདག་།ངས་ཀྱང་འཇིག་རྟེན་ ན་འཇིག་པའི་ཆོས་ཅན་གང་ཡིན་པ་དང། འཇིག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་མི་ཤེས་སོ། །ཁྱིམ་བདག་གིས་སྨྲས་པ། ལྷ། འོ་ན་འཇིག་རྟེན་ན་འཇིག་ པའི་ཆོས་ཅན་གང་ཡིན་པ་དང། འཇིག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་སུས་ཤེས། ལྷས་སྨྲས་པ། ཁྱིམ་བདག། ཤེས་པ་ཡོད་དེ། དགེ་སྦྱོང་གོའུ་ཏ་ མ་ཤཱཀྱའི་བུ། ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་བྲེགས་ཏེ་ཆོས་གོས་ཚོན་ཅན་བགོས་ནས་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དེས་བླ་ [154B]རྫོགས་པར་སངས་རྒྱས་ཏེ། བཅོམ་ལྡན་འདས་དེས་ནི། འཇིག་རྟེན་ན་འཇིག་པའི་ཆོས་ཅན་གང་ཡིན་པ་དང་ འཇིག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་མཁྱེན་ཏོ། །ཁྱིམ་བདག་གིས་སྨྲས་པ། ལྷ༑ བཅོམ་ལྡན་འདས་དེ་ད་ལྟར་ག་ལ་བཞུགས། ལྷས་སྨྲས་པ། ཁྱིམ་བདག། ཤར་ ཕྱོགས་ཀྱི་ལྗོངས་ན་ཡུལ་མཉན་དུ་ཡོད་པ་ཞེས་བྱ་བ་ཞིག་ཡོད་དེ་དེའི་ནང་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ད་ལྟར་བཅོམ་ ལྡན་འདས་དེ་བཞུགས་ཀྱི། ཁྱིམ་བདག་ཁྱོད་འདོད་ན་བཅོམ་ལྡན་འདས་ག་ལ་བ་དེར་སོང་ལ་དེར་ཕྱིན་ནས་བཅོམ་ལྡན་འདས་ལ་དོན་འདི་དྲིས་ལ་བཅོམ་ལྡན་འདས་ དེས་ཁྱོད་ལ་ཇི་སྐད་དུ་ལུང་བསྟན་པ་དེ་བཞིན་དུ་ཟུངས་ཤིག་ཅེས་སྨྲས་ནས་ལྷ་དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱིམ་བདག་རྨོས་པ་བཅོམ་ལྡན་ འདས་ལྟ་འདོད་པར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་ཡུལ་ཤུར་པར་ཀའི་ཚོང་པ་མང་པོ་དག་གིས་ཟོང་ཁྱེར་ཏེ་མཉན་དུ་ཡོད་པར་དོང་ནས་དེ་དག་དེར་དོང་བས་བཅོམ་ལྡན་ འདས་ཀྱི་བསྟན་པ་ལ་དད་པ་རྙེད་པར་གྱུར་ཏེ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་ནས་དེ་དག་ཕྱི་ཞིག་ན་ཟོང་དང་རིན་རྣམས་ཁྱེར་ཏེ་ཡུལ་ཤུར་པར་ [155A]༄༅། །ཀར་འོངས་ནས་དེ་དག་གིས་ཁྱིམ་བདག་རྨོས་པའི་མདུན་དུ་སངས་རྒྱས་དང་ཆོས་ཀྱི་བསྔགས་པ་བརྗོད་དོ། །འདི་སྐད་ཅེས་ཀྱང་སྨྲས་ཏེ། བཅོམ་ ལྡན་འདས་དེ་ནི། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་ཡིན་གྱི་དེ་བལྟ་བའི་ཕྱིར་ཁྱོད་སོང་ཞིག་དང། ངེས་ཁྱོད་ཀྱི་ལུས་དང་སེམས་ཀྱི་ནད་གསོ་བར་ འགྱུར་རོ། །དེ་ནས་དེས་ཚིག་དེ་ཐོས་ནས་ལྷག་པར་ཡང་བཅོམ་ལྡན་འདས་ཀྱི་ཐད་དུ་བལྟར་འགྲོ་བའི་སྤྲོ་བ་སྐྱེས་སོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་རྨོས་པས་ རྒྱགས་མང་པོ་ཁྱེར་ཏེ་བཞོན་པ་བཟང་པོ་ལ་ཞོན་ནས་ཡུལ་ཤུར་པར་ཀ་ནས་བར་ཞག་གིས་མཉན་དུ་ཡོད་པར་ཕྱིན་ཏེ། དེ་ཇི་སྲིད་དུ་བཞོན་དུ་རུང་བའི་ས་དེ་སྲིད་དུ་བཞོན་ པས་སོང་ནས་བཞོན་པ་ལས་བབས་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་ འཁོད་དོ། །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་རྨོས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ནི། རྣག་ཅན་གྱི་ལུས་འདིས་དམན་ པར་གྱུར་པ་ངོ་ཚ་བར་གྱུར་པས་ན། སྤང་བར་འཚལ་ལོ། །སྨད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ལུས་འདི་ནི། ནད་ལྟ་བུ་ཡིན་ནོ།། [155B] །ཟུག་རྡུ་ལྟ་བུ་ཡིན་ནོ། །ཞེས་བཀའ་སྩལ་ཏེ། བཅོམ་ལྡན་འདས་ཀྱིས་ཕུང་པོ་འདི་ཉིད་ལས་བརྩམས་ནས་དེ་ལ་དེ་དང་མཐུན་པའི་ཆོས་བསྟན་ཏེ་ དེས་ན་ཁྱིམ་བདག་རྨོས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིགས་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་བསམ་པ། གལ་ཏེ་བདག་གི་ལུས་འདི་ཁོ་ན་ལྟར་མ་གྱུར་ན། བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་ བྱུང་སྟེ་ཆུ་བོ་རྣམས་ལས་ཡང་དག་པར་རྒལ་བར་བྱ་བ་དང་སྦྱོར་བ་རྣམས་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བརྩོན་པ་དང། སྒྲུབ་པ་དང། འབད་པར་བྱ་བ་ཞིག་གུ་ སྙམ་མོ༑ ༑དེ་ལྟར་རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་ཁྱིམ་བདག་དེའི་ལུས་ལག་མཐིལ་བཞིན་དུ་རྨ་མེད་པར་གྱུར་ཏོ། །དེ་ནས་དེ་ལྷག་པར་ཡང་བཅོམ་ལྡན་འདས་ལ་ དགའ་བར་གྱུར་ཏོ། །དེ་དགའ་བར་གྱུར་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་ [156A]༄༅། །འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དགེ་སློང་ ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་ པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བ་མཉམ་ པ༑ ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ་ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་ མངོན་པར་ཤེས་པ་དང་སོ་སོ་ཡང་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་ཉེ་དབང་དང་བཅས་པའི་ ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་རྨོངས་པ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གྱོན་ཏེ་ལྷུང་བཟེད་ཐོགས་ ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་བ་ལས་བ་དྲུས་མས་བརྡུངས་ཏེ་བསད་ན་དེ་འཆི་ཁར་དབང་པོ་རྣམས་རྣམ་པར་དྭངས་ཤིང་བཞིན་གྱི་མདོག་ཡོངས་སུ་དག་སྟེ་ [156B] །དེ་ནས་དགེ་སློང་མང་པོ་སྔ་དྲོ་ཤམ་ཐབས་དང། ཆོས་གོས་གྱོན་ཏེ་ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་དོང་བ་ ལས༑ དགེ་སློང་མང་པོ་མཉན་དུ་ཡོད་པར་བསོད་སྙོམས་ལ་དོང་བ་རྣམས་ཀྱིས་ཡུལ་ཤུར་པར་ཀའི་ཁྱིམ་བདག་རྨོས་པ་ཞེས་བྱ་བ་གང་ཡིན་པ་དེ་བ་དྲུས་མས་བརྡུངས་ཏེ་ བསད་ནས་དེ་འཆི་ཁར་དབང་པོ་རྣམས་རྣམ་པར་དྭངས་ཤིང་བཞིན་གྱི་མདོག་སོངས་སུ་དག་སྟེ་པགས་པའི་མདོག་དཀར་བར་གྱུར་ཏོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་དགེ་ སློང་མང་པོ་རྣམས་མཉན་དུ་ཡོད་པར་བསོད་སྙོམས་བླངས་ཏེ་ཟན་ཟོས་ནས་ཟས་ཕྱིས་ལེན་པ་སྤངས་ཏེ་ལྷུང་བཟེད་དང་ཆོས་གོས་བཞག་ནས་བཅོམ་ལྡན་འདས་ག་ ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་དགེ་སློང་མང་པོ་རྣམས་ ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། འདི་ན་བདག་ཅག་དགེ་སློང་མང་པོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་འཚལ་ཏེ་ལྷུང་བཟེད་ཐོགས་ནས་ མཉན་དུ་ཡོང་པར་བསོད་སྙོམས་ལ་མཆིས་པ་ལས། ཡུལ་ཤུར་པར་ཀའི་ཁྱིམ་བདག་རྨོས་པ་ཞེས་བགྱི་བ་དེ་བ་དྲུས་མས་བརྡུངས་ཏེ་བཀུམ་ནས་དེ་འགུམ་ཁར་དབང་ [157A]༄༅། །པོ་རྣམས་རྣམ་པར་དྭངས་ཤིང་བཞིན་གྱི་མདོག་ཡོངས་སུ་དག་སྟེ་པགས་པའི་མདོག་དཀར་བར་གྱུར་ཏོ། །ཞེས་ཐོས་ལགས་ན། དེའི་འགྲོ་བ་ནི། གང་ ལགས། དེའི་སྐྱེ་གནས་ནི། གང་ལགས། འགྲོ་བའི་ས་ནི། གང་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་དེ་ནི། ངའི་ཆོས་ཀྱི་རྗེས་སུ་ མཐུན་པའི་ཆོས་རྟོགས་པས་ན། ནོར་དུ་གྱུར་པ་ཡིན་ནོ། །དགེ་སློང་དག་རིགས་ཀྱི་བུ་དེ་མྱ་ངན་ལས་འདས་ཀྱི། འདིའི་རུས་བུ་ལ་རུས་བུའི་མཆོད་པ་གྱིས་ཤིག་དེ་ལྟར་ བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྨོས་པ་མཆོག་ཏུ་གྱུར་པར་ལུང་བསྟན་ནས་དགེ་སློང་མང་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་མཉན་ ཉན་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་དོང་སྟེ་དེ་དག་གིས་དེའི་རུས་བུ་ལ་རུས་བུའི་མཆོད་པ་བྱས་ཏེ་རུས་བུའི་མཆོད་རྟེན་བརྩིགས་ནས་བཅོམ་ལྡན་འདས་ག་ལ་ བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཚེ་དང་ལྡན་པ་རྨོས་ པས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་བ་དྲུས་མས་བརྡུངས་ཏེ་བཀུམ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ [157B]ཡང་དེའི་སྨོན་ལམ་ལས་གྱུར་ཏེ། པུསྐ་རའི་སྔོན་གྱི་རྒྱུད་ལས་འབྱུང་བ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ།། གསོལ་པ། བཙུན་པ། ཚེ་དང་ལྡན་པ་རྨོས་པས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལགས། ལས་ ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་རྨས་ཞུ་ལུབ་ཏུ་ཡོག་པར་གྱུར་ཏེ། འདིའི་ལུས་ལས་རྣག་ཁྲག་འཛག་ཅིང། འདིའི་ལུས་ལས་དྲི་ང་བ་བྱུང་བར་གྱུར་ལ། འདིས་ བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་ པ་ཉིད་མངོན་སུམ་དུ་བགྱིས་ཏེ་རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་དེའི་ལུས་རྨ་མ་མཆིས་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདིས་ལས་དེ་དག་བྱས་ཤིང་བསགས་པས་ན། འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་ སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཆུའི་ཁམས་དང། མེའི་ཁམས་དང་ [158A]༄༅། །རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང། མི་དགེ་བ་རྣམས་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་ དང། ཁམས་དང། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་ དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་ཞིག་ རྒྱལ་པོ་བྱེད་དེ། དེའི་ཚེ་ཝཱ་ར་ཎཱ་སི་ན་ཁྱིམ་བདག་གཉིས་ཤིག་གནས་པ་ལས། དེ་གཉིས་ཕན་ཚུན་འགྲས་ནས་དེའི་ནང་ནས་གཅིག་གིས་རྒྱལ་པོ་ལ་ནོར་མང་པོ་ཞིག་ ཕུལ་ཏེ་ཁྱིམ་བདག་གཅིག་ཤོས་རྒྱལ་པོ་ལ་བརྙས་ནས་དེ་རྒྱལ་པོ་ཚངས་པས་བྱིན་གྱིས་ཤགས་འགྱེད་པའི་ཚེ་གཡོ་ཤགས་ཀྱིས་ཕམ་པར་བྱས་ནས་ཁྱིམ་བདག་དེ་ ལ་བྱིན་ཏེ། དེས་དེ་རང་གི་ཁྱིམ་དུ་ཁྲིད་ནས་ལྕག་གིས་ཞེན་པར་བཞུས་ནས་ལྕག་རྨ་དེ་དག་གི་ནང་དུ་དུག་གི་ཕྱེ་མས་གཏོར་ཏེ་དེའི་ལུས་དེ་ཤ་སྣག་བུ་བཞིན་དུ་གྱུར་ ནས་དེ་ཕུ་ནུ་རྣམས་ཀྱིས་ནོར་མང་པོ་ཞིག་གིས་བླུས་ཏེ་སྨན་པའི་ལུང་གིས་དེའི་ལུས་སོས་པར་བྱས་སོ། །དེ་ནས་ཕྱི་ཞིག་ན་དེ་སྐྱོ་བ་སྐྱེས་ནས་བདག་ཁྱིམ་ན་གནས་ [158B]དཀའ་ཐུབ་ཀྱི་ནགས་ཚལ་དུ་འགྲོའོ་སྙམ་སྟེ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ནས་དཀའ་ཐུབ་ཀྱི་ནགས་ཚལ་དུ་རྟེན་བཅས་སོ། །དེ་དེར་སོང་ནས་སློབ་ དཔོན་མེད་པ་དང། མན་ངག་མེད་པར་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་དྲན་པར་བྱས་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ། །དེ་ནས་དེས་བསམ་པ། ཁྱིམ་ བདག་དེས་བདག་གི་རྒྱུད་ལས་བསོད་ནམས་མ་ཡིན་པ་ཆེན་པོ་བསྐྱེད་ཀྱི། །བདག་སོང་ལ་ཁྱིམ་བདག་དེའི་ར་མདའ་བྱའོ་སྙམ་ནས་གནས་དེ་ཉིད་ནས་ནམ་མཁའ་ལས་ཁྱིམ་ བདག་དེ་ག་ལ་བ་དེར་སོང་ནས་འབར་བ་དང། ལམ་མེར་འདུག་པ་དང་ཆར་འབབ་པ་དང། གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་ཏོ། །སོ་སོའི་སྐྱེ་བོ་ནི། རྫུ་འཕྲུལ་གྱིས་ མྱུར་དུ་དད་པར་འགྱུར་ཏེ། དེ་སྡོང་པོ་སོག་ལས་བཅད་པ་བཞིན་དུ་དེའི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། སྐལ་པ་ཆེན་པོ་མར་སྦྱོན། བདག་ཉེས་པར་སྤྱོད་པའི་འདམ་དུ་ བྱིང་པ་ལས་ལག་ནས་དྲང་དུ་གསོལ་ཞེས་བྱས་སོ། །དེ་ནས་དེ་ཁོ་ན་ལ་སྙིང་བརྩེ་བའི་ཕྱིར་ས་ལ་བབས་ནས་དེས་དེའི་རྐང་པ་ལ་ཕྱག་འཚལ་ཏེ་བཟོད་པ་གསོལ་ནས་སྨྲས་པ་ འཕགས་པ་ཁྱོད་ཀྱང་བསོད་སྙོམས་བཞེད་ལ། བདག་ཀྱང་བསོད་ནམས་འཚལ་བས། བདག་གི་སྐྱེད་མོས་ཚལ་འདི་ཉིད་དུ་བཞུགས་ཤིག་དང་བདག་གིས་ཡོ་བྱད་ཐམས་ཅད་ [159A]༄༅། །ཀྱིས་བསྙེན་བཀུར་བགྱིའོ། །དེ་ནས་རང་སངས་རྒྱས་དེས་ཁྱིམ་བདག་དེ་ལ་ཅང་མི་སྨྲ་བས་གནང་ངོ། །དེ་ནས་ཁྱིམ་བདག་དེས་རང་སངས་རྒྱས་དེའི་ ཕྱིར་ཡལ་ག་དང། ལོ་མའི་སྤྱིལ་པོ་ཕུབས་ནས་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་པ་ལ་ཞུགས་སོ། །དེ་ནས་ཕྱི་ཞིག་ན་རང་སངས་རྒྱས་དེས་བསམ་པ། བདག་གིས་ རྣག་ཅན་གྱི་ལུས་འདིས་བྱ་བ་གང་ཡིན་པ་དེ་ནི། བདག་གིས་བྱས་ཟིན་གྱི། མ་ལ་བདག་ཞི་བའི་དབྱིངས་སུ་འཇུག་པར་བྱའོ་སྙམ་ནས་འབར་བ་དང། ལམ་མེར་འདུག་ པ་དང། ཆར་འབབ་པ་དང། གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ སོ༑ ༑དེ་ནས་ཁྱིམ་བདག་དེས་དེའི་སྐུ་གདུང་ལ་མཆོད་པ་བྱས་ནས་སྐུ་གདུང་གི་མཆོད་རྟེན་བརྩིགས་ཏེ་མཆོད་རྟེན་དེ་ལ་བཀུར་སྟི་ཆེན་པོ་བྱས་ནས་སྨོན་ལམ་བཏབ་པ་ ཀྱེ་མ་དགེ་བའི་རྩ་བ་འདིས་ན། བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་འདི་བས་ཀྱང་ཆེས་ཁྱད་ པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཡོན་ཏན་འདི་ལྟ་བུ་དག་ཀྱང་བདག་གིས་ཐོབ་པར་ཤོག་ཅིག་བདག་གིས་ [159B]ཅིག་ཅི་སྟེ་ལས་འདིའི་རྣམ་པར་སྨིན་པ་བདག་ལ་གདོན་མི་ཟ་བར་འོངས་པར་གྱུར་ན་ཡང་རབ་ཏུ་འབྱུང་བའི་སེམས་ བསྐྱེད་མ་ཐག་ཏུ་བདག་གི་བཀྲ་མི་ཤིས་པ་དེ་མེད་པར་གྱུར་ཏེ་བཀྲ་ཤིས་པ་འབྱུང་བར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་ཏུ་གྱུར་པ་ གང་ཡིན་པ་དེ་ནི། རྨོས་པ་འདི་ཁོ་ན་ཡིན་ཏེ། དེས་ཁྱིམ་བདག་དེའི་ལུས་ལ་ལྕག་གིས་བཞུས་ནས་དུག་གི་ཕྱེ་མས་གཏོར་བའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་གང་ དུ་སྐྱེས་པ་དེ་དང་དེར་ལུས་འདི་ལྟ་བུར་གྱུར་ཏོ། །དེས་ཕྱིར་ཡང་རང་སངས་རྒྱས་དེ་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་གང་ དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་རང་སངས་རྒྱས་བྱེ་བ་ཕྲག་འབུམ་ཕྲག་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་ ང་ལྟ་བུ་མཉེས་པར་བྱས་ཏེ་མི་མཉེས་པར་མ་བགྱིས། རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་དེའི་བཀྲ་མི་ཤིས་པ་མེད་པར་གྱུར་ནས་བཀྲ་ཤིས་བ་བྱུང་བར་གྱུར་ཏེ་ང་ཉིད་ཀྱི་ བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ [160A]༄༅། །གི་གསུང་རབ་ལ་འདི་རབ་ཏུ་བྱུང་སྟེ། དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་ རྣམ་པར་གྲོལ་བར་གྱུར་ཏོ། །བྲམ་ཟེ་གསུམ་ཞེས་བྱ་བ་དེ་ལ། བྲམ་ཟེ་དང་པོ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཞིག་ གིས་མཆོད་སྦྱིན་བྱ་བར་བརྩམས་ཏེ་མཆོད་སྦྱིན་བྱེད་པ་དེར་རྒྱལ་ཁམས་ཐ་དད་པའི་བྲམ་ཟེ་རྣམས་འདུས་པར་གྱུར་ཏེ་དེ་དག་གིས་བསམ་པ། མཆོད་སྦྱིན་བྱེད་པ་གང་ དུ་འཐབ་མོ་དང། མཚང་འདྲུ་བ་དང། འགྱེད་པ་དང། རྩོད་པ་འབྱུང་བའི་མཆོད་སྦྱིན་དེ་ནི། མི་འགྲུབ་བོ་སྙམ་མོ། །དེ་ནས་ཕྱི་ཞིག་ན་མཆོད་སྦྱིན་བྱེད་པ་དེར་ལྗོངས་ ན་གནས་པའི་བྲམ་ཟེ་དང། མཐིལ་ན་གནས་པའི་བྲམ་ཟེ་ཡོན་གྱི་ཕྱིར་འདུས་པ་རྣམས་འཐབ་མོ་བྱུང་ནས་མཐིལ་ན་གནས་པའི་བྲམ་ཟེ་རྣམས་ཀྱིས་སྨྲས་པ། ཁྱེད་ ནི༑ ཞིང་བླས་ཀྱིས་འཚོ་བ་ཚོལ་བ་ཡིན་པས་ན། ཡོན་འདི་རྣམས་ནི་ཁྱོད་ལ་འོས་པ་མ་ཡིན་ནོ། །ངེད་ནི། ཡོན་གྱི་གནས་ཡིན་པས་ན། ཡོན་འདི་རྣམས་ནི། ངེད་ ལ་འོས་སོ། །ཞེས་ཟེར་རོ། །ལྗོངས་ན་གནས་པ་རྣམས་ན་རེ། ཀྱེ་ཁྱེད་རྣམས་ཀྱང་རྒྱལ་པོའི་དཔའ་བོ་ལ་བརྟེན་པ་ཡིན་པས་ན་ཁྱོད་ནི། ཡོན་གྱི་གནས་མ་ཡིན་ [160B] ངེད་ནི། ཡོན་གནས་ཡིན་པས་ན། ཡོན་གྱི་འོས་ཡིན་ནོ་།ཞེས་ཟེར་ནས་དེ་དག་དེར་འཐབ་མོ་དང། མཚང་འདྲུ་བ་དང་འགྱེད་པ་དང། རྩོད་པས་གཡོན་སྤྱོ་ཞིང་འཁོད་ པའི་སྐབས་སུ་བྲམ་ཟེ་གཞན་ཞིག་གིས་མཆོད་སྦྱིན་བྱེད་པའི་གནས་དེ་ནས་གསེར་དངུལ་དང། བཟའ་བ་དང། བཅའ་བ་མང་པོ་ཁྱེར་ཏེ་བྲོས་པ་ལས། དེ་བྲམ་ཟེ་དེ་དག་ གིས་བཟུང་ནས་ཁུ་ཚུར་དང་རྡོག་པ་དག་གིས་ཤིན་ཏུ་ཞེན་པར་བརྡེགས་ཏེ་བོར་རོ། །དེ་ནས་དེ་བརྡེགས་བཙོགས་པས་འཆི་བས་འཇིགས་ཤིང་སྐྲག་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ ཚལ་དུ་ཞུགས་སོ། །དེ་དེར་ཞུགས་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱོད་ལམ་མཛེས་ཤིང་སྒྲ་བསྐྱུངས་ཏེ་ཅ་ཅོ་མེད་པར་འཁོད་པ་མཐོང་ངོ། །མཐོང་མ་ ཐག་ཏུ་དེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དགའ་བར་གྱུར་ཏོ། །དེ་དགའ་བར་གྱུར་ནས་བསམ་པ། བདག་བྲམ་ཟེ་བྱེད་པས་ཆོག་གི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ རབ་ཏུ་འབྱུང་བར་བྱའོ་སྙམ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་ [161A]༄༅། །འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་ སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེས་དགྲ་བཅོམ་པ་ ཉིད་ཐོབ་ནས་བསམ་པ། བདག་གིས་གདུལ་བར་བྱ་བ་འགའ་ལྟ་ཅི་ཡོད་སྙམ་སྟེ་དེས་བལྟས་ན། མཆོད་སྦྱིན་གྱི་བདག་པོ་ལ་སོགས་པ་བྲམ་ཟེ་སྟོང་ཕྲག་མང་པོ་འདུལ་ བར་འགྱུར་བ་མཐོང་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ་གནས་དེ་ཉིད་ནས་ནམ་མཁའ་ལས་མཆོད་སྦྱིན་གྱི་གནས་དེར་སོང་ནས་མཆོད་སྦྱིན་གྱི་ བདག་པོ་དང། བྲམ་ཟེ་གཞན་དེ་དག་གིས་དགེ་སློང་དེ་སྟེང་གི་ནམ་མཁའ་ལས་འོང་བ་མཐོང་ངོ། །མཐོང་ནས་ཀྱང་དེ་དག་དགེ་སློང་དེ་ལ་ཤིན་ཏུ་དགའ་བར་གྱུར་ཏོ། ། དགའ་བར་གྱུར་ནས་དེ་རྣམས་ཀྱིས་སྤང་དུ་འཁྱུད་དེ་སྟན་ལ་བཞག་ནས་རྐང་པ་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་དོ། །དེ་ནས་དགེ་སློང་དེས་དེ་ [161B] དེས་ན་མཆོད་སྦྱིན་གྱི་བདག་པོ་དང། བྲམ་ཟེ་དེ་དག་གིས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་ རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི། སངས་རྒྱས་ལ་གཞོལ་པ་ དང། ཆོས་ལ་འབབ་པ་དང། དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་དོ་།དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བྲམ་ཟེ་ འདིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་ གྱུར་ཏོ༑ ༑གསོལ་པ། འདིས་སྨོན་ལམ་གང་དུ་བཏབ་ལགས། དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་ [162A]༄༅། །མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཝཱ་ར་ཎཱ་སི་ན་བྲམ་ཟེ་ཞིག་གནས་པ་ལས་ གཏན་ཚིགས་སྔ་མ་བཞིན་དུ་གྱུར་ཏེ། རབ་ཏུ་བྱུང་ནས་དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ་འདི་ལྟར་བདག་གིས་ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་ གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་ དག་ཇི་སྙམ་དུ་སེམས། དེའི་ཚེ་བྲམ་ཟེར་གྱུར་པ་གང་ཡིན་པ་དེ་ནི། བྲམ་ཟེ་འདི་ཁོ་ན་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ [162B] མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་།ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་ པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་ བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།བྲམ་ཟེ་གཉིས་པ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་ མཉན་དུ་ཡོད་པ་ན་བྲམ་ཟེ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ། བཅུ་ལོན་པ་དང་བུ་བཙས་ཏེ། རིགས་དང་མཐུན་པར་མིང་བཏགས་ནས་དེ་འོ་མ་དང། ཞོ་དང། མར་དང། ཞུན་ མར་དང། མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་དེ་ཡི་གེ་བསླབས་སོ། །བྲམ་ཟེ་དེ་རྣམས་ཀྱི་ལུགས་ཀྱིས་ན། ཚེས་བརྒྱད་དང། ཚེས་ [163A]༄༅། །བཅོ་ལྔའི་ཉིན་པར་བསད་བར་བྱེད་དེ། རས་འགའ་ནི་གྲོང་ཁྱེར་བལྟར་འགྲོའོ། །རེས་འགའ་ནི། མུ་སྟེགས་བལྟར་འགྲོ་བའམ། ལྷ་བལྟར་འགྲོ་ བའམ། ཡམ་བསྲེག་ཤིང་འཐུར་འགྲོའོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེའི་ཁྱེའུ་དེ་བསང་དུས་ལ་བབ་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ། །དེ་ནས་དེའི་ཚེ་བཅོམ་ ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་ནང་ན་བཞུགས་ཤིང་ཆོས་སྟོན་ཏེ་བྲམ་ཟེའི་ཁྱེའུ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ ཀྱང་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་རྐྱེན་དང་འཚམ་པར་ཆོས་བསྟན་ནས་སྐྱབས་སུ་འགྲོ་བ་དང། བསླབ་ པའི་གཞི་རྣམས་ལ་གནས་པར་བྱས་སོ། །དེ་ནས་དེས་བཅོམ་ལྡན་འདས་ཀྱི་གཏམ་གྱི་མཇུག་རྫོགས་པར་རིག་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་ པར་བསྟོད་ཅིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེའི་ཁྱེའུ་དེས་མཆོད་ [163B]གནས་ན་འདུག་པས་བསམ་པ། གལ་ཏེ་བཅོམ་ལྡན་འདས་མཆོད་སྦྱིན་གྱི་གནས་འདིར་གཤེགས་ཏེ་ལོངས་སྤྱོད་པར་ མཛད་ཅིང། བཅོམ་ལྡན་འདས་གལ་གྱི་གཙོ་ལ་བཞུགས་ན་མཆོད་སྦྱིན་གྱི་གནས་མཛེས་པར་འགྱུར་རོ་སྙམ་ནས་དེས་བསམ་པ། བཅོམ་ལྡན་འདས་སྤྱན་དྲངས་ཏེ། ཀྱེ་མ་ བཅོམ་ལྡན་འདས་མཆོད་སྦྱིན་གྱི་གནས་འདིར་ལོངས་སྤྱོད་ཅིང་གཤེགས་པར་གྱུར་ཅིག་ཅེས་བསམ་མོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་སེམས་བསྐྱེད་མ་ཐག་ཏུ་བཅོམ་ལྡན་ འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ་མཆོད་སྦྱིན་གྱི་གནས་སུ་གཤེགས་ནས་མི་སྣང་བར་བྲམ་ཟེ་ཐམས་ཅད་ཀྱི་གྲལ་གྱི་གཙོ་ལ་བཞུགས་སོ། །བྲམ་ཟེའི་ ཁྱེའུ་དེས་ནི། སངས་རྒྱས་བཅོམ་ལྡན་འདས་གྲལ་གྱི་གཙོ་ལ་བཞུགས་པར་མཐོང་ངོ། །མཐོང་ནས་ཀྱང་བྲམ་ཟེའི་ཁྱེའུ་དེས་བཅོམ་ལྡན་འདས་བདེ་བར་བཞུགས་པར་རིག་ནས་ བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་བཅོམ་ལྡན་འདས་ཀྱིས་ཀྱང་མཆོད་སྦྱིན་གྱི་གནས་དེ་ལོངས་སྤྱོད་ནས་མི་སྣང་བར་བྲམ་ཟེ་ཐམས་ཅད་ལ་ འོད་ཟེར་བཏང་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་སོ། །དེ་ནས་བྲམ་ཟེ་དེ་དག་གིས་མཆོད་སྦྱིན་གྱི་གནས་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་མཐོང་ངོ། །མཐོང་ནས་ཀྱང་ [164A]༄༅། །དེ་དག་ན་རེ། བདག་ཅག་གི་མཆོད་སྦྱིན་གྲུབ་བོ། །ཞེས་ཟེར་རོ། །ཁ་ཅིག་ན་རེ། བདག་ཅག་གི་མཆོད་སྦྱིན་གྱི་གནས་སུ་མི་མཇེད་ཀྱི་བདག་པོ་ ཚངས་པ་བྱུང་ངོ། །ཞེས་ཟེར་རོ། །གཞན་ཁ་ཅིག་ན་རེ། འདི་ནི་ཚངས་པ་མ་ཡིན་གྱི། དབང་ཕྱུག་དེ་བདག་ཅག་གི་མཆོད་སྦྱིན་གྱི་གནས་སུ་གཤེགས་སོ། །ཞེས་ཟེར་རོ། ། གཞན་ཁ་ཅིག་ན་རེ། འདི་ནི། ཚངས་པ་ཡང་མ་ཡིན། དབང་ཕྱུག་ཀྱང་མ་ཡིན་གྱི། ཁྱབ་འཇུག་དེ་བདག་ཅག་གི་མཆོད་སྦྱིན་གྱི་གནས་འདིར་བྱུང་ངོ། །ཞེས་ཟེར་རོ། ། བྲམ་ཟེའི་ཁྱེའུ་ན་རེ། ཀྱེ། ཁྱེད་རྣམས་ཐམས་ཅད་ནི། བསླུས་པ་ཡིན་ཏེ། མཆོད་སྦྱིན་གྱི་གནས་འདིར་ནི། བཅོམ་ལྡན་འདས་གཤེགས་སོ་།ཞེས་ཟེར་རོ། །དེ་ནས་བྲམ་ ཟེའི་ཁྱེའུ་ལ་ཡི་དམ་ཆེས་ནས་བྲམ་ཟེའི་ཁྱེའུ་སྨྲས་པ། བདག་གིས་སང་ནང་པར་ཁྱེད་ཀྱི་མངོན་སུམ་དུ་འགྱུར་བར་བྱའོ། །ཞེས་བྱས་ནས་བྲམ་ཟེའི་ཁྱེའུ་དེས་ཕྱི་ཉིན་ བྲམ་ཟེ་ཐམས་ཅད་ཚོགས་པའི་ནང་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལོགས་སུ་ཕྱོགས་ ཏེ་ཐལ་མོ་སྦྱར་ནས་སེམས་བསྐྱེད་དེ་ཚིག་ཏུ་སྨྲས་པ། བཙུན་པ་བཅོམ་ལྡན་འདས་ནི། འདི་ལྟ་སྟེ། འདས་པ་དང། མ་འོངས་པ་དང་ད་ལྟར་བྱུང་བ་ [164B] མི་གཟིགས་པའམ། མི་རྟོགས་པའམ་ཐུགས་སུ་མི་ཆུད་པ་ཅི་ཡང་མི་མངའ་ན། ཀྱེ་མ་བཅོམ་ལྡན་འདས་དགེ་སློང་གི་ དགེ་འདུན་དང་ཐབས་ཅིག་ཏུ་བདག་ཅག་གི་མཆོད་སྦྱིན་གྱི་གནས་འདིར་གཤེགས་ཏེ་ལོངས་སྤྱོད་པར་གསོལ་ཞེས་བྱས་སོ། །དེ་ནས་དེ་སྐད་ཅེས་བརྗོད་པའི་མོད་ལ་ བཅོམ་ལྡན་འདས་དགེ་སློང་མང་པོས་ཞམ་རིང་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ནམ་མཁའ་ལས་མཆོད་སྦྱིན་གྱི་གནས་དོར་གཤེགས་ཏེ་མི་ སྣང་བར་བྲམ་ཟེ་རྣམས་ཀྱིས་གདན་བཤམས་པ་ལ་བཞུགས་ནས་བྲམ་ཟེའི་ཁྱེའུ་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་མཆོད་སྦྱིན་གྱི་གནས་ཀྱི་ དབུས་སུ་བཞུགས་པ་མཐོང་ངོ། །མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དིར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ ལྡན་འདས་མཉེས་པར་བྱས་སོ། །དེ་ནས་བྲམ་ཟེ་རྣམས་ན་རེ། ཁྱེའུ་འདི་ནི། སྨྱོས་ཏེ། གཅིག་པུ་ཅི་ཡང་བླ་ཞིང་འདུག་གོ་ཞེས་ཟེར་རོ་།དེ་ནས་བྲམ་ཟེའི་ཁྱེའུ་སྨྲས་ པ༑ བདག་ནི། སྨྱོས་པ་མ་ཡིན་གྱི། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱིས་ཞམ་རིང་བྱས་ཏེ་མཆོད་སྦྱིན་གྱི་གནས་ཀྱི་དབུས་ན་བཞུགས་སོ། །ཞེས་བྱས་སོ། ། [165A]༄༅། །དེ་ནས་བྲམ་ཟེའི་ཁྱེའུ་དེ་སྐད་བརྗོད་མ་ཐག་ཏུ་ཅི་ནས་བྲམ་ཟེ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་ མཆོད་སྦྱིན་གྱི་གནས་ཀྱི་དབུས་ན་བཞུགས་པར་མཐོང་བར་འགྱུར་བ་དེ་ལྟ་བུར་བཞུགས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་འཇིག་རྟེན་ཐམས་ཅད་ཀྱི་མངོན་སུམ་དུ་ བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་བཅོམ་ ལྡན་འདས་བཤོས་གསོལ་ཟིན་ཏེ་བསང་སྡེར་ནི། གྱུ། ཕྱག་ནི། བཅབས་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་ འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་དེ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་ བསྟོད། ཡང་དག་པར་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་བྲམ་ཟེ་རྣམས་གཞི་དེ་ལས་ཁྲོ་བའི་ཀུན་ནས་དཀྲིས་པ་ཆེན་པོ་སྐྱེས་ཏེ་ ངེད་ཀྱི་ཕྱིར་བཟའ་བ་དང། བཅའ་བ་བཤམས་པ་དེ་དག་དགེ་སྦྱོང་གོའུ་ཏ་མ་ལ་བྱིན་ནོ། །ཞེས་ཟེར་ཞིང། དེ་དག་ཁྲོས་པས་བྲམ་ཟེའི་ཁྱེའུ་དེ་གསད་པར་བྱས་པ་ལས་བྲོས་ [165B] འོན་ཀྱང་བྲམ་ཟེ་དེ་དག་དེའི་ཕྱི་བཞིན་དུ་འབྲང་སྟེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་བར་དུ་སོང་ནས་སྨྲས་པ། བདག་ཅག་གིས་འདི་རྒྱལ་བུ་ རྒྱལ་བྱེད་ཀྱི་ཚལ་དུ་གསད་པར་མི་ནུས་ཏེ། འདི་ནི། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཡོངས་སུ་བཟུང་བ་ཡིན་པའི་སྟེང་དུ་རྒྱལ་པོ་གསལ་རྒྱལ་གྱི་ཁྲིམས་བཅས་ སོ་སྙམ་དུ་རིག་ནས་ཕྱིར་ལོག་གོ་བྲམ་ཟེའི་ཁྱེའུ་དེ་ནི། འཇིགས་ཤིང་སྐྲག་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་བ་དང། ཁམས་དང། ཤེས་པ་དང། རང་ བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་བྲམ་ཟེའི་ཁྱེའུ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་ འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་གིས་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་ལ་བརྟེན་ [166A]༄༅། །ནས་སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་རྣམས་པས་བྱུང་སྟེ་ལྷ་དང་མི་རྣམས་ཀྱི་ནང་དུ་གོམ་པ་འདོར་དུ་སྩལ་པ་དང། འཁོར་ པའི་མཐར་གཏུགས་པ་དང། ཁྲག་དང་མཆི་མའི་རྒྱ་མཚོ་རྣམས་བསྐམས་པ་དང། རུས་པའི་རི་བོ་རྣམས་བསྒྲལ་བ་དང། ཐོག་མ་མ་མཆིས་པའི་དུས་ནས་བསགས་ པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་ མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང་གཉེན་མང་པོ་རྣམས་ཀྱིས་ཀྱང་མ་བགྱིས་སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས་ དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་ དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་ བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ [166B] །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ་བཙུན་པ། བྲམ་ཟེའི་ཁྱེའུ་འདི་བྲམ་ཟེ་རྣམས་ ཀྱིས་དགུམ་པར་ཆད་པ་ལས། དེ་འཇིགས་ཤིང་སྐྲག་ནས་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ་འདས་པའི་དུས་ན་ཡང་བྲམ་ཟེའི་ཁྱེའུ་འདི་བྲམ་ཟེ་འདི་དག་ཁོ་ནས་གསད་པར་བྱས་པ་ལས་ འདི་འཇིགས་ཤིང་སྐྲག་ནས་རབ་ཏུ་བྱུང་སྟེ་ཇི་ལྟར་ཚེ་གཅིག་གི་བར་དུ་ཚངས་པར་སྤྱོད་པ་སྤྱད་པ་དེ་ཉོན་ཅིག་དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་ པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་ གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིགས་རྟེན་དུ་བྱུང་སྟེ། དེའི་ཚེ་ཝཱ་ར་ཎཱ་སི་ན་བྲམ་ ཟེ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། དེ་ལ་བུ་ཡང་མེད། བུ་མོ་ཡང་མེད་དེ། ཕྱི་ [167A]༄༅། །ཞིག་ན་དེ་ལག་པ་ལ་སྐོམ་ཚུགས་བཅས་ཏེ་བསམ་པ། འདི་ལྟར་བདག་གི་ཁྱིམ་ནོར་དང་གསེར་དང་ལྡན་པར་འདུག་ཀྱང་བུ་ཡང་མེད། བུ་མོ་ཡང་ མེད་པས། བདག་ཤི་སྟེ་དུས་ལས་འདས་པའི་འོག་ཏུ་ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་བར་འགྱུར་ལ། བདག་ལ་བུ་མེད་པས་འཇིག་རྟེན་དུ་ཡང་རུང་བར་མི་འོང་ངོ་སྙམ་ སྟེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ་དེ་ནས་དེས་འདི་ལྟ་བུར་ཡི་དམ་བཅས་ཏེ། གལ་ཏེ་བདག་གི་བུ་སྐྱེས་པར་གྱུར་ན་མཆོད་སྦྱིན་བྱས་ཏེ་བྲམ་ཟེ་རྣམས་ལ་ཡོན་མང་ པོ་འབུལ་བར་བྱའོ། །ཞེས་ཟེར་ཞིང་དེ་བུ་སྐྱེར་རེ་ཞིང་འདུག་སྟེ་དེ་རིང་ངམ་སང་དུ་བདག་གི་བུ་སྐྱེ་བར་འགྱུར་རོ་སྙམ་སེམས་བཞིན་དུ། དེའི་ངང་དུ་བྲམ་ཟེ་རྒས་ནས་བུ་ ཡང་མེད། བུ་མོ་ཡང་མེད་པར་གྱུར་ཏེ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་དེས་བསམ་པ། བདག་ལ་བུ་ཡང་མེད། བུ་མོ་ཡང་མེད་པས་སྦྱིན་པ་གཏོང་བ་ཡང་བྱས་ལ། བདག་ ཀྱང་རྒས་ཀྱི། ད་ནི། བདག་གི་བུ་སྐྱེ་ཡང་རུང། མི་སྐྱེ་ཡང་རུང་སྟེ། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱའོ་སྙམ་མོ་།དེ་ནས་ཕྱི་ཞིག་ན་དེས་མཆོད་སྦྱིན་བྱས་ཏེ་ བྲམ་ཟེ་རྣམས་ལ་ཡོན་མང་པོ་ཕུལ་བ་ལས་ཡོན་དེ་དག་འགྱེད་པའི་ཚེ་འཐབ་མོ་ཆེན་པོ་བྱུང་སྟེ། མཆོད་སྦྱིན་གྱི་བདག་པོས་འཐབ་མོ་ཞི་བར་བྱའོ། །ཞེས་བྱས་ནས་བྲམ་ [167B]པ་ལས། དེ་འཇིགས་ཤིང་སྐྲག་ནས་དྲང་སྲོང་སྨྲ་བའི་གནས་སུ་སོང་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ངོ། །དེ་དེར་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་ རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་ བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་ དག་དེའི་ཚེ་བྲམ་ཟེར་གྱུར་པ་གང་ཡིན་པ་དེ་ནི། བྲམ་ཟེའི་ཁྱེའུ་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་བྲམ་ཟེ་རྣམས་ཀྱིས་གསད་པར་བྱས་པ་ལས། འཇིགས་ཤིང་སྐྲག་ནས་རབ་ཏུ་ བྱང་སྟེ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་ [168A]༄༅། །སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་དང་ཤིན་ཏུ་ཉམས་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་ མ་བྱས་ལ། ད་ལྟར་ཡང་འདི་བྲམ་ཟེ་རྣམས་ཀྱིས་གསད་པར་བྱས་པ་ལས། འདི་འཇིགས་ཤིང་སྐྲག་ནས་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་ བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།བྲམ་ཟེ་གསུམ་པ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཞིག་གིས་མཆོད་སྦྱིན་བྱས་ ནས་གསེར་དངུལ་མང་པོ་བྲམ་ཟེ་རྣམས་ལ་ཡོན་ཏུ་ཕུལ་བ་ལས། དེ་དག་ཡོན་འགྱེད་པའི་ཚེ་འཐབ་མོ་ཆེན་པོ་བྱུང་ནས་དེར་ལྗོངས་ན་གནས་པའི་བྲམ་ཟེ་རྣམས་ན་རེ་ ཁྱོད་ནི། རྒྱལ་པོའི་དཔའ་བོ་རྣམས་ལ་བརྟེན་པ་ཡིན་གྱི། ངེད་ནི་ཡོན་གནས་ཡིན་ཏེ། ཡོན་དབུལ་བའི་འོས་ཡིན་པས་ན། ཡོན་ཉི་རིམ་དུ་དབང་ངོ། །ཞེས་ཟེར་རོ། ། [168B] ཁྱོད་ནི། ཞིང་བླས་ཀྱིས་འཚོ་བ་ཚོལ་བ་ཡིན་གྱི། ངེད་ནི། ཡོན་གནས་ཡིན་ཏེ། ཡོན་དབུལ་བའི་འོས་ཡིན་པས་ན། ངེད་ནི། ཡོན་ཉི་རིམ་ དུ་དབང་ངོ། །ཞེས་ཟེར་རོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱིས་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་ བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་བཞིས་འཇིགས་པ་མེད་པ་འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་ བདུན་ལ་སྤྱོད་ཡུལ་པ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་ དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་ རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི། དར། སུ་ནི། ཕོངས་ཤིང་འདུག་སུ་ནི། ཉམ་ང་བར་གྱུར། སུ་ནི། གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན་ སུ་ནི། ངན་སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི། ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ [169A]༄༅། །ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི། འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་ཡོད་པར་བྱ་སྙམ་དུ་ ཡེ་ཤེས་གཟིགས་པ་འཇུག་གོ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ་།སངས་རྒྱས་དུས་ལས་ ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་མཉན་དུ་ཡོད་པ་ན་གནས་པའི་བྲམ་ཟེ་རྣམས་གདུལ་པའི་དུས་ལ་བབ་པར་དགོངས་ནས་དགེ་སློང་མང་པོས་ཞམ་རིང་བྱས་ཏེ་ དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ས་དེ་ཉིད་ནས་ནམ་མཁའ་ལས་མཆོད་སྦྱིན་གྱི་གནས་དེར་གཤེགས་ཏེ་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་ པ་ལ་བཞུགས་ཏེ། དེ་མཐོང་མ་ཐག་ཏུ་དེ་རྣམས་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་ཆོས་མཉན་པའི་ཕྱིར་སྦྱན་སྔར་འཁོད་དོ། །དེ་ [169B]གྲོགས་པོ་དག། ཆད་པ་དྲག་པོ་རྣམ་པ་ལྔའི་གཞིར་འགྱུར་བའི་འཐབ་མོའི་རྩ་བ་འདིའི་ཕྱིར་འཐབ་ཏུ་ཅི་ཡོད་ཅེས་ བཀའ་སྩལ་ནས་བཅོམ་ལྡན་འདས་ཀྱིས་ཆགས་པ་དེ་ཉིད་སྤངས་པ་ལས་བརྩམས་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་བྲམ་ཟེ་བརྒྱ་ཕྲག་དུ་མ་དེ་དག་གིས་སྟན་དེ་ དག་ཉིད་ལ་འཁོད་བཞིན་དུ་ཁ་ཅིག་གིས་ནི། དྲོ་བར་གྱུར་པ་སྐྱེད་དོ། །ཁ་ཅིག་གིས་ནི། སྤྱི་བོ་དང། བདེན་པ་དང་མཐུན་པའི་བཟོད་པ་དང། འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང་ མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། །ཁ་ཅིག་གིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། ། ཁ་ཅིག་གིས་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། །ཁ་ཅིག་གིས་ནི། སྟོབས་ཀྱི་འཁོར་ལོས་བསྒྱུར་བར་འགྱུར་བ་དང། ཁ་ཅིག་གིས་ནི། བརྒྱ་ བྱིན་དུ་འགྱུར་བ་དང། ཁ་ཅིག་གིས་ནི། ཚངས་པར་འགྱུར་བ་དང་ཁ་ཅིག་གིས་ནི། ཉན་ཐོས་ཀྱི་བྱང་ཆུབ་དང། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་དང། ཁ་ཅིག་ [170A]༄༅། །གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་ད་དག་གི་ནང་ནས་ཕལ་ཆེར་ནི། སངས་རྒྱས་ལ་གཞོལ་ ཆོས་ལ་འབབ། དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་ནས་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ པ༑ བཙུན་པ། བྲམ་ཟེ་འདི་རྣམས་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཁ་ཅིག་གིས་ནི། བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་ བགྱིས། ཁ་ཅིག་གིས་ནི། རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རྣམས་ལས་ཁ་ཅིག་ནི། དགེ་སྙེན་དུ་གྱུར་ཏོ། །ཁ་ཅིག་ནི་རབ་ཏུ་བྱུང་ནས་དེར་དེ་དག་ གིས་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བསྲུངས་ཏེ་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།ལས་བརྒྱ་ ཐམ་པ༑ བམ་པོ་སུམ་ཅུ་དྲུག་པ། ཁྱབ་འཇུག་ཅེས་བྱ་བ་ནི། བཅོམ་ལྡན་འདས་ཡུལ་མ་ག་དཧར་ལྗོངས་རྒྱུ་ཞིང་གཤེགས་པ་ན་དགེ་སློང་གི་དགེ་འདུན་མང་པོ་དགེ་སློང་སྟོང་དང་ཐབས་ [170B] ཐམས་ཅད་ཀྱང་སྔོན་གྱི་རལ་པ་ཅན་ཤ་སྟག་གོ་།ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་རྣམ་པར་གྲོལ་བ་ཤ་སྟག་དང་ལྷན་ཅིག་ཏུ་ཡུལ་རྒྱུ་ཞིང་གཤེགས་པ་ལས། ཡུལ་མ་ག་དྷ་པ་རྣམས་ཀྱི་ མཆོད་རྟེན་རབ་བརྟན་ཞེས་བྱ་བ་ན་སྨྱིག་མའི་ནགས་ཁྲོད་ཀྱི་རྒྱུད་ཐོག་ཐག་གཤེགས་ནས་དེའི་ཚེ་བཅོམ་ལྡན་འདས་རབ་བརྟན་དུ་བྱོན་ནས་མ་ག་དྷ་པ་རྣམས་ཀྱི་མཆོད་རྟེན་ རབ་བརྟེན་གྱི་ཕྱོགས་དེར་བཞུགས་སོ། །དེ་ནས་ཡུལ་མ་ག་དཧའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་མང་པོ་དགེ་སློང་ སྟོང་དང་ཐབས་ཅིག་ཏུ་ཡུལ་མ་ག་དཧར་ལྗོངས་རྒྱུ་ཞིང་གཤེགས་ཏེ། ཡུལ་མ་ག་དྷ་པ་རྣམས་ཀྱི་མཆོད་རྟེན་རབ་བརྟན་ཞེས་བྱ་བ་ན་སྨྱིག་མའི་ནགས་ཁྲོད་དུ་བྱོན་ཏོ།། ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་འབྱོར་པ་ཆེན་པོ་དང་རྒྱལ་པོའི་མཐུ་ཆེན་པོ་དང། ཤིང་རྟ་ཁྲི་ཉིས་སྟོང་དང་རྒོད་མ་སྟོང་བརྒྱད་བརྒྱ་དང། ཡུལ་མ་ག་དྷ་ན་ གནས་པའི་བྲམ་ཟེ་དང། ཁྱིམ་བདག་སྟོང་ཕྲག་དུ་མ་དག་དང་ཐབས་ཅིག་ཏུ་རྒྱལ་པོའི་ཁབ་ནས་བྱུང་སྟེ་བཅོམ་ལྡན་འདས་བལྟ་བ་དང། བཅོམ་ལྡན་འདས་ལ་བསྙེན་ [171A]༄༅། །བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་བ་ལས་གྲོང་ཁྱེར་གྱི་སྒོར་བྱུང་བ་ན་དེའི་མགོ་བོ་ལས་ཅོད་པ་ན་ལྷུང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་ གིས་བཅོམ་ལྡན་འདས་བལྟ་བ་མ་ལེགས་པ་ཞིག་ཏུ་མི་འགྱུར་གྲང་སྙམ་མོ། །དེ་ནས་ལྷ་རྣམས་ཀྱིས་སྦྲན་པ། འདི་ནི། ལེགས་པར་འགྱུར་ཏེ། ཁྱོད་ཀྱིས་བཅོམ་ལྡན་འདས་ བལྟ་བ་དང། བཅོམ་ལྡན་འདས་ལ་བཀུར་སྟི་བྱ་བ་ནི། ལེགས་པར་འགྱུར་བ་ཡིན་ནོ། །དེ་ལྟ་མོད་ཀྱི། ཁྱོད་གང་དག་དང་དགེ་བའི་རྩ་བ་བསྐྲུན་པ་དེ་དག་ཁ་ཅིག་ནི། ཁྲི་མོན་དུ་ བཅུག་ཅིང་འདུག་ཁ་ཅིག་ནི། ཡུལ་དག་ན་འདུག་གི་རྒྱལ་པོ་ཁྱོད་ཀྱིས་བཙོན་རྣམས་གཏང་བའི་རིགས་སོ། །ལྗོངས་དག་ཏུ་ཡང་དྲིལ་བསྒྲགས་ཏེ། དེ་དག་དང་ལྷན་ཅིག་ཏུ་ བཅོམ་ལྡན་འདས་བལྟ་བ་དང། བསྙན་བཀུར་བྱ་བའི་ཕྱིར་དེངས་ཤིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་གཟུགས་ཅན་སྙིང་པོས་བཙོན་རྣམས་བཏང་ནས་ཡུལ་ ན་གནས་པའི་སྐྱེ་བོ་མང་པོ་ཐམས་ཅད་བསྡུས་ཏེ། དེ་སྐྱེ་བོ་ཕལ་པོ་ཆེ་དག་དང་ལྷན་ཅིག་ཏུ་ཡུལ་མ་ག་དྷ་བ་རྣམས་ཀྱི་མཆོད་རྟེན་རབ་བརྟན་ཞེས་བྱ་བ་ན་སྨྱིག་མའི་ནགས་ ཁྲོད་ཀྱི་རྒྱུད་ཐོག་ཐག་ཏུ་སོང་ནས་དེས་རང་གི་དཔུང་གི་ཚོགས་རྣམས་ལ་ཕྱིར་བལྟས་ཏེ། དེས་དམག་ཚོགས་ཆེན་པོ་མཐོང་ནས་རྒྱགས་པ་སྐྱེས་ཏེ་བྱད་གཟུགས་དང། མཐུ་ [171B] །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སེམས་ཐུགས་ཀྱིས་མཁྱེན་ནས་དེ་བས་ཀྱང་ཆེས་བལྟ་ན་སྡུག་པ་དང། ཆེས་བྱད་གཟུགས་ བཟང་བའི་རྒྱལ་པོ་ལྔ་བརྒྱ་མངོན་པར་སྤྲུལ་ནས་དེ་དག་ལ་ཆོས་སྟོན་ཅིང་བཞུགས་སོ། །དེ་ནས་ཡུལ་མ་ག་དཧའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ག་ལ་ བ་དེར་སོང་ནས་དེ་སྲིད་དུ་བཞོན་པས་འགྲོ་བར་བྱ་བའི་ས་དེ་སྲིད་དུ་བཞོན་པ་ལ་ཞོན་ཏེ་སོང་ནས་རྒྱལ་ཐབས་རྣམ་པ་ལྔ་སྟེ་གཙུག་ཏོར་དང། གདུགས་དང། རལ་གྲི་དང་ ནོར་བུ་དང། རྔ་ཡབ་རྣམས་དང། ལྷམ་ཁྲ་བོ་རྣམས་བཞག་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་རྒྱལ་ པོ་ཆེས་གཟུགས་བཟང་ཞིང་ཆེས་མཛེས་པ་ལྔ་བརྒྱ་ཆོས་ཉན་ཅིང་འཁོད་པ་མཐོང་ནས་དེའི་བྱད་གཟུགས་ཀྱིས་རྒྱགས་པ་གང་ཡིན་པ་དེ་མེད་པར་གྱུར་ཏོ། །དེ་ནས་དེ་འདི་སྙམ་ སེམས་ཏེ། གལ་ཏེ་བདག་གིས་བདག་གི་མིང་དང་རུས་ནས་མ་སྨོས་ན་བདག་བཅོམ་ལྡན་འདས་ཀྱིས་མི་དགོངས་སོ་སྙམ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བླ་ གོས་བྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བདག་གི་མིང་དང་རུས་ལན་གསུམ་ [172A]༄༅། །གྱི་བར་དུ་སྨོས་ཏེ། བཙུན་པ། བདག་ནི། ཡུལ་མ་ག་དཧའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལགས་སོ། །བཙུན་པ། བདག་ནི། ཡུལ་མ་ག་དཧའི་ རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལགས་སོ། །ཞེས་བྱས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ། །དེ་ནི། དེ་ཡིན་ཏེ་ཁྱོད་ནི། ཡུལ་མ་ག་དཧའི་རྒྱལ་པོ་ བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡིན་ནོ། །རྒྱལ་པོ་ཆེན་པོ། རང་གི་སྟན་གང་ཡིན་པ་ལ་འདུག་ཅིག་དེ་ནས་ཡུལ་མ་ག་དཧའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ་ཡུལ་མ་ག་དཧའི་བྲམ་ཟེ་དང། ཁྱིམ་བདག་ཁ་ཅིག་ནི་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་ འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། ཁ་ཅིག་ནི། བཅོམ་ལྡན་འདས་དང་མངོན་སུམ་དུ་ཡང་དག་པར་དགའ་བར་འགྱུར་བ་དང། ཡང་དག་པར་མགུ་བར་འགྱུར་བའི་གཏམ་ རྣམ་པ་སྣ་ཚོགས་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། ཁ་ཅིག་ནི་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཕྱོགས་གཅིག་ཏུ་འཁོད་དོ། ཁ་ཅིག་ ནི༑ ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་མཐོང་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ཡང་འཁོར་དེ་ཉིད་དུ་འདུས་ཏེ་འདུག་ [172B]དེ་ནས་ཡུལ་མ་ག་དཧའི་བྲམ་ཟེ་དང། ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། ཅི་དགེ་སྦྱོང་ཆེན་པོ་དེ་འོད་སྲུང་གི་ཐད་ན་ཚངས་པར་སྤྱད་པ་སྤྱོད་དམ། འོན་ཏེ་ལྟེང་རྒྱས་འོད་སྲུང་རལ་ པ་ཅན་དགེ་སྦྱོང་ཆེན་པོའི་ཐད་ན་ཚངས་པར་སྤྱད་པ་སྤྱོད་ཅིག་གུ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དཧའི་བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱི་སེམས་ཐུགས་ཀྱིས་ མཁྱེན་ནས་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་ལ་ཚིགས་སུ་བཅད་དེ་སྨྲས་པ། ལྟེང་རྒྱས་གནས་པ་ཁྱོད་ཀྱིས་ཅི་མཐོང་ན་།འདིར་ནི་མེ་སྦར་དྲང་སྲོང་བརྟུལ་ཞུགས་སྤངས། །འོད་སྲུང་ ཁྱོད་ཀྱི་སྦྱིན་སྲེག་ཅི་ཕྱིར་སྤངས། །དོན་དེ་ང་ལ་ཀུན་ནས་བརྗོད་པར་གྱིས། །གསོལ་བ། འདི་ན་ཁ་ཅིག་ཟས་དང་བཏུང་བ་རྣམས་།ཁུ་བཅུད་འདོད་དང་བུད་མེད་བསྔགས་པར་བགྱིད། ། དེ་རྣམས་ཕུང་པོའི་དྲི་མར་མཐོང་བས་ན། །བདག་ནི་མཆོད་སྦྱིན་མེ་ལ་དགའ་མ་མཆིས། །བཀའ་སྩལ་པ། ཁྱོད་ནི་འདོད་པ་རྣམས་ལ་མི་དགའ་ཞིང། །ཟས་སྐོམ་སྟན་རྣམས་ལ་ ཡང་མི་དགའ་ན། །ཁྱོད་ནི་ཇི་ལྟར་ལྷ་མིའི་འཇིག་རྟེན་ན། །ཡིད་དགའ་འོད་སྲུང་དྲིས་པའི་ལན་ཐོབ་ཅིག་གསོལ་པ། ཕུང་པོ་མེད་པ་ཞི་མཆོག་ཅི་ཡང་མེད། །འདོད་དང་སྲིད་ལ་མ་ ཆགས་གཞན་མི་འགྱུར། །གཞན་གྱིས་བཀྲིར་མེད་གོ་འཕང་མཐོང་བས་ན། །བདག་ནི་མཆོད་སྦྱིན་མེ་ལ་དགའ་མ་མཆིས། །མཆོད་སྦྱིན་རྣམས་དང་བརྟུལ་ཞུགས་མེ་རྣམས་ཀྱིས།། [173A]༄༅། །གྲོལ་བར་འགྱུར་སྙམ་བདག་གི་ཡིད་ཀྱང་རྨོངས། །འཆི་འཕོ་མ་མཆིས་གནས་མཆོག་མ་མཐོང་བས། །སྐྱེ་འཆིའི་རྗེས་འབྲང་བདག་ནི་ལོང་བར་གྱུར། །མི་མཆོག་ སྐྱོབ་པའི་ལེགས་གསུངས་འདུས་མ་བྱས། །གོ་འཕང་དོན་བདག་གིས་ང་མཐོང་ངོ། །ཐུབ་པ་རྣམ་འདྲེན་གོའུ་ཏམ་བདེན་པའི་རྩལ། །ཁྱོད་ནི་སྐྱེ་བོ་མང་ཕྱིར་བྱུང་བ་ལགས། །བཀའ་ སྩལ་པ༑ རབ་ཏུ་རྣམ་པར་ཕྱེ་བའི་ཆོས་རྣམས་ལ། །གནས་ཀྱི་གཤིས་སུ་བབ་པ་གང་ཡིན་པ། །དེ་ནི་ཁྱོད་ཀྱིས་ལེགས་པར་བསམ་པ་ཡིན། །ཁྱོད་ཀྱིས་གཏན་ལ་ཕེབས་པས་ལེགས་ པར་འོངས། །འོད་སྲུང། འཁོར་རྣམས་སྐྱོ་བ་སྐྱེད་ཅིག་དེ་ནས་ཚེ་དང་ལྡན་པ་སྟེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་ཇི་ལྟར་སེམས་མཉམ་པར་བཞག་པ་དེ་ལྟ་བུའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་ཏེ། ཤར་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་སྤྱོད་ལམ་རྣམ་པ་བཞི་བྱེད་དེ། འཆག་པ་དང། སྡོད་པ་དང། འདུག་པ་དང་ ཉལ་བར་བྱེད་དོ། །མེའི་ཁམས་ལ་སྙོམས་པར་འཇུག་པར་བྱེད་དོ་།ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་མེའི་ཁམས་ལ་སྙོམས་པར་ཞུགས་པའི་ལུས་ལས་ འོད་ཟེར་རྣམ་པ་སྣ་ཚོགས་བྱུང་སྟེ། སྔོན་པོ་དང། སེར་པོ་དང་དམར་པོ་དང། དཀར་པོ་དང། བཙོད་ཀ་དང། ཤེལ་གྱི་ཁ་དོག་ལྟ་བུ་རྣམས་བྱུང་ངོ། །ཆོ་འཕྲུལ་ཟུང་དུ་ཡང་ [173B] ལུས་ཀྱི་སྟོད་ནས་ནི། མེ་འབར་ལ། ལུས་ཀྱི་སྨད་ནས་ནི། ཆུ་གྲང་མོའི་རྒྱུན་འབབ་བོ། །ལུས་ཀྱི་སྨད་ནས་མེ་འབར་ལ། ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབབ་བོ།། ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་ལྷོ་ཕྱོགས་དང། ནུབ་ཕྱོགས་དང། བྱང་ཕྱོགས་སུ་ཡང་དེ་དང་འདྲ་བར་བྱས་སོ། །དེ་ནས་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་ ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་བཞི་བསྟན་ནས་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་བསྡུས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི། བདག་གི་སྟོན་པ་ ལགས་སོ། །བདག་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །བདེ་བར་གཤེགས་པ་ནི། བདག་གི་སྟོན་པ་ལགས་སོ། །བདག་ནི། བདེ་བར་གཤེགས་པའི་ཉན་ཐོས་ལགས་ སོ༑ ༑བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང། དེ་ནི། དེ་ཡིན་ནོ། །དེ་ནི། དེ་ཡིན་ཏེ། འོད་སྲུང། ཁྱོད་ཀྱི་སྟོན་པ་ནི། ང་ཡིན་ནོ། །ཁྱོད་ནི། ངའི་ཉན་ཐོས་ཡིན་ནོ། །འོད་ སྲུང། ཁྱོད་རང་གི་སྟན་ཇི་ལྟ་བ་བཞིན་དུ་འདུག་ཅིག་དེ་ནས་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་རང་གི་སྟན་ཇི་ལྟ་བ་བཞིན་དུ་འདུག་གོ་དེ་ནས་ཡུལ་མ་ག་དཧའི་བྲམ་ [174A]༄༅། །ཟེ་དང། ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། ལྟེང་རྒྱས་འོད་སྲུང་རལ་པ་ཅན་དགེ་སྦྱོང་ཆེན་པོ་གོ་འུ་ཏ་མའི་ཐད་ན་ཚངས་པར་སྤྱད་པ་སྤྱོད་པ་ ཡིན་གྱི། དགེ་སྦྱོང་ཆེན་པོ་ལྟེང་རྒྱས་འོད་སྲུང་གི་ཐད་ན་ཚངས་པར་སྤྱད་པ་སྤྱོད་པ་ནི། མ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དཧའི་རྒྱལ་པོ་བཟོ་ སྦྱངས་གཟུགས་ཅན་སྙིང་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གཟུགས་ནི། སྐྱེ་ཡང་སྐྱེ་ལ། འགྲིབ་ཀྱང་འགྲིབ་སྟེ། དེའི་སྐྱེ་བ་ཡང་རིག་པར་བྱ་དགོས་ལ། འགྲིབ་པ་ ཡང་རིག་པར་བྱ་དགོས་སོ། །རྒྱལ་པོ་ཆེན་པོ། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ཡང་སྐྱེ་ཡང་སྐྱེ་ལ། འགྲིབ་ཀྱང་འགྲིབ་སྟེ། དེའི་སྐྱེ་ བ་ཡང་རིག་པར་བྱ་དགོས་ལ། འགྲིབ་པ་ཡང་རིག་པར་བྱ་དགོས་སོ་།རྒྱལ་པོ་ཆེན་པོ། གཟུགས་སྐྱེ་བ་དང། འགྲིབ་པའི་ཆོས་ཅན་ཡིན་པར་རིག་ནས་གཟུགས་དེ་ཡོངས་ སུ་ཤེས་སོ། །རྒྱལ་པོ་ཆེན་པོ། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་སྐྱེ་བ་དང། འགྲིབ་པའི་ཆོས་ཅན་ཡིན་པར་རིག་ནས་རྣམ་པར་ ཤེས་པ་དེ་ཡོངས་སུ་ཤེས་སོ། །རྒྱལ་པོ་ཆེན་པོ། གཟུགས་ཡོངས་སུ་ཤེས་ན། གཟུགས་དེ་ལ་བདག་གི་ཡིན་ནོ་སྙམ་དུ་འཛིན་པར་མི་བྱེད་ལེན་པར་མི་བྱེད། གནས་ [174B] མངོན་པར་ཞེན་པར་མི་བྱེད་དོ། །རྒྱལ་པོ་ཆེན་པོ། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ཡོངས་སུ་ཤེས་ན། རྣམ་པར་ཤེས་པ་དེ་ལ་ བདག་གི་བདག་ཡིན་ནོ་སྙམ་དུ་འཛིན་པར་མི་བྱེད། ལེན་པ་དང་གནས་པར་མི་བྱེད། མངོན་པར་ཞེན་པར་མི་བྱེད་དོ། །རྒྱལ་པོ་ཆེན་པོ་གཟུགས་ལ་མི་འཛིན་མི་ལེན་མི་གནས་ མངོན་པར་ཞེན་པར་མི་བྱེད་ན། དཔག་ཏུ་མེད་པ། གྲངས་མེད་པ། མྱ་ངན་ལས་འདས་པ་ཞེས་ང་ཟེར་རོ། །རྒྱལ་པོ་ཆེན་པོ། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང་ རྣམ་པར་ཤེས་པ་ལ་མི་འཛིན་མི་ལེན་མི་གནས་མངོན་པར་ཞེན་པར་མི་བྱེད་ན། དཔག་ཏུ་མེད་པ། གྲངས་མེད་པ། མྱ་ངན་ལས་འདས་པ་ཞེས་ང་ཟེར་རོ། །དེ་ནས་ཡུལ་མ་ག་ དཧའི་བྲམ་ཟེ་དང། ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། ཅི་སྟེ་གཟུགས་བདག་མ་ཡིན་ཞིང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་བདག་ མ་ཡིན་ན། བདག་གམ། སེམས་ཅན་ནམ། སྲོག་གམ། སྐྱེ་བའམ། གསོ་བའམ། གང་ཟག་གམ། ཤེད་བུའམ། ཤེད་ཅན་ནམ། བྱེད་པའམ། བྱེད་པ་པོའམ། སྨྲ་བ་པོའམ་ ཚོར་བ་བོའམ། སྐྱེད་པ་པོའམ། ཀུན་ཏུ་སྐྱེད་པ་པོར་སུ་ཞིག་འགྱུར་མ་སྐྱེས་ཤིང་མ་བྱུང་ལ་འབྱུང་བར་མི་འགྱུར་ན་ཡང་ཕུང་པོ་འདི་དག་ནི། འདོར་ལ། ཕུང་པོ་གཞན་ནི། ལེན་པར་ [175A]༄༅། །མི་འགྱུར་རོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དཧའི་བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱི་སེམས་ཐུགས་ཀྱིས་མཁྱེན་ནས་དགེ་སློང་རྣམས་ ལ་བཀའ་སྩལ་པ། དགེ་སློང་དག་བདག་བདག་ཅེས་བྱ་བ་ནི། སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ཀྱིས་སོ་སོར་བཟུང་བར་ཟད་ཀྱི། འདི་ན་བདག་ཀྱང་མེད། བདག་ གི་ཡང་མེད་དོ། །དགེ་སློང་དག་སྐྱེ་བ་ན་སྡུག་བསྔལ་འདི་ཉིད་སྐྱེ་ལ། འགག་པ་ན་སྡུག་བསྔལ་འདི་ཉིད་འགག་གོ་སྐྱེ་བ་ན་འདུ་བྱེད་རྣམས་ཉིད་སྐྱེ་ལ། འགག་པ་ན་འདུ་ བྱེད་རྣམས་ཉིད་འགག་གོ་རྒྱུ་དེ་དག་དང། རྐྱེན་དེ་དག་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་འདུ་བྱེད་ཀྱི་རྒྱུད་འཇུག་པར་འགྱུར་རོ། །དགེ་སློང་དག་དེ་བཞིན་གཤེགས་ པས་ནི༑ སེམས་ཅན་རྣམས་ཀྱི་འདུ་བྱེད་ཀྱི་རྒྱུད་ཀྱི་ཉིང་མཚམས་སྦྱོར་བ་ཐུགས་སུ་ཆུད་ནས་འཆི་འཕོ་དང་སྐྱེ་བ་ཞེས་འདོགས་པར་མཛད་དོ། །ལྷའི་སྤྱན་རྣམ་པར་དག་པ་མིའི་ ལས་འདས་པས་སེམས་ཅན་རྣམས་འཆི་འཕོ་ཞིང་འདུག་པ་དང། སྐྱེ་ཞིང་འདུག་པ་དང། ཁ་དོག་བཟང་པོ་དང། ཁ་དོག་ངན་པ་དང་བཟང་པོ་དང་ངན་པ་དང། བདེ་འགྲོར་ འགྲོ་བ་རྣམས་དང། ངན་འགྲོར་འགྲོ་བ་རྣམས་དང། སེམས་ཅན་ལས་ཇི་ལྟ་བ་བཞིན་དུ་འགྲོ་བ་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཀྱེ་མ་སེམས་ [175B] ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ་དང། ངག་གི་ཉེས་པར་སྤྱོད་པ་དང་ལྡན་པ་དང། ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ་དང། འཕགས་པ་རྣམས་ལ་སྐུར་བ་འདེབས་ པ་དང། ལོག་པར་ལྟ་བ་དང། ལོག་པར་ལྟ་བའི་ལས་དང་ཆོས་ཡང་དག་པར་བླངས་པའི་ཕྱིར་རྒྱུ་དེ་དང། རྐྱེན་དེས་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ ལྟུང་བའི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ཀྱེ་མ་སེམས་ཅན་འདི་དག་ནི། ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ་དང་ངག་གི་ལེགས་པར་སྤྱོད་པ་དང་ ལྡན་པ་དང། ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ་དང། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ་དང། ཡང་དག་པར་ལྟ་བ་དང་ཡང་དག་པར་ལྟ་བའི་ལས་ དང་ཆོས་ཡང་དག་པར་བླངས་པའི་ཕྱིར་རྒྱུ་དེ་དང། རྐྱེན་དེས་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དགེ་སློང་ དག་ངས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བས་ན། ང་ནི། འདི་སྐད་དུ། ང་ནི། བདག་དེ་ཡིན་ནོ་ཞེའམ། ང་ནི། སེམས་ཅན་ནམ་སྲོག་གམ། སྐྱེ་བའམ། གསོ་བའམ་ གང་ཟག་གམ། ཤེད་བུའམ། ཤེད་ཅན་ནམ། བྱེད་པའམ། བྱེད་པ་པོ་འམ། སྨྲ་བ་པོའམ། ཚོར་བ་པོའམ། སྐྱེད་པ་པོའམ། ཀུན་ཏུ་སྐྱེད་པ་པོ་ཡིན་ནོ། །ཞེས་མི་ཟེར་རོ། །མ་སྐྱེས་ [176A]༄༅། །ཤིང་མ་བྱུང་ལ་འབྱུང་བར་མི་འགྱུར་ན་ཡང་ཕུང་པོ་འདི་དག་ནི། འདོར་ལ། ཕུང་པོ་གཞན་ནི། ལེན་པར་མི་འགྱུར་རོ་སྙམ་དུ་མི་འཛིན་ཏོ། །ཆོས་ཀྱི་ བརྡ་ཙམ་ནི། མ་གཏོགས་ཏེ། དེ་ལ་ཆོས་ཀྱི་བརྡ་ནི། འདི་ལྟ་སྟེ་འདི་ཡོད་ན་འདི་འབྱུང་ལ། འདི་སྐྱེས་པས་འདི་སྐྱེ་བར་འགྱུར་ཏེ་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་ འདུ་བྱེད་རྣམས་འབྱུང། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པར་འབྱུང། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་འབྱུང་མིང་དང་གཟུགས་ཀྱི་རྐྱེན་གྱིས་ སྐྱེ་མཆེད་དྲུག་འབྱུང། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་འབྱུང། རེག་པའི་རྐྱེན་གྱིས་ཚོར་བ་འབྱུང། ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང། སྲེད་པའི་རྐྱེན་གྱིས་ལེན་ པ་འབྱུང། ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང། སྲིད་པའི་རྐྱེན་གྱིས་སྐྱེ་བ་འབྱུང། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་ བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ་དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་ མེད་ན་འདི་མི་འབྱུང། འདི་འགགས་པས་འདི་འགག་པར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་འདུ་བྱེད་རྣམས་འགགས་པས་ [176B]རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་སྐྱེ་མཆེད་དྲུག་འགགས་པས་ རེག་པ་འགག་རེག་པ་འགགས་པས་ཚོར་བ་འགག་ཚོར་བ་འགགས་པས་སྲེད་པ་འགག་སྲེད་པ་འགགས་པས་ལེན་པ་འགག། ལེན་པ་འགགས་པས་སྲིད་པ་འགག་སྲིད་པ་ འགགས་པས་སྐྱེ་བ་འགག་སྐྱེ་བ་འགགས་པས་རྒ་ཤི་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས་འགག་པར་འགྱུར་ ཏེ༑ དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །དགེ་སློང་དག་དེ་ལྟར་རྒྱུ་བྱུང་ན་སྡུག་བསྔལ་འབྱུང་བར་འགྱུར་ལ། རྒྱུ་འགགས་ན་སྡུག་བསྔལ་ འགག་པར་འགྱུར་ཏེ། ལམ་ཆད་པས་འཇུག་པར་མི་འགྱུར་ལ། ཉིང་མཚམས་སྦྱོར་པ་མེད་པས་འགགས་པར་འགྱུར་ཏེ། སྡུག་བསྔལ་གྱི་མཐའ་ནི། དེ་ཁོ་ན་ཡིན་ནོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དཧའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ལན་གཉིས་སུ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ཇི་སྙམ་དུ་སེམས། གཟུགས་རྟག་པ་ ཡིན་ནམ། མི་རྟག་པ་ཡིན། གསོལ་པ། བཙུན་པ། དེ་ནི། མི་རྟག་པ་ལགས་སོ། །བཀའ་སྩལ་པ། མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བ་ཡིན་ནམ། སྡུག་བསྔལ་བ་མ་ཡིན་ [177A]༄༅། །གསོལ་པ། བཙུན་པ། དེ་ནི། སྡུག་བསྔལ་བ་ལགས་སོ། །བཀའ་སྩལ་པ། མི་རྟག་ཅིང་སྡུག་བསྔལ་བ། རྣམ་པར་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ ལ༑ ཅི་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་བདག་ཏུ་འཛིན་ཅིང། འདི་ནི། བདག་གི་ཡིན་ནོ། །འདི་ནི། བདག་ཡིན་ནོ། །འདི་ནི། བདག་གི་བདག་ཡིན་ནོ་སྙམ་དུ་འཛིན་ ཏམ༑ གསོལ་པ། བཙུན་པ། དེ་ནི། མ་ལགས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ཇི་སྙམ་དུ་སེམས། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་ པར་ཤེས་པ་རྟག་པ་ཡིན་ནམ། མི་རྟག་པ་ཡིན། གསོལ་པ། བཙུན་པ་དེ་ནི། མི་རྟག་པ་ལགས་སོ། །བཀའ་སྩལ་པ། མི་རྟག་པ་གང་ཡིན་པ་སྡུག་བསྔལ་བ་ཡིན་ ནམ༑ སྡུག་བསྔལ་བ་མ་ཡིན། གསོལ་པ། བཙུན་པ། དེ་ནི། སྡུག་བསྔལ་བ་ལགས་སོ། །བཀའ་སྩལ་པ། མི་རྟག་ཅིང་སྡུག་བསྔལ་ལ། རྣམ་པར་འགྱུར་བའི་ཆོས་ཅན་ ཡིན་པ་དེ་ལ། ཅི་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་བདག་ཏུ་འཛིན་ཅིང། འདི་ནི། བདག་གི་ཡིན་ནོ། །འདི་ནི། བདག་ཡིན་ནོ། །འདི་ནི། བདག་གི་བདག་ཡིན་ནོ།། སྙམ་དུ་འཛིན་ཏམ། གསོལ་པ། བཙུན་པ། དེ་ནི། མ་ལགས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ། དེ་བས་ན་གཟུགས་གང་ཡང་རུང་སྟེ་འདས་པ་དང། མ་འོངས་པ་ [177B] ད་ལྟར་བྱུང་བ་ནང་གིའམ། ཕྱི་རོལ་གྱིའམ། རགས་པའམ། ཆ་ཕྲ་བའམ། ངན་པའམ། བཟང་པོའམ། ཉེ་བའམ། རིང་བ་གང་རུང་བ་དེ་དག་ཐམས་ཅད་ནི། བདག་གི་ཡང་མ་ ཡིན༑ དེ་ནི། བདག་ཀྱང་མ་ཡིན་ཏེ། དེ་ཁོ་ན་ལྟར་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ་།རྒྱལ་པོ་ཆེན་པོ། ཇི་སྙམ་དུ་སེམས། ཚོར་ བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་གང་ཡང་རུང་སྟེ། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་ནང་གིའམ། ཕྱི་རོལ་གྱིའམ། རགས་ པའམ༑ ཆ་ཕྲ་བའམ། ངན་པའམ། བཟང་པོའམ། ཉེ་བའམ། རིང་བ་གང་ཡང་རུང་བ་དེ་དག་ཐམས་ཅད་ནི། བདག་གི་ཡང་མ་ཡིན། དེ་ནི། བདག་ཀྱང་མ་ཡིན། དེ་ནི་ བདག་གི་བདག་ཀྱང་མ་ཡིན་ཏེ། དེ་ཁོ་ན་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །དེ་ལྟར་མཐོང་བའི་ཐོས་པ་དང་ལྡན་པའི་འཕགས་ པ་ཉན་ཐོས་ནི། གཟུགས་ལས་སྐྱོ་བར་འགྱུར་རོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལས་སྐྱོ་བར་འགྱུར་རོ། །སྐྱོ་ན་མ་ཆགས་པར་འགྱུར་ རོ༑ ༑མ་ཆགས་ན་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་ན་བདག་ནི། རྣམ་པར་གྲོལ་ལོ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་སྟེ་བདག་གི་སྐྱེ་བ་ནི། ཟད་དོ། །ཚང་ [178A]༄༅། །པར་སྤྱོད་པ་སྤྱད་ཟིན་ཏོ། །བྱ་བ་ནི། བྱས་སོ། །སྲིད་པ་འདི་ལས་གཞན་མེད་དོ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་ཆོས་ཀྱི་རྣམ་གྲངས་འདི་ བཤད་པ་ན་ཡུལ་མ་ག་དཧའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ། ལྷ་བརྒྱད་ཁྲི་དང། ཡུལ་མ་ག་དཧའི་བྲམ་ཟེ་དང། ཁྱིམ་བདག་སྟོང་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་ མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་ཡུལ་མ་ག་དཧའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་ཆོས་མཐོང། ཆོས་རྙེད། ཆོས་རྟོགས། ཆོས་ཀྱི་གཏིང་ སླེབས། སོམ་ཉི་ལས་རྒལ། ཐེ་ཚོམ་ལས་རྒལ་ཏེ་གཞན་གྱི་དྲིང་མི་འཇོག་ཅིང། གཞན་གྱིས་བཀྲི་བ་མེད་ལ། སྟོན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་ སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ། བདག་ནི། འཕགས་ལགས་སོ། །འཕགས་ལགས་སོ། །བཙུན་པ་བདག་ནི། སངས་རྒྱས་དང། ཆོས་དང། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ དེ་ལ་སླན་ཆད་ཇི་སྲིད་འཚོའི་བར་དུ་ཁོད་ནས་དད་པའི་དགེ་བསྙེན་ལགས་པར་གཟུང་དུ་གསོལ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་གཤེགས་སུ་གསོལ། བདག་གིས་ [178B] དགེ་སློང་གི་དགེ་འདུན་རྣམས་ལ་བསྙེན་བཀུར་བགྱིའོ། །ཇི་སྲིད་འཚོའི་བར་དུ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པའི་ན་བཟའ་དང། ཞལ་ཟས་ དང། གཟིམས་ཆ་དང། གདན་དང། སྙུན་གསོས་དང། སྨན་ཟོང་རྣམས་སྦྱར་བར་འཚལ་ལོ། །ཞེས་གསོལ་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ གསོལ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ལྷ་བརྒྱད་ཁྲི་དང། ཡུལ་མ་ག་དཧའི་བྲམ་ཟེ་དང་ཁྱིམ་བདག་སྟོང་ཕྲག་དུ་མ་སྐྱབས་ སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་དང། གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་དང། གཞི་དེ་ལས་བཅོམ་ལྡན་འདས་ཀྱི་ གྲགས་པས་འཇིག་རྟེན་ཀུན་ཏུ་རྒྱས་པར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་རྒྱལ་པོ་གཟུགས་ ཅན་སྙིང་པོ་ལ་སོགས་པ་ལྷ་བརྒྱད་ཁྲི་དང། ཡུལ་མ་ག་དཧའི་བྲམ་ཟེ་དང། ཁྱིམ་བདག་སྟོང་ཕྲག་དུ་མ་མང་པོ་འདི་རྣམས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ དང། དགེ་བ་བཅུའི་ལས་ཀྱི་ལམ་ལ་ངས་ཇི་ལྟར་བཀོད་པ་དང། གཞི་དེས་ན་ངའི་གྲགས་པས་འཇིག་རྟེན་རྒྱས་པར་གྱུར་པ་དེ་ཉོན་ཅིག་།དགེ་སློང་དག་སྔོན་བྱུང་བ་འདས་པའི་ [179A]༄༅། །དུས་ན་གྲོང་ཁྱེར་རྡུལ་ལྡན་ཞེས་བྱ་བ་ན་རྒྱལ་པོ་ཕྱོགས་ཀྱི་བདག་པོ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང། རྒྱས་པ་དང། བདེ་བ་དང། ལོ་ ལེགས་པ་དང། སྐྱེ་བོ་དང་མི་མང་པོས་གང་བ་དང། རྩོད་པ་དང་འཐབ་པ་ཞེ་བ་དང། འཁྲུག་པ་དང་ནང་འཁྲུག་དང་ཆོམ་རྐུན་དང་ནད་དང་མུ་གེ་མེད་པ་དང། འབྲས་སཱ་ལུ་ དང་བུ་རམ་ཤིང་དང་བ་ལང་དང་མ་ཧེ་དང་ལྡན་པར་འདུག་སྟེ་གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་རྒྱལ་སྲིད་བྱེད་དོ། །དེ་ནས་རྒྱལ་པོ་དེ་ བཙུན་མོ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་བཙུན་མོ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ། བཅུ་ལོན་པ་དང། བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་ མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་མིང་རྡུལ་ཞེས་བྱ་བར་བཏགས་སོ། །དེ་ནས་ཁྱེའུ་རྡུལ་པང་ན་འཚོ་བའི་མ་མ་གཉིས་དང། ནུ་མ་སྣུན་པའི་མ་ མ་གཉིས་དང། དྲི་མ་འཁྲུ་བའི་མ་མ་གཉིས་དང། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས་དེ་མ་མ་བརྒྱད་ཀྱིས་འོ་མ་དང། ཞོ་དང། མར་དང། ཞུན་མར་དང་ མར་གྱི་སྙིང་ཁུ་དང། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་ [179B]རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱི་བཟོའི་གནས་དང། ལས་ཀྱི་གནས་ཐ་དད་པ་འདི་ལྟ་སྟེ། གླང་པོ་ཆེ་ཞོན་ པ་དང། རྟ་ཞོན་པ་དང། མཚོན་ཆ་བཅང་བ་དང། འཕོང་དང་མདུན་དུ་བསྣུར་བ་དང། ཕྱིར་བསྣུར་བ་དང། གཡུལ་ལས་ཐར་པར་བྱ་བ་དང། ལྕགས་ཀྱུས་གཟུང་བ་དང་ ཞགས་པས་གཟུང་བ་དང། མདའ་བོ་ཆེ་འཕང་བ་དང། རྡོ་རྗེ་རྩེ་གཅིག་པ་འཕང་བ་དང། མཚོན་རྩེ་གཅིག་པ་གདབ་པ་དང། འཁོར་ལོ་འཕང་བ་དང། གཅད་པ་དང། གཤེག་ པ་དང། ལག་པས་གཟུང་བ་དང། རྐང་བའི་སྟབས་དང། མགོ་བོ་བསྐྱབ་པ་དང། རྒྱང་མར་འཕང་བ་དང། སྒྲ་གྲགས་པར་འཕང་བ་དང། གནད་དུ་འཕང་བ་དང། གདོན་མི་ ཟ་བར་ཕོག་པར་བྱ་བ་དང། ཚབས་ཆེར་བཏབ་པ་རྣམས་ཀྱང་བསླབས་ནས་གནས་ལྔ་ལ་བྱང་བར་གྱུར་ཏོ། །རྒྱལ་པོ་ཕྱོགས་ཀྱི་བདག་པོའི་མདུན་ན་འདོན་ནི། བྲམ་ཟེ་ཁྱབ་འཇུག་ ཅེས་བྱ་བ་ཡིན་ཏེ། དེ་ཡང་མཁས་ཤིང་གསལ་ལ་ཡིད་གཞུངས་པ་རྩིས་མགོའི་ཐབས་ཤེས་པའི་ཤེས་རབ་དང་དཔྱོད་པ་དང་ལྡན་པ་ཞིག་སྟེ། དེ་རྒྱལ་པོ་ཕྱོགས་ཀྱི་བདག་པོའི་ རྒྱལ་པོའི་འཕྲིན་ལས་སུ་བྱ་བ་ཐམས་ཅད་བྱེད་ལ། རྒྱལ་པོ་ཕྱོགས་ཀྱི་བདག་པོས་ཀྱང་མདུན་ན་འདོན་བྲམ་ཟེ་ཁྱབ་འཇུག་དེ་ལ་རྒྱལ་སྲིད་གཏད་ནས་ཁང་བཟང་གི་སྟེང་ན་འདུག་ [180A]༄༅། །ཅིང། བུད་མེད་འབའ་ཞིག་དང་སིལ་སྙན་གྱིས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །ཕྱི་ཞིག་ན་བྲམ་ཟེ་ཁྱབ་འཇུག་གི་ཆུང་མ་ལ་བུ་ཆགས་ནས་དེ་ ཟླ་བ་དྒུའམ། བཅུ་ལོན་པ་དང། བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་མིང་མེ་སྐྱོང་ཞེས་བཏགས་སོ། ། དེ་ནས་ཁྱེའུ་མ་སྐྱོང་འོ་མ་དང། ཞོ་དང། མར་དང། ཞུན་མར་དང། མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང། བྲམ་ཟེའི་སྤྱོད་ལམ་ དང། སྤྱོད་པ་དང། ཨོཾ་ཞེས་བྱ་བ་དང། བཧོ་ཞེས་བྱ་བ་དང་གཙང་སྦྲ་དང། ཆོ་ག་དང། ཐལ་བ་བླང་བ་དང། རིལ་བ་ཐོགས་པ་དང། ངེས་བརྗོད་ཀྱི་རིག་བྱེད་དང། མཆོད་ སྦྱིན་གྱི་རིག་བྱེད་དང། སྙན་ཚིག་གི་རིག་བྱེད་དང། སྲིད་སྲུང་གི་རིག་བྱེད་དང། མཆོད་སྦྱིན་བྱ་བ་དང། མཆོད་སྦྱིན་བྱེད་དུ་གཞུག་པ་དང། སྦྱིན་པ་དང། བླང་བ་དང། ཁ་ ཏོན་བྱ་བ་དང། ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས་ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ་དེ་མཐར་གྱིས་རིག་པའི་གནས་བཅོ་བརྒྱད་ལ་བྱུང་བར་ གྱུར་ཏོ༑ །དེ་ནས་དེའི་ཕས་ཁྱེའུ་མེ་སྐྱོང་ལ་སྨྲས་པ། བུ་ཁྱེའུ་འདི་ནི། ཡབ་འདས་པའི་འོག་ཏུ་ཡབ་ཀྱི་ཐབས་ཀྱིས་རྒྱལ་སར་འཇུག་པར་འགྱུར་ལ། ཁྱོད་ནི། འདིའི་མདུན་ [180B] འདི་ལ་ཁྱོད་ཀྱིས་སྐོར་ཅིག་སྔ་ནས་སྐོར་དང་ཁྱོད་ལ་འབྲས་བུ་ཡོད་པར་འགྱུར་རོ། །མེ་སྐྱོང་གིས་སྨྲས་པ། ཇོ་བོས་ཇི་སྐད་བཀའ་སྩལ་པ་བཞིན་དུ་འཚལ་ལོ། ། ཞེས་སྨྲས་ནས་གཞོན་ནུ་རྡུལ་གྱི་ཕྱི་བཞིན་དུ་གྲིབ་མ་བཞིན་དུ་འབྲང་ངོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་ཁྱབ་འཇུག་ཤི་ནས་དེ་ཤི་བའི་ཕྱིར་རྒྱལ་པོ་ཕྱོགས་ཀྱི་བདག་པོ་ཤིན་ཏུ་མྱ་ངན་ བྱེད་ཅིང་སྡུག་བསྔལ་ལ་སྨྲེ་སྔགས་འདོན་པར་བྱེད་དོ། །དེ་ནས་གཞོན་ནུ་རྡུལ་གྱིས་གསོལ་པ། ལྷ། ཁྱོད་ཅིའི་སླད་དུ་བྲམ་ཟེ་ཁྱབ་འཇུག་གུམ་པའི་སླད་དུ་ཤིན་ཏུ་ཐུགས་ངན་མཛད་ ཅིང་འོ་བརྒྱལ་ལ་སྨྲེ་སྔགས་འདོན་ཅིང་བཞུགས། རྒྱལ་པོས་སྨྲས་པ། བྲམ་ཟེ་ཁྱབ་འཇུག་ནི། ངའི་རྒྱལ་པོའི་འཕྲིན་ལས་སུ་བྱ་བ་ཐམས་ཅད་བྱེད་བྱེད་དེ། དེའི་མཐུས་ང་སྙིང་ཁྲལ་ ཆུང་དུར་འདུག་གོ་གཞོན་ནུ་རྡུལ་གྱིས་གསོལ་པ། ལྷ། ཁྱོད་བྲམ་ཟེ་ཁྱབ་འཇུག་གུམ་པའི་སླད་དུ་ཧ་ཅང་ཐུགས་ངན་མ་མཛད། ཧ་ཅང་འོ་བརྒྱལ་བར་མ་མཛད། ཧ་ཅང་སྨྲེ་སྔགས་ འདོན་པར་མ་མཛད་ཅིག་དང། ལྷ་མཁན་པོ་དེ་ཉིད་ཀྱི་བུ་བྲམ་ཟེའི་ཁྱེའུ་མེ་སྐྱོང་ཞེས་བྱ་བ་ཕ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་ཞིག་མཆིས་པ་དེ་ལྷས་མདུན་ན་འདོན་དུ་བསྒོ་ བར་གསོལ། འོན་ཏང་དེས་ལྷའི་རྒྱལ་པོའི་འཕྲིན་ལས་སུ་བགྱི་བ་ཐམས་ཅད་བགྱིད་པར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་ཕྱོགས་ཀྱི་བདག་པོས་བྲམ་ཟེའི་ཁྱེའུ་མེ་སྐྱོང་ [181A]༄༅། །འགུགས་པ་བཏང་ནས་མདུན་ན་འདོན་དུ་བཅུག་གོ་དེ་ནས་དེས་ཀྱང་རྒྱལ་པོ་དེའི་བྱ་བ་ཐམས་ཅད་ཉམས་སུ་བླངས་སོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཕྱོགས་ ཀྱི་བདག་པོས་གཞོན་ནུ་རྡུལ་རྒྱལ་སར་བཅུག་ནས་ཕྱོགས་ཀྱི་བདག་པོ་ཤིའོ། །དེ་ནས་དེའི་མིང་གཞོན་ནུ་རྡུལ་ཞེས་བྱ་བ་དེ་མེད་པར་གྱུར་ནས་རྒྱལ་པོ་རྡུལ་ཞེས་བྱ་བར་གྱུར་ཏོ།། དེ་ནས་རྒྱལ་པོ་རྡུལ་གྱིས་ཀྱང་བྲམ་ཟེའི་ཁྱེའུ་མེ་སྐྱོང་འགུགས་པ་བཏང་ནས་དེ་ལ་སྨྲས་པ། མཁན་པོ། ཁྱོད་ཀྱིས་ཇི་ལྟར་ངའི་ཡབ་ཀྱི་རྒྱལ་པོའི་འཕྲིན་ལས་སུ་བྱ་བ་ཐམས་ཅད་ བྱས་པ་དེ་བཞིན་དུ་ངའི་ཡང་གྱིས་ཤིག་བྲམ་ཟེའི་ཁྱེའུ་གསོལ་པ། ལྷ། དེ་བཞིན་དུ་འཚལ་ལོ། །ཞེས་གསོལ་ནས་བྲམ་ཟེའི་ཁྱེའུ་མེ་སྐྱོང་གིས་རྒྱལ་པོ་རྡུལ་གྱི་རྒྱལ་སྲིད་ཀྱི་ བྱ་བ་ཐམས་ཅད་ཉམས་སུ་བླངས་སོ། །དེ་ནས་དེའི་མིང་མེ་སྐྱོང་ཞེས་བྱ་བ་གང་ཡིན་པ་དེ་མེད་པར་གྱུར་ནས་མེ་སྐྱོང་ཁྱབ་འཇུག་ཅེས་བྱ་བར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་རྡུལ་གྱི་སྔོན་ གཞོན་ནུའི་ཚེ་མཛའ་ཞིང་བཤེས་ལ་གཙུགས་པ། རྒྱལ་རིགས་གཞོན་ནུ་དྲུག་ཅིག་ཡོད་པ་དེ་དག་རྒྱལ་པོ་དེའི་ཐད་དུ་འོངས་ནས་སྨྲས་པ། ལྷས་བདག་ཅག་གི་ཡུལ་དབོག་ཏུ་ གསོལ། དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོས་མེ་སྐྱོང་ཁྱབ་འཇུག་ལ་བཀའ་སྩལ་ཏེ། མཁན་པོ། ཁྱོད་ཀྱིས་ས་ཆེན་པོ་འདི་ཆ་བདུན་དུ་བགོས་ལ། ཆ་དྲུག་ནི། གཞོན་ནུ་འདི་རྣམས་ [181B]ཆ་གཅིག་ནི། ངའི་བྱའོ། །དེས་གསོལ་པ། ལྷ་དེ་བཞིན་དུ་འཚལ་ལོ། །ཞེས་བྱས་ནས་མེ་སྐྱོང་ཁྱབ་འཇུག་གིས་ས་ཆེན་པོ་འདི་ཆ་བདུན་དུ་བགོས་ཏེ། ཆ་དྲུག་ནི་ གཞོན་ནུ་དྲུག་པོ་རྣམས་ལ་བྱིན་ནོ། །ཆ་གཅིག་ནི། རྒྱལ་པོ་རྡུལ་གྱི་སྐལ་བར་ལུས་ཤིང་འདུག་གོ་དེ་ནས་རྒྱལ་པོ་རྡུལ་གྱིས་རྒྱལ་རིགས་དྲུག་པོ་དེ་དག་རང་རང་གི་རྒྱལ་སྲིད་ལ་ བཀོད་དོ། །དེ་ནས་མེ་སྐྱོང་ཁྱབ་འཇུག་ནི། འཛམ་བུ་གླིང་ཐམས་ཅད་དུ་ཚངས་པར་བཀུར་ཏེ། བྲམ་ཟེ་ཁྱབ་འཇུག་ནི། ཚངས་པའི་ལམ་ཡིན་ནོ་སྙམ་དུ་འཛིན་ཅིང་ཚངས་པའི་ ལམ་ཡིན་པར་བལྟའོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་ཁྱབ་འཇུག་འདི་སྙམ་དུ་སེམས་ཏེ། བདག་ནི། རྒྱལ་ཁམས་ཐམས་ཅད་ཀྱི་མི་རྣམས་ཀྱིས་ཚངས་པར་བཀུར་ཏེ། བྲམ་ཟེ་ཁྱབ་ འཇུག་ནི། ཚངས་པའི་ལམ་ཡིན་ནོ་སྙམ་དུ་འཛིན་ཅིང་ཚངས་པའི་ལམ་ཡིན་པར་ལྟ་ལ། གནའི་བྲམ་ཟེ་རྒས་ཤིང་འཁོགས་ལ་གཏུགས་པ་སྡེ་ཚན་གྱི་སློབ་དཔོན་ཆེན་པོ་དག་ ལས་བདག་གིས་ཐོས་ན། བྲམ་ཟེ་གང་གིས་དབྱར་ཟླ་བ་བཞིའི་བར་དུ་བྱམས་པ་དང་ལྡན་པའི་སེམས་ཀྱིས་གནས་པ་དེ་ལ་མི་མཇེད་ཀྱི་བདག་པོ་ཚངས་པ་བལྟར་འོང་ངོ། །ཞེས་ ཟེར་གྱི། མ་ལ་བདག་གིས་ཐམས་ཅད་སྤངས་ཏེ་ཁང་བཟང་གི་སྟེང་དུ་སོང་ལ་བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་དང་ལྡན་པའི་སེམས་ཀྱིས་གནས་པར་བྱ་ [182A]༄༅། །གོར་མ་ཆག་སྙམ་ནས་རྒྱལ་པོ་ལ་གསོལ་པ། ལྷ་མཁྱེན་པར་མཛད་དུ་གསོལ། བདག་ནི། དབྱར་ཟླ་བ་བཞིར་ཚངས་པའི་གནས་པས་གནས་ འཚལ་ཏེ། དེ་བས་ན་ལྷས་ལྷ་ཉིད་ཀྱི་རྒྱལ་པོའི་འཕྲིན་ལས་སུ་བགྱི་བ་གང་ལགས་པ་ཐམས་ཅད་བགྱིད་པའི་མདུན་ན་འདོན་གཞན་ཞིག་བསྐོ་བར་གསོལ་ཞེས་བྱས་སོ། ། དེ་ནས་རྒྱལ་པོ་རྡུལ་གྱིས་སྨྲས་པ། ཁྱོད་ཇི་ལྟར་དགའ་བ་དེ་བཞིན་དུ་བྱའོ། །དེ་ནས་དེ་ཐོག་མ་ཐག་ཏུ་བྲམ་ཟེ་ཁྱབ་འཇུག་ཆེན་པོས་ལས་སུ་བྱ་བ་ཐམས་ཅད་སྤངས་ནས་ ཁང་བཟང་གི་སྟེང་དུ་སོང་སྟེ་ཁང་བཟང་གི་སྟེང་ན་འདུག་ཅིང་བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་དང་ལྡན་པའི་སེམས་ཀྱིས་གནས་སོ། །དེ་ནས་ ཕྱི་ཞིག་ན་དེ་ལ་མི་མཇེད་ཀྱི་བདག་པོ་ཚངས་པ་བལྟར་འོངས་ནས་མི་མཇེད་ཀྱི་བདག་པོ་ཚངས་པའི་ཁ་དོག་གི་མཐུས་ཁང་བཟང་དེ་དག་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་ པར་གྱུར་ཏོ། །དེ་ནས་དེ་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ་བདག་གིས་ཁ་དོག་འདི་འདྲ་བ། །སྔོན་ཆད་མ་མཐོང་མ་ཐོས་ཏེ་།ཁ་དོག་ལྡན་ཞིང་གཟུགས་བཟང་བ། །གྲོགས་ པོ་ཁྱོད་ནི་སུ་ཞིག་ལགས། །མི་མཇེད་ཀྱི་བདག་པོ་ཚངས་པས་སྨྲས་པ། གཞོན་ནུ་བརྒྱ་བྱིན་ལ་སོགས་དང། །དེ་བཞིན་ལུས་ཅན་གཞན་དག་ཀྱང། །བདག་ལ་ཚངས་པའི་ [182B] །ཁྱབ་འཇུག་དེ་ལྟར་ཤེས་པར་གྱིས། །བྲམ་ཟེ་ཆེ་ཞིང་མཐོ་བ་ཁྱབ་འཇུག་གིས་སྨྲས་པ། ཚངས་པ་ཁྱོད་ལ་འདུད་པར་བགྱི། །ཚངས་པ་ཁྱོད་ལ་མཆོད་པར་འཚལ་ན་ བདག་གི་ཚིག་ནི་གསན་ནས་ཀྱང། །ལན་ནི་མྱུར་དུ་བཀའ་སྩོལ་ཅིག་།མི་མཇེད་ཀྱི་བདག་པོ་ཚངས་པས་སྨྲས་པ། ཁྱབ་འཇུག་ཁྱོད་ཀྱིས་སྨྲས་པ་ཡི། །ཚིག་ནི་བདག་གིས་གཟུང་ བར་བྱ༑ ༑དྲི་བ་ཡིད་ལ་ཅི་འདོད་པ། །བྲམ་ཟེ་ངལ་དྲི་བར་གྱིས་།ཚེ་འདི་ཡི་ནི་དོན་ཡང་རུང། །ཕྱི་མའི་ཚེ་ཡི་དོན་ཡང་རུང་།ཁྱོད་ཀྱིས་དྲིས་པ་དེ་དང་དེ། །ངས་ནི་ངེས་པར་གཅད་ པར་བྱ༑ ༑བྲམ་ཟེ་ཁྱབ་འཇུག་ཆེན་པོས་སྨྲས་པ། བདག་གི་ཐེ་ཚོམ་གཞན་བརྟགས་ཐེ་ཚོམ་རྣམས། །བྲམ་ཟེ་ཀུན་འགྱེད་གཞོན་ནུ་དྲི་བར་བགྱི། །གང་ལ་གནས་ཤིང་ཅི་ལ་བསླབ་ བགྱིས་ན། །རྡུལ་མེད་མིས་ནི་ཚངས་པའི་འཇིག་རྟེན་འཐོབ། །མི་མཇེད་ཀྱི་བདག་པོ་ཚངས་པས་སྨྲས་པ། །ཚངས་པ་མི་ཡིས་ང་རྒྱལ་སྤངས་བྱས་ལ། །རྩེ་གཅིག་བཏུད་དེ་སྙིང་ རྗེ་མོས་བྱས་ཤིང། །དྲིང་མེད་ཅིང་འཁྲིག་པ་རབ་སྤངས་ལ། །དེ་ལ་གནས་ཤིང་དེ་ལ་བསླབ་བྱས་ན། །རྡུལ་མེད་མི་ཡིས་ཚངས་པའི་འཇིག་རྟེན་འཐོབ། །བྲམ་ཟེ་ཁྱབ་འཇུག་ཆེན་ པོས་སྨྲས་པ། ཚངས་པ་གང་དག་མི་ཡི་དྲིང་ལགས། །ཆུ་འགྲམ་ཆུས་ཡོག་བཞིན་དུ་གང་གིས་གཡོགས། །ངན་སོང་རྒྱུ་སྟེ་འཇིག་རྟེན་ཐམས་ཅད་བསྒྲིབས། །ཚངས་པ་འཐོབ་ [183A]༄༅། །པའི་ལམ་ཡང་ཡོང་མི་ཤེས། །མི་མཇེད་ཀྱི་བདག་པོ་ཚངས་པས་སྨྲས་པ། ཁྲོ་དང་རྫུན་དང་ངན་སེམས་འཚེ་བ་དང། །ངན་དུ་བྱེད་དང་བློ་མེད་ཕྲ་ མ་དང། །ཆགས་དང་སྡང་དང་དེ་བཞིན་གཏི་མུག་དང། །འཆབ་པ་དང་ནི་སེར་སྣ་གཏུམ་ཚིག་རྣམས། །བྲམ་ཟེ་འདི་དག་མི་ཡི་དྲི་ང་བ། །ཆུ་འགྲམ་ཆུས་གཡོགས་བཞིན་དུ་ དེ་ཡིས་གཡོགས། །ངན་སོང་རྒྱུ་སྟེ་འཇིག་རྟེན་ཐམས་ཅད་བསྒྲིབས་།ཚངས་པ་འཐོབ་པའི་ལམ་ཡང་ཡོང་མི་ཤེས། །ཆོས་འདི་རྟག་ཏུ་སྤྱོད་པ་ཡིན། །དེ་རྣམས་ལས་ནི་འདས་ གྱུར་ན༑ ༑ཚངས་པ་དག་ཏུ་སྐྱེ་འགྱུར་གྱི། །ཁྱོད་ཀྱིས་བརྟན་པོར་སྒྲིམ་པར་གྱིས། །དེ་སྐད་ཅེས་སྨྲས་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །མི་མཇེད་ ཀྱི་བདག་པོ་ཚངས་པ་མི་སྣང་བར་གྱུར་ནས་རིང་པོ་མ་ལོན་པར་བྲམ་ཟེ་ཁྱབ་འཇུག་ཆེན་པོས་བསམ་པ། མི་མཇེད་ཀྱི་བདག་པོ་ཚངས་པས་ཇི་སྐད་བཤད་པའི་དོན་བདག་ གིས་ཤེས་ཏེ། འདི་ལྟར་བདག་ཁྱིམ་པར་འདུག་སྟེ་ཁྱིམ་ན་གནས་བཞིན་དུ་ནི། གཅིག་ཏུ་བརྟུལ་ཏེ་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ། མ་འདྲེས་པ། ཡོངས་སུ་རྫོགས་ པ༑ ཡོངས་སུ་དག་པ། ཡོངས་སུ་བྱང་བ་སྤྱད་པར་དཀའ་ན། མ་ལ་བདག་གིས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ཚོན་ཅན་རྣམས་བགོས་ལ་ཡང་དག་པའི་དད་པས་ཁྱིམ་ནས་ [183B]།དེ་ནས་ཕྱི་ཞིག་ན་རྒྱལ་པོ་རྡུལ་བྲམ་ཟེ་ཁྱབ་འཇུག་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྲམ་ཟེ་ཁྱབ་འཇུག་ཆེན་པོའི་རྐང་པ་ལ་ མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་དེ་ནས་བྲམ་ཟེ་ཁྱབ་འཇུག་ཆེན་པོས་རྒྱལ་པོ་རྡུལ་ལ་འདི་སྐད་ཅེས་སྨྲས་སོ། །ཡུལ་བདག་རྒྱལ་ཆེན་རྡུལ་གྱིས་ནི། །དེ་རིང་ བདག་གི་ཚིག་གསོན་ཅིག་ཁྱོད་ཉིད་ཀྱིས་ནི་རྒྱལ་སྲིད་སྲུངས་།ཁྱབ་འཇུག་བདག་ནི་སྤྲོ་བ་མེད། །རྒྱལ་པོ་རྡུལ་གྱིས་སྨྲས་པ་ཁྱོད་ཀྱི་འདོད་པ་མ་བསྐངས་ན། །དེ་ནི་བདག་ གིས་ངེས་པར་བསྐང། །ཁྱོད་ཀྱི་གནོད་པ་བདག་གིས་བསལ། །ཁྱབ་འཇུག་བདག་ནི་མ་དོར་ཅིག་ཁྱབ་འཇུག་ཆེན་པོས་སྨྲས་པ། བདག་གི་འདོད་པ་མ་སྐོང་མེད། །བདག་ལ་ གནོད་པ་བྱེད་པའང་མེད། །མི་མ་ཡིན་པའི་ཚིག་ཐོས་ནས། །ཁྱིམ་ན་གནས་པར་སྤྲོ་བ་མེད། །རྒྱལ་པོ་རྡུལ་གྱིས་སྨྲས་པ། བྲམ་ཟེ་སུ་ཡི་ཚིག་ཐོས་པས། །ང་དང་འདོད་པ་སྤོང་ བྱེད་པ༑ ༑མི་མ་ཡིན་པ་ཅི་འདྲ་བ། །དྲིས་པ་དེ་ནི་བདག་ལ་སྨྲོས་།ཁྱབ་འཇུག་ཆེན་པོས་སྨྲས་པ། སྙིང་རྗེ་ལ་ནི་གནས་ནས་ཀྱང་།དབེན་པའི་བསམ་གཏན་བྱེད་པ་ན། །དེ་ཚེ་ ཚངས་པ་བྱུང་ནས་ནི། །ཕྱོགས་རྣམས་ཐམས་ཅད་སྣང་བར་བྱས་།བདག་གིས་དེ་ཡི་ཚིག་ཐོས་ནས། །ཁྱིམ་དུ་གནས་པར་སྤྲོ་བ་མེད་།རྒྱལ་པོ་རྡུལ་གྱིས་སྨྲས་པ། མཁན་པོ་ [184A]༄༅། །ཁྱོད་ནམ་བདག་གི་བུ་ཐུ་བོ་རྒྱལ་སར་མ་བཅུག་གི་བར་དུ་སྡོད་ཅིག་དང། མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་བདག་ཀྱང་རབ་ཏུ་འབྱུང་བར་བྱའོ། ། ཞེས་སྨྲས་ནས་ཚིགས་སུ་བཅད་དེ་སྨྲས་པ། བྲམ་ཟེ་གང་དུ་འགྲོ་བ་དེར། །བདག་ཀྱང་དེར་ནི་འགྲོ་བར་བྱ། །བདག་གིས་ཁྱོད་ཀྱི་སློབ་མ་བྱ། །བདག་གི་སྟོན་པ་ཁྱབ་འཇུག་ ཁྱོད༑ ༑ཁྱབ་འཇུག་ཆེན་པོས་སྨྲས་པ། སོ་སོའི་སྐྱེ་བོ་གར་ཆགས་པ། །འདོད་པ་དེ་ནི་སྤང་བར་གྱིས། །འདོད་པ་རྣམས་ལ་མ་ལྟ་བར་།བདེན་པའི་ཆོས་ལ་གནས་པར་གྱིས།། རྒྱལ་པོ་རྡུལ་གྱིས་སྨྲས་པ། ཚངས་པ་དག་པར་སྐྱེ་བའི་ཕྱིར་།ནམ་མཁའ་དྲི་མེད་ལྟ་བུ་དང། །ནོར་བུ་བཻ་ཌཱུར་དག་པ་ལྟར་།ཚངས་པར་སྤྱོད་པ་སྤྱད་པར་བྱ། །ཁྱབ་པར་འཇུག་ཆེན་ པོས་སྨྲས་པ། རྒྱལ་པོ་ཆེན་པོ། དེའི་དུས་ལ་བབ་པར་མཁྱེན་ན་དེ་ལྟར་མཛོད་ཅིག་ཅེས་བྱས་ནས་བྲམ་ཟེ་ཁྱབ་འཇུག་ཆེན་པོས་རྒྱལ་རིགས་ཀྱི་རྒྱལ་པོ་དྲུག་ལ་སྨྲས་པ། ཀྱེ་ བདག་ནི། སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ཚོན་ཅན་བགོས་ལ་ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འདོད་ན། ཁྱེད་ཇི་ལྟར་བྱེད། དེ་དག་གིས་ སྨྲས་པ༑ མཁན་པོ། ཁྱོད་ལོ་བདུན་གྱི་བར་དུ་སྡོད་ཅིག་དང། ལོ་བདུན་ལོན་ནས་བདག་ཅག་གི་བུ་དང་ནུ་བོ་དག་རྒྱལ་སར་བཅུག་ལ་མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་བདག་ [184B] །ཁྱབ་འཇུག་ཆེན་པོས་སྨྲས་པ་ཀྱེ་ལོ་བདུན་ནི། ཧ་ཅང་ཡུན་རིང་ཆེས་སོ། །འདོད་པ་རྣམས་ནི་ཆགས་པར་འགྱུར་བའོ། །ལོངས་སྤྱོད་རྣམས་ནི་ བཏགས་[?]པར་འགྱུར་བའོ། །འཚོ་བ་དང་འཆི་བ་ནི། དྲོད་གཟུང་དཀའོ། །ལོ་བདུན་ལོན་ནས་ཁྱེད་རབ་ཏུ་འབྱུང་ངམ་མི་འབྱུང་ཡང་གཏོལ་མེད་ཀྱི། བདག་ཇེ་རབ་ཏུ་འབྱུང་ངོ། །དེ་དག་ གིས་སྨྲས་པ། མཁན་པོ། ཁྱོད་རེ་ཞིག་སྡོད་ཅིག་དང། ལོ་དྲུག་གམ་ལྔའམ། བྮིའམ། གསུམ་མམ། གཉིས་སམ། གཅིག་གམ། དེ་བཞིན་དུ་ཟླ་བ་བདུན་ནམ་ དྲུག་གམ། ལྔའམ། བྮིའམ། གསུམ་མམ། གཉིས་སམ། གཅིག་གམ། ཞག་བདུན་ནམ། དྲུག་གམ། ལྔའམ། བྮིའམ། གསུམ་མམ། གཉིས་སམ། གཅིག་ ལོན་ནས་བདག་ཅག་གི་བུ་དང་ནུ་བོ་རྣམས་རྒྱལ་སར་བཅུག་ནས་མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་བདག་ཅག་ཀྱང་རབ་ཏུ་འབྱུང་ངོ་།ཁྱབ་འཇུག་གིས་སྨྲས་པ། ཀྱེ་ཞག་བདུན་ ཡང་ཧ་ཅང་ཡུན་མི་རིང་ངམ། འདོད་པ་རྣམས་ནི། ཆགས་པར་འགྱུར་བའོ། །ལོངས་སྤྱོད་རྣམས་ནི། རྒྱགས་པར་འགྱུར་བའོ། །འཚོ་བ་དང་འཆི་བ་ནི། དྲོད་གཟུང་བར་དཀའོ། ། ཞག་བདུན་ལོན་ནས་ཀྱང་ཁྱེད་རབ་ཏུ་འབྱུང་ངམ་མི་འབྱུང་གཏོལ་མེད་ཀྱི། བདག་ཇེ་རབ་ཏུ་འབྱུང་ངོ། །དེ་དག་གིས་སྨྲས་པ། ཞག་བདུན་ཡང་བཏང་སྟེ། དེང་ཉིད་དུ་བདག་ཅག་གི་ [185A]༄༅། །བུ་དང་ནུ་བོ་དག་རྒྱལ་སར་བཅུག་ནས་མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་བདག་ཅག་ཀྱང་རབ་ཏུ་འབྱུང་ངོ། །ཁྱབ་འཇུག་གིས་སྨྲས་པ། ཁྱེད་ཀྱིས་དེའི་དུས་ལ་བབ་ པར་ཤེས་ན། དེ་ལྟར་གྱིས་ཤིག་དེ་ནས་བྲམ་ཟེ་ཁྱབ་འཇུག་ཆེན་པོས་རྒྱལ་རིགས་ཀྱི་རྒྱལ་པོ་དྲུག་གི་འཁོར་བལྟས་ནས་བྲམ་ཟེ་ཆེ་ཞིང་མཐོ་བ་བདུན་བལྟས་སོ། །བྲམ་ཟེ་ཆེ་ ཞིང་མཐོ་བ་བདུན་བལྟས་ནས་བཤེས་པའི་བུད་མེད་བཞི་བཅུ་བལྟས་སོ། །བཤེས་པའི་བུད་མེད་བཞི་བཅུ་བལྟས་ནས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བལྟས་སོ། །བྲམ་ཟེའི་ཁྱེའུ་ལྔ་ བརྒྱ་བལྟས་ནས་ཤིང་རྟའི་ཁ་ལོ་པ་རྣམས་དང། གླང་པོ་ཆེའི་ཁ་ལོ་པ་རྣམས་དང། རྟ་པ་རྣམས་དང། ཤིང་རྟ་པ་རྣམས་དང་མཚོན་ཆ་ཅན་རྣམས་དང། འཕོང་བ་རྣམས་ དང། ཞམ་འབྲིང་བ་རྣམས་དང། ཚལ་ཟ་བ་རྣམས་དང། དྲག་ཤུལ་ཅན་རྣམས་དང། དཔའ་བོ་རྣམས་དང། རབ་གནོན་རྣམས་དང། ཚན་པོ་ཆེ་ཆེན་པོ་རྣམས་དང་ རྒྱལ་པོའི་སྲས་དུ་མ་དག་བལྟས་ཏེ། ཀྱེ་བདག་ནི། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ཚོན་ཅན་རྣམས་བགོས་ལ་ཡང་དག་པའི་དད་པ་ཁོ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ན་ ཁྱེད་ཇི་ལྟར་བྱེད། དེ་དག་གིས་སྨྲས་པ། བདག་ཅག་ཀྱང་མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་ངོ། །ཁྱབ་འཇུག་གིས་སྨྲས་པ། ཁྱེད་ཀྱིས་དེའི་དུས་ལ་བབ་པར་ [185B] དེ་བཞིན་དུ་གྱིས་ཤིག་ཅེས་བྱས་ནས་བྲམ་ཟེ་ཁྱབ་འཇུག་ཆེན་པོས་ཁྱིམ་གྱི་འཁོར་ཐམས་ཅད་བཏང་སྟེ་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ཏེ་དུ་མ་ཞིག་དབུལ་ བོར་བཏང་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ཚོན་ཅན་རྣམས་བགོས་ནས་ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ། །རབ་ཏུ་བྱུང་ནས་ཀྱང་ནགས་ཁྲོད་ ཅིག་ཏུ་གནས་བཅས་ནས་ཡལ་ག་དང། ལོ་མའི་སྤྱིལ་པོ་ཕུབ་སྟེ་དེ་དེ་ན་འདུག་ནས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་ གྱུར་ཏོ༑ ༑ཁྱབ་འཇུག་རབ་ཏུ་བྱུང་ནས་རྒྱལ་པོ་རྡུལ་གཡོག་འཁོར་འབུམ་ཕྲག་དུ་མ་དང་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ཚོན་ཅན་རྣམས་བགོས་ནས་ཡང་དག་པའི་དད་པ་ཁོ་ནས་ ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ། །དེ་བཞིན་དུ་རྒྱལ་རིགས་ཀྱི་རྒྱལ་པོ་དྲུག་གི་འཁོར་དང། བྲམ་ཟེ་ཆེ་ཞིང་མཐོ་བ་བདུན་དང། བཤེས་པའི་བུད་མེད་བཞི་བཅུ་དང། བྲམ་ ཟེའི་ཁྱེའུ་ལྔ་བརྒྱ་དང། ཤིང་རྟའི་ཁ་ལོ་པ་རྣམས་དང་གླང་པོ་ཆེའི་ཁ་ལོ་པ་རྣམས་དང། རྟ་པ་རྣམས་དང། ཤིང་རྟ་པ་རྣམས་དང། མཚོན་ཆ་ཅན་རྣམས་དང། ཞམ་རིང་ པ་རྣམས་དང། ཚལ་ཟ་བ་རྣམས་དང། དྲག་ཤུལ་ཅན་རྣམས་དང་དཔའ་བོ་རྣམས་དང། རབ་གནོན་རྣམས་དང། ཚན་པོ་ཆེ་ཆེན་པོ་རྣམས་དང། རྒྱལ་པོའི་སྲས་དུ་མ་དག་ [186A]༄༅། །སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ཚོན་ཅན་རྣམས་བགོས་ནས་ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་ཁྱབ་འཇུག་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་ སྟེ་བྲམ་ཟེ་ཁྱབ་འཇུག་གིས་ཐམས་ཅད་ལ་ཡིད་ལ་བྱེད་པའི་ལུང་ཕོག་ནས་དེ་དག་གིས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་བསམ་གཏན་བཞི་དང། མངོན་པར་ ཤེས་པ་ལྔ་བསྐྱེད་དོ། །དེ་ནས་བྲམ་ཟེ་ཆེ་ཞིང་མཐོ་བ་ཁྱབ་འཇུག་གི་མིང་བྲམ་ཟེ་ཆེ་ཞིང་མཐོ་བ་ཁྱབ་འཇུག་ཅེས་བྱ་བར་གྱུར་པ་དེ་མེད་པར་གྱུར་ནས་སྟོན་པ་ཁྱབ་འཇུག་ ཅེས་བྱ་བར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་སྟོན་པ་ཁྱབ་འཇུག་ཅེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་རྒྱལ་པོ་རྡུལ་ཅེས་བྱ་ བར་གྱུར་པ་གང་ལེན་པ་དེ་ནི། རྒྱལ་པོ་གཟུགས་ཅན་སྙིང་པོ་འདི་ཁོ་ན་ཡིན་ནོ། །དེའི་ཚེ་རྒྱལ་པོ་རྡུལ་གྱིས་མགོ་དྲངས་པའི་སྐྱེ་བོ་འབུམ་ཕྲག་དུ་མར་གྱུར་པ་གང་ཡིན་པ་ དེ་དག་ནི། རྒྱལ་པོ་གཟུགས་ཅན་སྙིང་པོས་མགོ་དྲངས་པའི་ལྷ་བརྒྱད་ཁྲི་དང། ཡུལ་མ་ག་དཧའི་བྲམ་ཟེ་དང། ཁྱིམ་བདག་སྟོང་ཕྲག་དུ་མ་མང་པོ་འདི་དག་ཁོ་ན་ཡིན་ཏེ། དེའི་ ཚེ་ཡང་ངས་རྒྱལ་པོ་རྡུལ་ལ་སོགས་པ་ཡུལ་གྱི་མི་དུ་མ་དང་བྲམ་ཟེ་དང། ཁྱིམ་བདག་སྟོང་ཕྲག་དུ་མ་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང། མངོན་པར་ཤེས་ [186B] གཞི་དེས་ན་ངའི་གྲགས་པས་འཇིག་རྟེན་རྒྱས་པར་གྱུར་ཏོ། །ད་ལྟར་ཡང་ངས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ལྷ་བརྒྱད་ཁྲི་དང། མ་ག་དཧའི་ བྲམ་ཟེ་དང། ཁྱིམ་བདག་སྟོང་ཕྲག་དུ་མ་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཚིམ་པར་བྱས་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་ པ་ལ་བཀོད་དོ།། །།ལས་བརྒྱ་ཐམ་པ། བམ་པོ་སུམ་ཅུ་བདུན་པ་སྟེ་ཐ་མ། འཐབ་མོ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་སྐྱེ་བོ་ཕལ་ པོ་ཆེ་འཐབ་པ་དང། མཚང་འདྲུ་བ་དང། འགྱེད་པ་དང། རྩོད་པ་ལ་ཞུགས་ཤིང་འཁོད་དོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ་ རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་ ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་པ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་ གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ་སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ [187A]༄༅། །ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད་སུ་ ནི༑ དར། སུ་ནི། ཕོངས་ཤིང་འདུག་སུ་ནི། ཉམ་ང་བར་གྱུར། སུ་ནི། གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་སོང་དུ་ གཞོལ༑ སུ་ནི། ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་ པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་ པར་བྱ༑ སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་ཡོད་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་ པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ [187B] སྐྱེ་བོ་ཕལ་ཆེ་གདུལ་བའི་དུས་ལ་བབ་སྟེ། དེ་དག་ངས་འཐབ་པ་དང། མཚང་འདྲུ་བ་དང། འགྱེད་པ་དང། རྩོད་པ་ལས་བཟློག་སྟེ་གཡུང་ དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་དགོད་པར་བྱའོ་སྙམ་དུ་དགོངས་ནས་སྔ་དྲོ་ཤམ་ཐབས་དང། ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་མཉན་ དུ་ཡོད་པར་བསོད་སྙོམས་ལ་གཤེགས་ཏེ། སྐྱེ་བོ་ཕལ་པོ་ཆེ་ག་ལ་བ་དེར་གཤེགས་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་མཐོང་ ངོ། །མཐོང་ནས་ཀྱང་ངོ་མཚར་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཕྱིར་གདན་བཤམས་ནས་གསོལ་པ། བཅོམ་ལྡན་འདས་གཤེགས་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་ ཚུར་གཤེགས། བཞུགས་སུ་གསོལ། དེ་ནས་གདན་བཤམས་པ་ལ་བཞུགས་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཕལ་པོ་ཆེ་ལ་བཀའ་སྩལ་པ། གྲོགས་པོ་དག་ཅི་བྱེད་ཅིང་འཁོད། གཞན་ དང་འཐབ་དགོས་ན། གཞན་དང་འཐབ་ཅིང་འདུག་གམ། དེ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས། བདག་ཅག་སུ་དང་འཐབ་འཚལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ གྲོགས་པོ་དག་འོ་ན་འཁོད་ཅིག་དང། ངས་ཁྱོད་ལ་རྒྱས་པར་བརྗོད་པར་བྱའོ། །དེ་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ [188A]༄༅། །ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཕལ་པོ་ཆེ་དེ་དག་ལ་བཀའ་སྩལ་པ་ཁྱེད་ནི། ཉོན་མོངས་ པ་རྣམས་དང་འཐབ་དགོས་ཀྱི། ཉོན་མོངས་པ་སྤང་བའི་ཕྱིར་འབད་པར་གྱིས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དེ་ལྟ་བུ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་ དེ་དག་གི་ཁྲོ་བའི་ཀུན་ནས་དཀྲིས་པ་མེད་པར་གྱུར་ནས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་ དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་དག་གིས་བདེན་པ་མཐོང་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་ སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་ རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་དེ་དག་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་དག་ལ་ལུང་ཡང་ཕོག་སྟེ། དེ་དག་གིས་ཀྱང་བརྩོན་པ་དང་ [188B] འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དག་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་ དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ་ རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་ དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་ འདས་ལ་གསོལ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཕལ་པོ་ཆེ་འཐབ་པ་ལས་ཞི་བར་མཛད་ནས་གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ངས་སྐྱེ་བོ་ཕལ་པོ་ཆེ་འདི་ དག་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ལ་ཇི་ལྟར་བཀོད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་ཁྲོད་ཀྱི་གྲོང་ཞིག་གིས་མཆོད་སྦྱིན་བྱས་ [189A]༄༅། །ཏེ་མཆོད་སྦྱིན་བྱེད་པ་དེར་བྲམ་ཟེ་རྣམས་སྟན་གྱི་ཕྱིར་འཐབ་པ་ལས། དེའི་ཚེ་དཀའ་ཐུབ་ཀྱི་གནས་ཤིག་ན་དྲང་སྲོང་འཁོར་ལྔ་བརྒྱ་ཡོད་ པ་ཞིག་གནས་སོ། །དེ་ནས་མཆོད་སྦྱིན་བྱེད་པ་དེར་དྲང་སྲོང་དེས་བྲམ་ཟེ་དེ་དག་འཐབ་པ་ཞི་བར་བྱ་བའི་ཕྱིར་དེ་ལྟ་བུ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་འཐབ་མོ་དེ་ཡང་ ཞི་བར་གྱུར་ལ། བྲམ་ཟེ་རྣམས་ཀྱང་སྐྱོ་བ་སྐྱེས་ནས་དེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་ངོ། །དེ་དག་དེར་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ། ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་བྲམ་ཟེ་ལྔ་བརྒྱར་ གྱུར་པ་གང་ཡིན་པ་དེ་དག་ནི། སྐྱེ་བོ་ཕལ་པོ་ཆེ་འདི་དག་ཁོ་ན་ཡིན་ནོ། །དེའི་ཚེ་ཡང་ངས་སྐྱེ་བོ་ཕལ་པོ་ཆེ་འཐབ་པ་ཞི་བར་བྱས་ནས་བསམ་གཏན་བཞི་དང། མངོན་པར་ ཤེས་པ་ལྔ་ལ་བཀོད་དོ། །དེ་ལྟར་ཡང་ངས་སྐྱེ་བོ་ཕལ་པོ་ཆེ་འཐབ་པ་ཞི་བར་བྱས་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་ བཀོད་དོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་དག་ཐམས་ཅད་རབ་ཏུ་བྱུང་ནས་དེར་འདི་རྣམས་ཀྱིས་ཚེ་གཅིག་ཏུ་ཚངས་པར་ [189B]དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།ཀླུ་ཞེས་བྱ་བ་ནི་གླེང་གཞི་མཉན་དུ་ ཡོད་པ་ན་བཞུགས་ཏེ། དེའི་རྒྱལ་པོ་གསལ་རྒྱལ་གྱི་བློན་པོ་ཆེན་པོ་ཞིག་ཡོད་ཅིག་ལ་བཏགས་ཏེ་ཅི་བདོག་པ་འཕྲོག་ནས་ཁྲི་མོན་དུ་བཅུག་པ་ལས། དེ་དེར་ཟས་དང་སྐོམ་གྱིས་ མནར་ཏེ་ཤིའོ། །དེ་ནས་དེས་སྨོན་ལམ་ལོག་པར་བཏབ་ནས་ཤི་འཕོས་ཏེ་དུས་ལས་འདས་པའི་འོག་ཏུ་གནོད་སྦྱིན་མ་རུངས་པ་ཞིག་ཏུ་སྐྱེས་ནས་དེས་ཡུལ་ཀོ་ས་ལ་དེ་ཐམས་ ཅད་དུ་མི་ནད་བཏང་སྟེ། སྐྱེ་བོ་ཕལ་པོ་ཆེ་དག་ཁ་བཏག་པར་གྱུར་ནས་ལྟས་མཁན་དག་གིས་སྨྲས་པ། བློན་པོ་ཆེན་པོ་དེས་འཆི་ཁར་སྨོན་ལམ་ལོག་པར་བཏབ་ནས་གནོད་ སྦྱིན་མ་རུངས་པར་སྐྱེས་ཏེ། དེས་མི་ནད་འདི་དག་བཏང་ངོ། །ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་མང་པོ་དེ་དག་ཅི་བྱ་གཏོལ་མེད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་གསལ་ རྒྱལ་གྱིས་བསམ་པ། འདི་ནི། སུས་ཀྱང་གདུལ་བར་མི་ནུས་ཀྱི། ད་འདིའི་ཕྱིར་བཅོམ་ལྡན་འདས་ལ་གསོལ་བ་གདབ་དགོས་སོ་སྙམ་སྟེ་བཅོམ་ལྡན་འདས་ག་ལ་བ་དེར་ སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ [190A]༄༅། །ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། ཀླུ་མ་རུངས་པ་དགའ་བོ་དང། ཉེ་དགའ་བོ་ལ་སོགས་པ་གཞན་ དང་གཞན་དག་ཀྱང་བཏུལ། གནོད་སྦྱིན་མ་རུངས་པ་འབྲོག་གནས་ལ་སོགས་པ་གཞན་དང་གཞན་དག་ཀྱང་བཏུལ་ན། བཙུན་པ། བློན་པོ་ཆེན་པོ་ཆེ་གེ་མོ་ཞིག་ གིས་སྨོན་ལམ་ལོག་པར་བཏབ་སྟེ་གནོད་སྦྱིན་མ་རུངས་པར་སྐྱེས་ནས་དེས་བདག་གི་ཡུལ་དུ་མི་ནད་བཏང་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་གནོད་ སྦྱིན་མ་རུངས་པ་དེ་གདུལ་བར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གསལ་རྒྱལ་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་ འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ། །དེ་ ནས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་གནོད་སྦྱིན་དེ་རྒྱལ་པོ་རྒྱལ་བྱེད་ཀྱི་ཚལ་གྱི་འདབས་སུ་བཞག་ནས་བཅོམ་ལྡན་འདས་ཀྱིས་དེ་གདུལ་བའི་ཕྱིར་མེ་ཆེན་པོ་སྤྲུལ་ཏེ། །དེའི་ ཁོར་ཁོར་ཡུག་ནས་བདག་ཉིད་མེ་ཆེན་པོས་འཁོར་བར་མཐོང་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་འབའ་ཞིག་ཞི་བར་མཐོང་ངོ་།དེ་ནས་དེ་འཇིགས་ཤིང་སྐྲག་ནས་ [190B]འདས་ཀྱིས་གནོད་སྦྱིན་མ་རུངས་པ་དེ་ལ་བཀའ་སྩལ་པ། བཞིན་བཟང། ཁྱོད་ཀྱིས་སྔོན་མི་དགེ་བའི་ལས་བྱས་བས་ རྒྱལ་པོ་གསལ་རྒྱལ་གྱིས་བསད་པ་ཡིན་ན། ད་ཡང་ཁྱོད་འདིར་སྐྱེས་ནས་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་ན། འདི་ནས་ཤི་འཕོས་པའི་འོག་ཏུ་ཁྱོད་ཀྱི་འགྲོ་བ་ནི། གང་ཡིན། སྐྱེ་བོས་ ནི༑ གང་ཡིན། འགྲོ་བའི་ས་ནི། གང་ཡིན། གནོད་སྦྱིན་གྱིས་གསོལ་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་པའི་ལས་ འདི་ཐོང་ཞིག་གནོད་སྦྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བདག་ལ་བཀའ་ཅི་སྩལ་བ་བཞིན་དུ་འཚལ་ལོ། །དེ་སྐད་ཅེས་གསོལ་ཏེ། དེས་སྐྱབས་སུ་འགྲོ་བ་དང་ བསླབ་པའི་གཞི་རྣམས་བླངས་ནས་བཅོམ་ལྡན་འདས་ལ་གསོལ་པ༑ བཙུན་པ། བདག་གིས་སྡིག་པའི་ལས་བཏང་ལགས་ཏེ། བཙུན་པ། དེང་སླན་ཆད་མཉན་དུ་ཡོད་པ་ ན་གནས་པའི་སྐྱེ་བོ་མང་པོ་རྣམས་ཀྱི་སྲུང་མ་དང། སྐྱོང་པ་ནི། བདག་ལགས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་ བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་མ་རུངས་བ་དེ་བཏུལ་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་འཇིགས་པ་མེད་པའི་གནས་སུ་བཀོད་པ་ལ་གཟིགས་བཅོམ་ལྡན་འདས་ཀྱིས་བཀའ་ [191A]༄༅། །སྩལ་པ༑ ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ངས་གནོད་སྦྱིན་མ་རུངས་པ་འདི་བཏུལ་ནས་སྐྱེ་བོ་ཕལ་པོ་ཆེ་ཇི་ལྟར་འཇིགས་ པ་མེད་པའི་གནས་སུ་བཀོད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་བས་བྱིན་རྒྱལ་པོ་བྱེད་དེ། དེའི་ཚེ་ཡུལ་ཀ་ཤིར་ ཀླུ་གདུག་པ་དུག་མི་བཟད་པ་ཞིག་བྱུང་སྟེ། དེས་གྲོང་ཡང་སྟོང་པར་བྱེད། ལྗོངས་ཀྱང་སྟོང་པར་བྱེད་ཅིང། ཝཱ་ར་ཎཱ་སིའི་ཕྱོགས་སུ་ཆས་པ་ལས། རྒྱལ་པོ་ཚངས་ པས་བྱིན་གྱིས་ཐོས་ནས་དེ་ཐོས་མ་ཐག་ཏུ་འཇིགས་པ་ཆེན་པོ་སྐྱེས་ཏེ། དེས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་བཏང་ནས་ཁྱེད་དེང་ལ་ཀླུ་གདུག་པ་དེ་སོད་ཅིག་ ཅེས་བསྒོའོ། །དེ་ནས་དེ་དག་གིས་རྐང་པ་ལ་ཕྱག་འཚལ་ཏེ་གསོལ་པ། ལྷ། དེ་ནི། དཔུང་གི་ཚོགས་ཀྱིས་དགུམ་པར་མི་ནུས་ཀྱི། སྔགས་སམ་སྨན་གྱིས་དེ་དགུམ་པར་ནུས་ ལགས་སོ། །ཡང་ན་དགེ་བའི་ཚུལ་གྱིས་བཀུར་བའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་གདུལ་བར་ནུས་ལགས་སོ། །ཞེས་གསོལ་ཏོ། །དེ་ནས་དེའི་ཚེ་ཝཱ་ར་ཎཱ་སི་དེ་ཉིད་ན་གདོལ་ པའི་ཁྱེའུ་བྱམས་པའི་རང་བཞིན་ཅན། སྙིང་རྗེ་ཆེ་བ། སེམས་ཅན་ལ་བྱམས་པ་ཞིག་གནས་པ་དེས་སྐྱེ་བོ་མང་པོ་དེ་དག་ཅི་བྱ་གཏོལ་མེད་པར་གྱུར་པ་མཐོང་ནས་མཐོང་མ་ཐག་ [191B]སྨྲས་པ། ཁྱེད་ཅི་བྱ་གཏོལ་མེད་པར་བྱ་མི་དགོས་ཀྱི། བདག་གིས་ཀླུ་གདུག་པ་དེ་གདུལ་བར་བྱའོ། །ཞེས་བྱས་སོ། །དེ་ནས་དེའི་ཕ་མ་ གཉིས་ན་རེ། དེ་ནི། དབུགས་གདུག་པ་ཡིན་ཏེ། ཁྱོད་ཀྱིས་དེ་འདུལ་མི་ནུས་སོ། །ཁྱེའུ་སྨྲས་པ། བྱམས་པའི་གོ་ཆ་གྱོན་པ་ལ་དེས་ཅུང་ཟད་ཀྱང་གནོད་པར་བྱེད་མི་ནུས་ སོ༑ །ཞེས་བྱས་ནས་ཁྱེའུ་དེས་ཕྱོགས་གང་ན་ཀླུ་གདུག་པ་དེ་འདུག་པའི་ཕྱོགས་དེར་སོང་ནས་ཀླུ་གདུག་པ་དེས་ཐག་རིང་པོ་ཞིག་ནས་ཁྱེའུ་དེ་མཐོང་ངོ། །མཐོང་ནས་ཀྱང་ཁྲོས་ནས་ ཁྱེའུ་དེ་ལ་དབུགས་བཏང་ངོ། །དེ་ནས་ཁྱེའུ་དེ་བྱམས་པ་ལ་སྙོམས་པར་ཞུགས་ནས་བྱམས་པའི་ལྟ་བས་ཀླུ་གདུག་པ་དེ་ལ་བལྟས་ཏེ། དེས་བལྟས་མ་ཐག་ཏུ་དུག་མེད་པར་གྱུར་ ཏོ༑ །དེ་ནས་ཁྱེའུ་དེས་ཀླུ་སྦྲུལ་དེ་ལག་པ་གཉིས་ཀྱིས་བླངས་ནས་མི་མི་གནས་པའི་ས་ཕྱོགས་སུ་བཞག་གོ་དེ་ནས་རྒྱལ་པོ་ཚངས་པས་བྱིན་དང། སྐྱེ་བོ་མང་པོ་གཞན་དག་གིས་ གདོལ་བའི་ཁྱེའུ་ཆེ་གེ་མོ་ཞིག་གིས་ཀླུ་གདུག་པ་བཏུལ་ལོ། །ཞེས་ཐོས་ནས་ཐོས་མ་ཐག་ཏུ་རྒྱལ་པོ་དེ་རང་ཉིད་གདོལ་པའི་ཁྱེའུ་དེའི་ཐད་དུ་སོང་ནས་དེས་ཁྱེའུ་དེ་ལ་དམ་པ་སྣ་ གཅིག་སྦྱིན་ནོ། །ཞེས་བྱས་སོ། །ཁྱེའུ་སྨྲས་པ། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་པར་མཛོད་ཅིག་ཡུལ་ན་གནས་པའི་མི་རྣམས་ [192A]༄༅། །ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་གཟུང་བར་མཛོད་ཅིག་ཅེས་བྱས་སོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་ཁྱེའུ་དེ་ལ་ལོངས་སྤྱོད་ཀྱི་ དབྱིངས་ཆེན་པོ་བྱིན་ནས་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་འདུག་གོ་ཡུལ་ན་གནས་པའི་མི་རྣམས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་གདོལ་བའི་ཁྱེའུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་ཀླུ་ གདུག་པར་གྱུར་པ་གང་ཡིན་པ་དེ་ནི། གནོད་སྦྱིན་མ་རུངས་པ་འདི་ཁོ་ན་ཡིན་ནོ། །དེའི་ཚེ་སྐྱེ་བོ་ཕལ་པོ་ཆེར་གྱུར་པ་གང་ཡིན་པ་དེ་ནི། ཡུལ་ཀོ་ས་ལ་ན་གནས་ པའི་སྐྱེ་བོ་མང་པོ་འདི་དག་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་ངས་ཀླུ་གདུག་པ་བཏུལ་ནས་སྐྱེ་བོ་ཕལ་པོ་ཆེ་འཇིགས་པ་མེད་པའི་གནས་སུ་བཀོད་དོ། །དེ་ལྟར་ཡང་ངས་གནོད་ སྦྱིན་མ་རུངས་པ་འདི་བཏུལ་ནས་སྐྱེ་བོ་ཕལ་པོ་ཆེ་འཇིགས་པ་མེད་པའི་གནས་སུ་བཀོད་དོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ ལ་འདི་དག་ཐམས་ཅད་དགེ་བསྙེན་དུ་གྱུར་ཏེ། དེར་འདི་རྣམས་ཀྱིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་ [192B]། །།ཤི་བི་གཉིས་ཞེས་བྱ་བ་དེ་ལ། ཤི་བི་དང་པོ་ནི། བཅོམ་ལྡན་འདས་གྱད་ཀྱི་ཡུལ་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ལས། ཆུ་ཀླུང་འཐབ་ ལྡན་དང། གྲོང་ཁྱེར་ཀུ་ཤིའི་བར་གྱི་ལམ་ནས་གུད་དུ་བཟུར་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། དེ་བཞིན་གཤེགས་པའི་བླ་གོས་ བཞི་བལྟབ་ཏུ་བགྱིས་ཏེ་ཐེངས་ཤིག་དང། ངའི་རྒྱབ་མི་བདེ་བ་དེ་རེ་ཞིག་བསྟི་བར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ། དེ་ལྟར་འཚལ་ལོ། །ཞེས་ གསོལ་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་མཉན་ནས་བླ་གོས་བཞི་བལྟབ་ཏུ་བྱས་ཏེ་བཏིང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ༑ ༑བཙུན་པ། དེ་བཞིན་གཤེགས་པའི་བླ་གོས་བཞི་བལྟབ་ཏུ་བགྱིས་ཏེ་བཏིང་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་ གསོལ༑ ༑དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་གོས་སྣམ་སྦྱར་སྟུག་པོ་བལྟབས་ཏེ་འཕོངས་སུ་བཞག་ནས་སྣང་བའི་འདུ་ཤེས་དང་ལྡན་པ་དང། དྲན་པ་དང་ ལྡན་པ་དང། ཤེས་བཞིན་དང་ལྡན་པའི་འདུ་ཤེས་ཐུགས་ལ་དགོངས་ཤིང་གློ་གཡས་ཕྱོགས་ཀྱིས་གཟིམས་ཏེ་ཞབས་གཅིག་གི་སྟེང་དུ་གཅིག་བཞག་གོ་ [193A]༄༅། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། འཁོར་འདིར་སོ་སོའི་སྐྱེ་བོའི་དགེ་སློང་ཇི་སྙེད་འདུས་ཤིང་ཚོགས་པ་དེ་དག་ཐམས་ ཅད་ཅི་སངས་རྒྱས་ཀྱིས་འདུལ་བ་ཡིན་ནམ། འོན་ཏེ་ཉན་ཐོས་ཀྱིས་འདུལ་བ་ཡིན་ཞིག་གུ་སྙམ་དུ་དགོངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དགོངས་ པ༑ ༑འདི་ན་ཁ་ཅིག་ནི། སངས་རྒྱས་ཀྱིས་འདུལ་བར་འགྱུར་རོ། །ཁ་ཅིག་ནི། ཉན་ཐོས་ཀྱིས་འདུལ་བར་འགྱུར་རོ་སྙམ་དུ་དགོངས་ནས་ཚེ་དང་ལྡན་པ་ཀུན་དགའ་ བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་བྱང་ཆུབ་ཀྱི་ཕྱོགས་རྣམས་ལས་སྤོབས་པར་གྱིས་ཤིག་དེ་སྐད་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་ འཁོར་ཐམས་ཅད་དུ་སྒྲ་དེས་གང་བར་འགྱུར་བ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་དགེ་སློང་མང་པོ་དག་གིས་ཚིག་དེ་ལྟ་བུ་གསུང་བའི་སྒྲ་ཐོས་ནས་དེ་ དག་གིས་བསམ་པ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་གཏམ་གྱིས་ཤག་པར་བསྐུལ་བས་ན། ད་ནི། ཚེ་དང་ ལྡན་པ་ཀུན་དགའ་བོས་སྦྲང་བུའི་སྦྲང་རྩི་བཙིར་བ་བཞིན་ཆོས་སྙན་ནོ་ཅོག་སྟོན་པར་འགྱུར་སྙམ་སྟེ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་ [193B] །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་།དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ ལག་དབེན་པ་ལ་བརྟེན་པ། འདོད་ཆགས་དང་བྲལ་བ་ལ་བརྟེན་པ་འགོག་པ་ལ་བརྟེན་པ། རྣམ་པར་སྤོང་པས་ཡོངས་སུ་བསྒྱུར་བ་ནི་བཅོམ་ལྡན་འདས་ཉིད་ཀྱི་མངོན་ པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བསྟན་ཏོ། །ཚེ་དང་ལྡན་པ་དག་ཆོས་རྣམ་པར་འབྱེད་པ་དང། བརྩོན་འགྲུས་དང་དགའ་བ་དང། ཤིན་ཏུ་ སྦྱངས་པ་དང། ཏིང་ངེ་འཛིན་དང། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་བརྟེན་པ། འདོད་ཆགས་དང་བྲལ་བ་ལ་བརྟེན་པ། འགོག་པ་བརྟེན་པ། རྣམ་ པར་སྤོང་བས་ཡོངས་སུ་བསྒྱུར་བ་ནི། བཅོམ་ལྡན་འདས་ཉིད་ཀྱི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བསྟན་ཏོ་།ཞེས་ཚེ་དང་ལྡན་པ་ཀུན་ དགའ་བོས་བྱང་ཆུབ་ཀྱི་ཡན་ལག་འདི་དག་ཉིད་ལས་བརྩམས་ནས་དགེ་སློང་རྣམས་ལ་དེ་ལྟ་བུ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་ཉན་ཐོས་དང་དགེ་བའི་རྩ་བ་ འབྲེལ་བ་གང་ཡིན་པ་དེ་དག་གིས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་བཅོམ་ [194A]༄༅། །ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་གཏམ་གྱི་མཇུག་རྫོགས་པར་ཐུགས་སུ་ཆུད་ནས་བཞུགས་ཏེ་སྐྱིལ་མོ་ཀྲུང་བཅས་ནས་ སྐུ་དྲང་པོར་བསྲང་སྟེ་དྲན་པ་མངོན་ཏུ་བཞག་ནས་བཞུགས་ཏེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ ཁྱོད་བརྩོན་འགྲུས་སྟོན་ཏམ། གསོལ་པ། བཅོམ་ལྡན་འདས། བརྩོན་འགྲུས་སྟོན་ལགས། བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་བརྩོན་འགྲུས་སྟོན་ཏམ་ གསོལ་པ། བདེ་བར་གཤེགས་པ། བརྩོན་འགྲུས་སྟོན་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ། བརྩོན་འགྲུས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་འགྱུར་བའོ། །ཞེས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་འདི་དག་ཉིད་ལས་བརྩམས་ནས་དེ་ལྟ་བུ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ ན་བཅོམ་ལྡན་འདས་དང་དགེ་བའི་རྩ་བ་དང་འབྲེལ་བ་གང་ཡིན་པ་དེ་དག་གིས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་ཉོན་མོངས་པ་ཐམས་ཅད་སྤངས་ནས་ དགྲ་བཅོམ་པ་ཉིད་མངོན་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ་ [194B]ཙནྡན་སྤངས་པ་ལྟ་བུར་བསིལ་པར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་དང་མངོན་ པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ་།དེ་ནས་དེའི་ཚེ་དགེ་སློང་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ་སྙན་པའི་ཆོས་ནི་གསན་པའི་ཕྱིར། ། སྟོན་པ་སྙུན་བཞིན་ཉིད་ཀྱིས་བསྐུལ། །ཁྱོད་ལ་བྱང་ཆུབ་ཡན་ལག་རྣམས། །ཡོད་ན་དགེ་སློང་ཆོས་ཤོད་ཅིག་གནས་བརྟན་ཀུན་དགའ་མཁས་ཤིང་གྲགས། ། བྱང་བར་གྱུར་པས་ལེགས་ཞེས་གསོལ། །དཔའ་བོ་ཁྱོད་ཀྱི་གསུང་རབ་ལ། །དཀར་པའི་ཆོས་རྣམས་དེ་དག་མངའ། །དྲན་དང་རྣམ་འབྱེད་བརྩོན་འགྲུས་དང། ། དགའ་དང་རབ་སྦྱངས་ཏིང་འཛིན་དང། །བཏང་སྙོམས་འདི་དག་རྡུལ་མེད་པ། །ཁྱོད་ཀྱི་བྱང་ཆུབ་ཡན་ལག་ལགས། །བྱང་ཆུབ་ཡན་ལག་བཅུད་ཐོས་ནས། །བྱང་ཆུབ་ ཡན་ལག་བཅུད་ཀྱང་རྟོགས། །བཅོམ་ལྡན་སྙུན་ཚ་བས་ཆེ་བ་ལས་།གནོད་པ་དེ་ལས་བཞེངས་པར་གྱུར། །དམ་ཆོས་རིན་ཆེན་འདི་སྟོན་པའི། །ཆོས་ཀྱི་མངའ་བདག་ [195A]༄༅། །དེ་ཉིད་ཀྱང། །དམ་ཆོས་གསན་པར་བཞེད་གྱུར་ན། །གཞན་ལྟ་ཇི་ལྟར་དེ་ནི་ཉན། །སྟོབས་བཅུ་མངའ་བས་ཉེ་རྒྱལ་ནི། །དགེ་སློང་ རྣམས་ཀྱི་ཤེས་རབ་མཆོག་བསྟན་པ་གང་ཡིན་དེ་ཉིད་ཀྱང། །ཆོས་ཉན་འདོད་པས་གཟིར་བར་གྱུར། །མདོ་སྡེ་འདུལ་བ་མ་མོ་འཛིན། །མཁས་ཤིང་ཚུལ་ དང་ཚུལ་མིན་ཤེས། །དེ་དག་དམ་ཆོས་ཉན་བྱེད་ན། །གཞན་ལྟ་ཇི་ལྟར་དེ་མི་ཉན། །མཁས་པ་ཤེས་འདོད་སེམས་བཞག་ནས། །ཆོས་བཞིན་ཉན་པར་ བྱེད་པ་ནི། །སངས་རྒྱས་གསུང་རབ་སྐྱོན་མེད་ལ། །དེ་བཞིན་དགའ་བ་ཐོབ་པར་འགྱུར། །ཡིད་དགའ་ལུས་ཀྱང་ཤིན་ཏུ་སྦྱངས། །བདེ་བ་ཡང་ནི་མྱོང་བར་འགྱུར།། བདེ་བར་གྱུར་ནས་སེམས་ཉིད་ཀྱི། །ཏིང་འཛིན་ལ་ཡང་རེག་པར་འགྱུར། །སེམས་ནི་མཉམ་པར་བཞག་པ་ཡིས། །འདུ་བྱེད་ཡུལ་གྱི་རྣམ་པ་རིག་སྲིད་པའི་འགྲོ་ ལས་སྐྱོ་བར་འགྱུར། །ཆགས་མེད་སེམས་ཀྱིས་གྲོལ་བར་འགྱུར། །རྟག་ཏུ་སྲིད་འགྲོ་སྐྱོ་གྱུར་ན། །ལྷ་དང་མི་ལ་ཆགས་པ་མེད། །བུད་ཤིང་མེད་པའི་མེ་བཞིན་དུ། ། དགྲ་བཅོམ་རྣམས་ནི་མྱ་ངན་འདའ། །དམ་ཆོས་མཉན་པའི་ཕན་ཡོན་ནི། །མང་པོ་གཞན་ཡང་རྒྱལ་བས་བསྟན། །དེ་ཕྱིར་འདིར་ནི་ཡོད་སྙམ་དུ། །སྟོན་པའི་ [195B] །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་བ། བཙུན་པ། བཅོམ་ལྡན་འདས་ནི་ལེགས་པར་སྨྲས་པ་གསུང་པ་དང་ ལེགས་པར་སྨྲས་པ་བཞེད་པ་ལགས་ཏེ། ལེགས་པར་སྨྲས་པའི་དོན་གྱི་སླད་དུ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བསྐུལ་བ་མཛད་ནས་ བཀུར་སྟི་དང་ལྡན་པས་གསན་ཀྱང་གསན། བཤད་ཀྱང་བཤད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་ པ་ནི༑ ད་ལྟར་འབའ་ཞིག་ལེགས་པར་སྨྲས་པ་གསུང་བ་དང། ལེགས་པར་སྨྲས་པ་བཞེད་པ་མ་ཡིན་གྱི། དེ་བཞིན་གཤེགས་པ་ནི། འདས་པའི་དུས་ན་ཡང་ ལེགས་པར་སྨྲས་པ་གསུང་བ་དང། ལེགས་པར་སྨྲས་པ་བཞེད་པ་ཡིན་ཏེ། ལེགས་པར་སྨྲས་པའི་དོན་གྱི་ཕྱིར་ངས་མཆོག་ཏུ་དཀའ་བ་ཇི་ལྟར་སྤྱད་པ་དེ་ཉོན་ཅིག་ དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོའི་ཕོ་བྲང་བཞི་ལྡན་ཞེས་བྱ་བ་ན་རྒྱལ་པོ་ཤི་བི་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང། རྒྱས་པ་དང། བདེ་བ་ དང། ལོ་ལེགས་པ་དང། སྐྱེ་བོ་དང་མི་མང་པོས་གང་བ་དང་རྩོད་པ་དང་འཐབ་མོ་ཞི་བ་དང། འཁྲུག་པ་དང་ནང་འཁྲུག་དང་ཆོམ་རྐུན་དང་ནད་དང་མུ་གེ་མེད་པ་ [196A]༄༅། །དང། འབྲས་སཱ་ལུ་དང་བུ་རམ་ཤིང་དང་བ་ལང་དང་མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་ པ་སྡུག་བ་ལ་བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་དོ་།རྒྱལ་པོ་དེ་ཡང་བྱམས་པའི་རང་བཞིན་ཅན། སྙིང་རྗེ་དང་ལྡན་པ། སེམས་ཅན་ལ་བྱམས་པ། སྦྱིན་ པ་ལ་སྲེད་པ་ཞིག་སྟེ། དེ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་ཏེ། ཟས་འདོད་པ་ལ་ནི། ཟས་སྦྱིན་པར་བྱེད། སྐོམ་འདོད་པ་ལ་སྐོམ་སྦྱིན་ པར་བྱེད། གོས་འདོད་པ་ལ་ནི། གོས་སྦྱིན་པར་བྱེད། རྒྱན་འདོད་པ་ལ་ནི། རྒྱན་སྦྱིན་པར་བྱེད། མལ་སྟན་འདོད་པ་ལ་ནི། མལ་སྟན་སྦྱིན་པར་བྱེད། བཞོན་ པ་འདོད་པ་ལ་ནི། བཞོན་པ་སྦྱིན་པར་བྱེད། ཡོ་བྱད་གཞན་འདོད་པ་ལ་ནི། ཡོ་བྱད་གཞན་སྦྱིན་པར་བྱེད་དོ། །ནད་གསོ་བའི་ནད་བྲང་བཅས་ཏེ་ཡོ་བྱད་ཐམས་ ཅད་སྦྱར་ནས་སྨན་པ་རྣམས་དང། ནད་གཡོགས་རྣམས་བསྐོས་ཏེ་ནད་པ་རྣམས་དང། མགོན་མེད་པ་རྣམས་ཀྱི་རིམ་གྲོ་བྱེད་དོ། །བཟའ་བ་དང་བཅའ་བ་གཙང་མ་ མང་པོ་དག་ཀྱང་སྟ་གོན་བྱས་ཏེ་ནམ་མཁའ་ལ་གནས་པ་དང། ཆུ་ན་གནས་པ་དང། ཐང་ལ་གནས་པའི་སྲོག་ཆགས་རྣམས་ལ་སྦྱིན་པར་བྱེད་དོ། །དེས་ཡི་དམ་ [196B] དེང་ཕྱིན་ཆད་བདག་གིས་ཐམས་ཅད་ལ་ཐམས་ཅད་སྦྱིན་པར་བྱ་སྟེ། འཇིག་རྟེན་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་དགོད་པར་བྱའོ། །ཞེས་ དམ་བཅས་ནས་དེས་འཇིག་རྟེན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བོད་དོ། །དེར་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པའི་ཕྱིར་སེམས་ཅན་ ཕལ་ཆེར་ཤི་བའི་འོག་ཏུ་ལྷའི་ནང་དུ་སྐྱེས་ནས་དེ་དག་གིས་ལྷའི་གནས་རྣམས་གང་བར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམ་པ། འདི་ཅི་ཞིག་སྒྲུབ་ བརྒྱ་བྱིན་དུ་འགྱུར་བ་སྒྲུབ་བམ། འོན་ཏེ་ཚངས་པར་འགྱུར་བ་སྒྲུབ་ཅིག་བསྙམ་མོ། །དེ་ནས་དེས་བལྟས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་ཅིང་ འདུག་གོ་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམ་པ། ཅི་འདི་སེམས་ཅན་བརྟན་པོ་ཡིན་ནམ། འོན་ཏེ་སེམས་ཅན་མི་བརྟན་པ་ཡིན་པ་བདག་གིས་ཇ་བརྟགས་ ལ་གལ་ཏེ་སེམས་ཅན་བརྟན་པོ་ཡིན་ན་ནི། མཆོད་བར་བྱའོ། །འདི་ལྟ་སྟེ་སེམས་ཅན་བརྟན་པོ་མ་ཡིན་ན་ཡང་འདིའི་སེམས་སྟོབས་བསྐྱེད་པར་བྱའོ་སྙམ་ནས་ལྷའི་ དབང་པོ་བརྒྱ་བྱིན་གྱིས་བདག་ཉིད་སྲིན་པོའི་གཟུགས་སུ་མངོན་པར་སྤྲུལ་ནས་རྒྱལ་པོ་ཤི་བིའི་ཁང་བཟང་གི་ཆར་ཁེབས་ལ་འདུག་སྟེ་ཚིགས་སུ་བཅད་པའི་ཕྱེད་སྨྲས་ [197A]༄༅། །པ༑ ཀྱེ་མ་འདུ་བྱེད་རྣམས་མི་རྟག་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་སྨྲས་ནས་ལྷའི་དབང་པོ་བརྒྱ་བྱིན་མི་མ་ཡིན་པའི་ཆ་ལུགས་ ཅན་ཅང་མི་ཟེར་བར་འདུག་གོ་དེ་ནས་རྒྱལ་པོ་ཤི་བིས་ལྷའི་དབང་པོ་བརྒྱ་བྱིན་མི་མ་ཡིན་པའི་ཆ་ལུགས་ཅན་གྱིས་ཚིག་དེ་ལྟ་བུ་བརྗོད་པ་ཐོས་སོ། །ཐོས་ནས་ ཀྱང་དེས་བསམ་པ། གཅིག་ཏུ་ན་ནི། མྱ་ངན་ལས་འདས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒོ་ཕྱེའོ། །གཅིག་ཏུ་ན་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་ ཀྱི་ལམ་བསྟན་ཏོ་སྙམ་མོ། །དེ་ནས་རྒྱལ་པོ་ཤི་བིས་ལྷའི་དབང་པོ་བརྒྱ་བྱིན་མི་མ་ཡིན་པའི་ཆ་ལུགས་ཅན་ཁང་བཟང་གི་ཆར་ཁེབས་ལ་འདུག་པ་མཐོང་ངོ།། མཐོང་ནས་ཀྱང་སྐྱེན་པར་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་ལྷའི་དབང་པོ་བརྒྱ་བྱིན་མི་མ་ཡིན་པའི་ཆ་ལུགས་ཅན་ག་ལ་བ་དེ་ལོགས་སུ་ཐལ་མོ་ སྦྱར་བ་བཏུད་ནས་སྨྲས་པ། གྲོགས་པོ། ཚིགས་སུ་བཅད་པ་དེ་ཚང་པར་སྨྲོས་ཤིག་དང། བདག་གིས་སློབ་མ་བགྱིས་ཏེ་མཉན་ཏོ། །བརྒྱ་བྱིན་གྱིས་སྨྲས་པ་ ཁྱོད་ཀྱིས་བདག་གི་སློབ་མ་བྱས་པས་ཅི་ལ་ཕན། བདག་ནི། བཀྲེས་ཤིང་སྐོམ་པས་གཟིར་ཏེ་ཅི་བྱ་གཏོལ་མེད་པར་བླ་ཞིང་འདུག་གོ་།བྱང་ཆུབ་སེམས་དཔས་ [197B] གྲོགས་པོ། ཚིགས་སུ་བཅད་པ་ཚང་བར་སྨྲོས་ཤིག་དང། བདག་གིས་ཁྱོད་ཁ་ཟས་ཀྱིས་ཚིམ་པར་བྱའོ། །ལྷའི་དབང་པོ་བརྒྱ་བྱིན་མི་མ་ཡིན་གྱི་ཆ་ ལུགས་ཅན་གྱིས་སྨྲས་པ། གྲོགས་པོ། ཁྱོད་ཀྱིས་ང་ཁ་ཟས་ཀྱིས་ཚིམ་པར་བྱེད་ནུས་སམ། ངའི་ཁ་ཟས་དང་སྐོམ་ཇི་ལྟ་བུ་ཡིན་པ་དེ་ནི། ཁྱོད་ཀྱིས་སྦྱིན་པར་དཀའོ་ བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ཀྱི་ཟས་སྐོམ་ཅི་ཡིན། དེས་སྨྲས་པ། མི་འཕྲལ་དུ་བསད་པའི་ཤ་དྲོན་པོ་ནི། ཟ། ཁྲག་དྲོན་པོ་ནི། འཐུང་ངོ། །དེ་ནས་བྱང་ ཆུབ་སེམས་དཔས་བསམ་པ། དེ་ལྟ་བུའི་ཤ་ཁྲག་ནི། གསོད་པར་མ་བྱས་ཀྱི་བར་དུ་མི་རྙེད་ལ། བདག་གིས་ལེགས་པར་སྨྲས་པའི་དོན་གྱི་ཕྱིར་སེམས་ཅན་གཞན་ སུ་ལ་ཡང་གནོད་པ་བྱེད་མི་ཕོད་དོ་སྙམ་ནས་སྨྲས་པ། གལ་ཏེ་བདག་གི་ཤ་ཁྲག་ཁྱོད་ཟ་ཞིང་འཐུང་ཕོད་ན་ནི། གྲོགས་པོ་བདག་གིས་སྦྱིན་ནུས་ཆེས་ཀྱི། ཚིགས་སུ་ བཅད་པ་ཚང་བར་སྨྲོས་ཤིག་དང། ལེགས་པར་སྨྲས་པའི་དོན་གྱི་ཕྱིར་བདག་གིས་ཁྱོད་ལ་རང་གི་ཤ་ཁྲག་སྦྱིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚིགས་སུ་ བཅད་པ་ཚང་བར་སྨྲས་པ། ཀྱེ་མ་འདུ་བྱེད་རྣམས་མི་རྟག་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འགག་པར་འགྱུར་བ་སྟེ་།དེ་དག་ཉེ་བར་ཞི་བ་བདེ། །དེ་ནས་ [198A]༄༅། །བྱང་ཆུབ་སེམས་དཔས་ཚིགས་སུ་བཅད་པ་ཚང་བ་དེ་གུས་པར་མནོས་ནས་ཡུན་རིང་མོ་ཞིག་ཏུ་ཁ་ཏོན་དུ་སྦྱངས་ནས་བསམ་པ་འདི་ ནི༑ མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒོ་ཡིན་ནོ། །འདི་ནི། མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་ལམ་ཡིན་ནོ། །ལམ་ འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ངེས་པར་འབྱུང་ངོ་སྙམ་ནས་མཚོན་ཆ་རྣོན་པོ་བླངས་ཏེ་སྨྲས་པ། གྲོགས་པོ། ལེགས་པར་སྨྲས་པའི་ དོན་གྱི་ཕྱིར་ཡོན་བཞེས་ཤིག་ཅེས་བྱས་ནས་བྲང་གི་ཕྱོགས་གཅིག་ནས་ཤ་བཅད་དེ་ལྷའི་དབང་པོ་བརྒྱ་བྱིན་མི་མ་ཡིན་པའི་ཆ་ལུགས་ཅན་ལ་བྱིན་ཏེ་སྨྲས་པ་ གྲོགས་པོ། འགྲངས་སམ། དེས་སྨྲས་པ། མ་འགྲངས་སོ། །དེ་བཞིན་དུ་བྲང་གི་ཕྱོགས་ཡ་གཅིག་ནས་བཅད་དེ་བྱིན་ནོ། །དེ་བཞིན་དུ་དཔུང་བའི་ཤ་རྣམས་ནས་ ལུས་ཐམས་ཅད་ཀྱི་ཤ་བཅད་ཅིང་ཕྱིན་ནས་སྨྲས་པ། གྲོགས་པོ་འགྲངས་སམ། དེས་སྨྲས་པ། མ་འགྲངས་སོ། །དེ་ནས་བྱང་ཆུབ་སེམས་དཔས་སྨྲས་པ། ད་ནི་ ལུས་རིལ་གྱིས་ཡོངས་སུ་གཏང་བའི་དུས་ཁོ་ན་ལ་བབ་བོ་སྙམ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་ [198B] བདག་འཇིག་རྟེན་ལོང་བ། འདྲེན་པ་མེད་པ་སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་ བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་ནས་ཚིགས་སུ་བཅད་དེ་སྨྲས་པ། སྦྱིན་པ་ཆེན་པོར་གྱུར་པ་འདི་ཡིས་ནི། །སྲིད་པ་དག་ཏུ་རང་བྱུང་སངས་རྒྱས་ཤོག་ སྔོན་གྱི་རྒྱལ་དབང་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོ་ཕལ་ཆེན་རྒལ་ནས་བསྒྲལ་བར་བགྱི། །དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ ལམ་བཏབ་ནས་སྨྲས་པ། གྲོགས་པོ། བདག་གིས་ལུས་འདི་ཅི་དགའ་བར་གྱིས་ཤིག་དེ་ནས་བྱང་ཆུབ་སེམས་དཔས་སེམས་བསྐྱེད་མ་ཐག་ཏུ་ས་རྣམ་པ་དྲུག་ཏུ་ གཡོས་སོ། །ནམ་མཁའ་ལ་འཁོད་པའི་ལྷ་རྣམས་ཀྱིས་ཀྱང་མེ་ཏོག་གི་ཆར་ཕབ་ནས་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། གྲོགས་པོ། ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ མཆོག་ཏུ་དཀའ་བའི་ལས་བྱས་སོ། །ཞེས་འཛེར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམ་པ། བྱང་ཆུབ་སེམས་དཔའ་འདིས་མཆོག་ཏུ་དཀའ་བ་བྱས་ཏེ། བདག་ [199A]༄༅། །གིས་འདིའི་ལུས་སྔ་མཁོ་བཞིན་དུ་བསྒྱུར་བར་ནི། ནུས་མོད་ཀྱི། འོན་ཀྱང་བདག་གིས་འདི་ཉིད་ཀྱི་སྤྲོ་བ་ཚོད་ཟིན་པར་བསྐྱེད་དགོས་ སོ་སྙམ་ནས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། གྲོགས་པོ། ཁྱོད་བདག་གི་ཤ་རྣམས་གཅོད་ཅིང་རྒྱུས་པ་དང་རྩ་བྲང་བྲེང་རྣམས་གསེབ་ན། སེམས་མི་དགའ་ བ་ཅུང་ཟད་ཙམ་མ་སྐྱེས་སམ། བྱང་ཆུབ་སེམས་དཔས་སྨྲས་པ་གྲོགས་པོ། བདག་གི་ཤ་རྣམས་གཅོད་ཅིང་རྒྱུས་པ་དང་རྩ་བྲང་བྲེང་རྣམས་གསེབ་ན། སེམས་ མི་དགའ་བ་ཅུང་ཟད་ཀྱང་མ་སྐྱེས་ཀྱི། བདག་སྡུག་བསྔལ་མྱོང་བ་ན་སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་སུ་སྐྱེས་པའི་སེམས་ཅན་རྣམས་ འབའ་ཞིག་ལ་སྙིང་རྗེའི་དབང་དུ་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་མི་མ་ཡིན་པའི་ཆ་ལུགས་ཅན་གྱིས་སྨྲས་པ། གྲོགས་པོ། ཁྱོད་ཀྱི་ཚིག་དེ་ལ་སུ་ཞིག་ཡིད་ཆེས་ བྱང་ཆུབ་སེམས་དཔས་སྨྲས་པ། བདག་གིས་ཁྱོད་ལ་བདེན་པ་བསྐུལ་བ་དེ་ལྟ་བུས་ཡིད་ཆེས་པར་བསྟན་ཏོ། །བརྒྱ་བྱིན་གྱིས་སྨྲས་པ། དེ་ལྟར་ཁྱོད་ཀྱིས་བདེན་ པ་བསྐུལ་བར་ཆད་ན། ཛེ་ཁྱོད་བདག་གི་ལུས་འདི་བདེན་པ་བསྐུལ་བས་སྔ་མཁོ་བཞིན་དུ་སྒྱུར་ཅིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ་བྱང་ཆུབ་སེམས་དཔས་སྨྲས་ [199B] བདེན་པ་དང་བདེན་པའི་ཚིག་གང་གིས་འདི་ལྟར་བདག་གི་ཤ་རྣམས་གཅོད་ཅིང་རྒྱུས་བ་དང་རྩ་བྲང་བྲེང་རྣམས་གསབ་ན་སེམས་ཅུང་ཟད་ཙམ་ཡང་མི་དགའ་ བ་མ་སྐྱེས་ཏེ། བདག་གིས་སྡུག་བསྔལ་མྱོང་བ་ན་སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་སུ་སྐྱེས་པའི་སེམས་ཅན་རྣམས་འབའ་ཞིག་ལ་སྙིང་རྗེའི་དབང་དུ་གྱུར་ན། བདེན་ བ་དང་བདེན་པའི་ཚིག་དེས་བདག་གི་ལུས་འདི་སྔ་མཁོ་བཞིན་དུ་གྱུར་ཅིག་ཅེས་བྱས་སོ། །དེ་སྐད་ཅེས་བརྗོད་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ལུས་སྔ་མཁོ་བཞིན་དུ་གྱུར་ཏོ། །དེ་ ནས་དེ་མཐོང་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་ཡིད་རངས་ཏེ་ཆ་ལུགས་དེ་མེད་པར་བྱས་ནས་རང་བཞིན་གྱི་གཟུགས་སུ་བསྒྱུར་ཏེ་བྱང་ཆུབ་སེམས་དཔའི་རྐང་པ་ལ་ཕྱག་འཚལ་ནས་ སྨྲས་པ༑ བདག་གིས་ཁྱོད་ལ་གནོད་པའི་བསམ་བས་མི་དགའ་བར་བྱས་པ་མ་ཡིན་གྱི། ཁྱོད་ཉིད་ཀྱི་སྤྲོ་བ་བསྐྱེད་པའི་ཕྱིར་བདག་གིས་ཁྱོད་མི་དགའ་བར་བྱས་པར་ཟད་དོ། །ཁྱོད་ཀྱི་ བརྩོན་འགྲས་འདི་འདྲ་བ་དང། སྤྲོ་བ་འདི་འདྲ་བ་ལས་ན། གདོན་མི་ཟ་བར་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱི། དེའི་ཚེ་བདག་དྲན་ པར་ཆེ་[?]དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ལ་བཟོད་པ་གསོལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོ་ [200A]༄༅། །ཤི་བིར་གྱུར་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ཏེ། དེའི་ཚེ་ཡང་ལེགས་པར་སྨྲས་པས་སྨྲ་བ་དང་ ལེགས་པར་སྨྲ་བར་འདོད་པར་གྱུར་ན། ད་ལྟར་དེ་བཞིན་གཤེགས་པར་གྱུར་པ་ན་ལེགས་པར་སྨྲ་བས་སྨྲ་བ་དང། ལེགས་པར་སྨྲ་བར་འདོད་པར་ཅི་སྟེ་མི་མཛད། དེ་ཅིའི་ཕྱིར་ཞེ་ ན༑ དགེ་སློང་དག་ང་ནི། ཆོས་རྣམས་དྲང་པོ་བྱེད་པ་ཡིན་པའི་ཕྱིར་རོ།། །།ཤི་བི་གཉིས་པ་ནི། གཏན་ཚིགས་དང། སྔོན་གྱི་རྒྱུད་སྔ་མ་དང་འདྲ་བ་ལས། ལྷའི་དབང་ པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཁྱོད་ཀྱིས་བདག་གི་སློབ་མ་བྱས་པས་ཅི་ལ་ཕན། ང་ཁྱོད་ལ་གནོད་པ་ཞིག་ཟེར་གྱི། གལ་ཏེ་གནོད་པ་དེ་ཁྱོད་ཀྱིས་བྱེད་ཕོད་ན་ནི་ དེའི་འོག་ཏུ་ཚིགས་སུ་བཅད་པ་དེ་ངས་ཁྱོད་ལ་བརྗོད་པར་བྱའོ་།བྱང་ཆུབ་སེམས་དཔས་སྨྲས་པ། གྲོགས་པོ། ཚིགས་སུ་བཅད་པ་དེ་ཇེ་རྗོད་ཅིག་དང། ཁྱོད་ཀྱིས་བདག་ལ་གནོད་པ་ ཅི་ཕྱེད་དུ་བཅུག་པ་དེ་དག་ཐམས་ཅད་བདག་གིས་བགྱིའོ། །གྲོགས་པོ་ཚིགས་སུ་བཅད་པ་ཚང་བར་སྨྲོས་ཤིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་ སེམས་དཔའི་མདུན་དུ་ཚིགས་སུ་བཅད་པ་དེ་ཚང་བར་བརྗོད་དོ། །དེ་ནས་བྱང་ཆུབ་སེམས་དཔས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ལྷའི་དབང་པོ་བརྒྱ་བྱིན་མི་མ་ཡིན་པའི་ཆ་ལུགས་ [200B]སུ་བཅད་པ་དེ་ཚང་བར་མནོས་ཏེ་ཡུན་རིང་མོ་ཞིག་ཏུ་ཁ་ཏོན་དུ་སྦྱངས་ནས་ཁབ་སོར་བཞི་བ་སྟོང་ཤིང་ལེབ་ལ་བཙུགས་པ་དེ་ལྟ་ བུ་ཤིང་ལེབ་གཉིས་ཀྱི་བར་དུ་བདག་ཉིད་ཉལ་ཏེ་འཚིར་བར་བྱེད་དོ། །དེ་དེ་ན་འདུག་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་ འདིས་ན། བདག་འཇིག་རྟེན་ལོང་བ། འདྲེན་པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་ བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་ནས་ཚིགས་ སུ་བཅད་དེ་སྨྲས་པ། སྦྱིན་པ་ཆེན་པོར་གྱུར་པ་འདི་ཡིས་ནི། །སྲིང་པ་དག་ཏུ་རང་བྱུང་སངས་རྒྱས་ཤོག་སྔོན་གྱི་རྒྱལ་དབང་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོ་ཕལ་ཆེན་རྒལ་ནས་བསྒྲལ་ བར་བགྱི། དེ་ནས་ཡང་ཤིང་ལེབ་ཀྱི་བར་དུ་བཙིར་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ལུས་ཐམས་ཅད་ལས་ཁྲག་འབབ་པར་གྱུར་ནས་ས་རྣམ་པ་དྲུག་ཏུ་གཡོས་སོ། །ནམ་མཁའ་ལ་ འཁོད་པའི་ལྷ་རྣམས་ཀྱིས་ཀྱང་མེ་ཏོག་གི་ཆར་ཕབ་ནས་ལེགས་སོ་།ཞེས་བྱ་བ་བྱིན་ནོ། །ལྷག་མ་རྣམས་ནི། ཤི་བིའི་གཏམ་རྒྱུད་སྔ་མ་བཞིན་དུ་བདེན་པས་བསྐུལ་ནས་ལུས་སྔ་མཁོ་ [201A]༄༅། །བཞིན་དུ་སོར་ཆུད་པར་གྱུར་པའི་བར་དུ་བརྗོད་པར་བྱའོ།། །།ཀོའུ་ཤམྦྷི་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཡུལ་ཀོའུ་ ཤམྦྷི་ན་ཁྱིམ་བདག་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ་དེའི་ཚེ་ཀོའུ་ཤམྦྷིའི་དགེ་སློང་མ་རུངས་པ། མཐུ་རྩལ་ཆེ་བ་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་ འཛིན་པ། རྩ་འཇིང་ཆེ་བ། གཡོག་འཁོར་མང་བ་ཞིག་གནས་ཏེ་དེའི་དགེ་སློང་གྲོགས་པོ་མང་པོ་གཞན་དག་ཀྱང་ཡོད་ལ། དེ་དག་ཀྱང་མ་རུངས་པ། མཐུ་རྩལ་ཆེ་བ། མདོ་སྡེ་ འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། རྩ་འཇིང་ཆེ་བ་གཡོག་འཁོར་མང་བ་ཤ་སྟག་གོ་ཡུལ་ཡངས་པ་ཅན་གྱི་དགེ་སློང་ཞིག་གིས་ཀྱང་ཡུལ་ཀོའུ་ཤམྦྷིར་འོངས་ ཏེ༑ དེ་ཡང་མ་རུངས་པ། མཐུ་རྩལ་ཆེ་བ། མདོ་སྡེ་འཛིན་པ་འདུལ་བ་འཛིན་པ། མ་མོ་འཛིན་པ། རྩ་འཇིང་ཆེ་བ། གཡོག་འཁོར་མང་བ་ཞིག་ཡིན་ལ། དེའི་དགེ་སློང་ གྲོགས་པོ་མང་པོ་གཞན་དག་ཀྱང་ཡོད་ལ། དེ་དག་ཀྱང་མ་རུངས་པ། མཐུ་རྩལ་ཆེ་བ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། རྩ་འཇིང་ཆེ་བ། གཡོག་ འཁོར་མང་བ་ཤ་སྟག་གོ་དེ་ནས་དེ་དག་དབྱར་གནས་བཅས་ནས་ནང་ཁྲིམས་བཅས་ཏེ། བདག་ཅག་གི་ནང་ནས་གང་གིས་ཆུ་ར་སྟོང་པ་ཅི་ཡང་མེད་པ་ཆུ་མེད་པ་མཐོང་ན། དེ་ [201B] །ཡང་ན་ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་སྦྲན་པར་བྱའོ། །བདག་གིས་ཀྱང་མ་བཀང། ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་ཡང་མ་སྦྲན་ན། དེ་བདག་ཅག་གིས་གཞི་དེ་ ལས་ཉེས་པ་འཆགས་སུ་གཞུག་གོ་ཞེས་ཟེར་རོ། །དེ་ནས་དེར་དབྱར་གནས་བཅས་པ་རྣམས་ཡང་དག་པའི་གཏམ་གཏན་ལ་འབེབས་པ་ན་ཚིག་རྩུབ་པོས་འདྲེས་ནས་གཅིག་ ལ་གཅིག་གླགས་འབའ་ཞིག་ལྟ་ཞིང་འཁོད་དོ། །དེའི་ཚེ་ཁྱིམ་བདག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་བཤོས་ལ་སྤྱན་དྲངས་ནས་བཅོམ་ལྡན་ འདས་དགེ་སློང་མང་པོས་ཞམ་རིང་བྱས་ཏེ་ཁྱིམ་བདག་དེའི་ཁྱིམ་དུ་གཤེགས་སོ། །བཅོམ་ལྡན་འདས་གཤེགས་ནས་ཡངས་པ་ཅན་གྱི་དགེ་སློང་དེ་ཆབ་ཁུང་སར་སོང་སྟེ་བཀྲུ་ བཤལ་བྱས་ནས་ཆུ་རའི་ནང་དུ་ཆུ་ཉུང་དུ་ཞིག་ལས་མ་ལུས་པར་མཐོང་ནས་བསམ་པ། དགེ་སློང་ཐམས་ཅད་དོང་ཟིན་པས། ད་ནི། སུ་ཡང་ཆབ་ཁུང་སར་འགྲོ་བ་མེད་ཀྱི། བདག་ གིས་ཆུར་འདི་རང་གིས་དགང་ཡང་མི་དགོས། ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་སྦྲན་ཡང་མི་དགོས་སོ་སྙམ་ནས་དེས་ཆུ་ཉུང་བཞིན་དུ་བོར་ཏེ་སོང་ངོ། །དེ་སོང་ནས་རིང་ཞིག་ལོན་པའི་འོག་ ཏུ་ཀོའུ་ཤམྦྷིའི་དགེ་སློང་དེ་ཆབ་ཁུང་སར་འགྲོ་བར་ཆས་པ་ལས་དེས་བལྟས་ན། ཆུ་རའི་ནང་ན་ཆུ་ཉུང་དུ་ཞིག་ལས་མེད་པ་མཐོང་ནས་དེས་ཀྱང་སྔར་ཡངས་པ་ཅན་གྱི་དགེ་སློང་དེས་བཀྲུ་ [202A]༄༅། །བཤལ་བྱས་ནས་སོང་བ་མཐོང་ནས་དེས་བསམ་པ། དགེ་སློང་འདི་ནི། ལས་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། ཡང་ན་ནི་བདག་ཉིད་ཀྱིས་ཆུ་ར་འགེངས་པར་ བྱེད་པར་འགྱུར་རོ། །ཡང་ན་ནི། ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་སྦྲོན་པར་བྱེད་དོ་སྙམ་ནས་དེ་ལ་སྡོད་ཅིང་འདུག་གོ་དེ་ནས་དེ་ལ་ལྷན་ཅིག་འཁོད་པའི་སློབ་མ་རྣམས་ཀྱིས་སྨྲས་པ། མཁན་ པོ༑ ༑དགེ་སློང་ཐམས་ཅད་ནི། དོང་ལགས་ན། ཁྱོད་འདི་ན་ཅི་ལ་བཞེས། དེས་སྨྲས་པ། བཀྲུ་བཤལ་བྱ་བར་འདོད་དེ། ཡངས་པ་ཅན་གྱི་དགེ་སློང་དེས་བཀྲུ་བཤལ་བྱས་ཏེ་སོང་བས་ན་ དེ་འོངས་ཏེ་ཡང་ན་ནི། ཁོ་བདག་གིས་ཆུར་འགེངས་པར་འགྱུར་རོ་།ཡང་ན་ནི། ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་སྦྲོན་པར་འགྱུར་རོ་།དེ་དག་གིས་སྨྲས་པ། མཁན་པོ། དེ་འཁོར་དང་བཅས་པ་ ནི༑ དོང་ལགས་ཀྱི། འདིར་མ་གཞེས་ཤིག་དེ་ནས་དེས་ཆུ་ར་དེ་དགེ་སློང་རྣམས་ལ་བསྟན་ཏེ། ཁྱོད་ལྟོས་ཤིག་ཆུ་འདི་ཙམ་གྱིས་བཀྲུ་བཤལ་བྱར་རུང་ངམ། དེ་དག་གིས་སྨྲས་པ། མཁན་ པོ༑ ཁྱོད་ཀྱིས་འདི་ན་ཆུ་མེད་དོ། །ཞེས་དེ་ཉི་ཚེ་ཞིག་གསུངས་ཤིག་དང། བདག་ཅག་གིས་ཁྱོད་ཀྱི་རྩ་འཇིང་དང། མཐུ་དང་གྲོགས་བགྱིའོ། །ཞེས་བྱས་ནས་དོང་ངོ། །ཡངས་པ་ཅན་གྱི་ དགེ་སློང་དེ་ཡང་འགྱོད་པ་སྐྱེས་ནས་དེས་ལྷན་ཅིག་གནས་པའི་སློབ་མ་རྣམས་ལ་སྨྲས་པ། ཀྱེ་བདག་གིས་འདིར་བཀྲུ་བཤལ་བྱས་པ་ལས་ཆུ་རའི་ནང་ན་ཆུ་ཉུང་ཤས་ཤིག་ལས་མ་ [202B] དགེ་འདུན་གྱིས་ནང་ཁྲིམས་བཅས་པ་ནི། ཡང་ན་བདག་ཉིད་ཀྱིས་དགང་བར་བྱ་བ་དང། ཡང་ན་ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་སྦྲན་དགོས་པ་ཡིན་ན། དེ་ བདག་རང་གིས་ཀྱང་མ་བཀང་ལ། ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་ཡང་མ་སྦྲན་ན། བདག་འདིར་འོངས་པའི་འོག་ཏུ་དགེ་སློང་འགའ་ཞིག་བཀྲུ་བཤལ་བྱེད་པར་མི་འགྱུར་གྲང་ཞེས་བྱས་ སོ༑ ༑དེ་ནས་དེ་དག་གིས་སྨྲས་པ། མཁན་པོ། ཁྱོད་ཀྱིས་འདི་སྐད་དུ་དེའི་ནང་ན་ཆུ་ཡོད་དོ། །ཞེས་དེ་ཉི་ཚེ་ཞིག་གསུངས་ཤིག་དང་བདག་ཅག་གིས་ཁྱོད་ཀྱི་རྩ་འཇིང་དང། མཐུ་དང། གྲོགས་ བགྱིའོ༑ ༑ཞེས་བྱས་ནས་དེ་ནས་དེ་དག་ཁྱིམ་དེར་ཟན་ཟོས་ནས་ཕྱིར་དོང་ངོ། །དེ་དག་གི་ནང་ནས་ཀོའུ་ཤམྦྷི་པ་རྣམས་ཀྱིས་བསམ་པ་ཡངས་པ་ཅན་གྱིས་དགེ་སློང་དེས་དགེ་འདུན་གྱི་ནང་ ཁྲིམས་ལས་འགལ་བར་བྱས་ཀྱི། དེས་ཉེས་པ་བྱས་པའི་ཕྱིར་བདག་ཅག་གིས་ཉེས་པ་འཆགས་སུ་གཞུག་གོ་སྙམ་སྟེ་གདན་བཤམས་ནས་གནྜི་བརྡུངས་ཏེ་དགེ་འདུན་ཐམས་ཅད་འདུས་ ཤིར་འཁོད་པར་གྱུར་ནས་ཀོའུ་ཤམྦྷིའི་དགེ་སློང་དེས་ཡངས་པ་ཅན་གྱི་དགེ་སློང་དེ་ལ་གླེང་པ་དང། དེས་སྨྲས་པ། དེའི་ནང་ན་ཆུ་ཡོད་དོ། །དེས་སྨྲས་པ། ཆུ་དེ་ཙམ་གྱིས་བཀྲུ་ བཤལ་བྱར་ཅོག་གམ་ཞེས་བྱས་ནས་དེ་དག་གིས་དེ་ལ་ལུས་མེད་པར་བསྙོན་པའི་ཕྱིར་དགར་བའི་ལས་བྱས་སོ། །དེ་ནས་ཡངས་པ་ཅན་གྱི་དགེ་སློང་གིས་ལས་དེ་བཤིག་སྟེ་གྱེས་ [203A]༄༅། །ནས་གསོ་སྦྱོང་གི་ལས་ལོགས་ཤིག་ཏུ་བྱས་སོ། །དེ་ནས་གཞི་དེ་ལས་དེ་དག་འཐབ་པ་དང། མཚང་འདྲུ་བ་དང། འགྱེད་པ་དང། རྩོད་པར་གྱུར་ནས་ དེ་དག་འཐབ་ཅིང་མཚང་དྲུས་ལ་བཀྱེ་ཞིང་བརྩད་ནས་འཁོད་དོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དགར་བར་བཅད་པའི་དགེ་སློང་དང་དགར་བར་བཅད་པའི་རྗེས་སུ་འབྲང་བ་ དང། དགར་བར་བཅད་པའི་རྗེས་སུ་འབྲང་བའི་རྗེས་སུ་འབྲང་བ་རྣམས་བཀུག་ནས་བཀའ་སྩལ་པ། དགེ་སློང་དག་ཁྱེད་འཐབ་སྟེ་འཚང་འདྲུ་ཞིང་འགྱེད་ལ་རྩོད་པར་གྱུར་ པ་བདེན་ནམ། གསོལ་པ། བཅོམ་ལྡན་འདས། མང་ལགས་སོ། །བཀའ་སྩལ་པ། དགེ་སློང་དག་ཁྱེད་འཐབ་སྟེ་མཚང་འདྲུ་ཞིང་འགྱེལ་ལ་རྩོད་ཅིང་མ་འཁོད་ཅིག་ དགེ་སློང་དག་ཁྱེད་འཐབ་སྟེ་མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་འཁོད་ན་ནི་དགེ་བའི་ཆོས་རྣམས་འགྲིབ་པར་འགྱུར་གྱི། འཕེལ་བར་མི་འགྱུར་བར་རིག་པར་གྱིས་ཤིག་ དགེ་སློང་དག་ཁྱེད་མི་འཐབ་སྟེ་མཚང་མི་འདྲུ་ཞིང་མི་འགྱེད་ལ་མི་རྩོད་པར་འཁོད་ན་ནི་དགེ་བའི་ཆོས་རྣམས་འཕེལ་བར་འབའ་ཞིག་ཏུ་འགྱུར་གྱི། འགྲིབ་པར་མི་འགྱུར་ བར་རིག་པར་གྱིས་ཤིག་དགེ་སློང་དག་གཞན་ཡང་དགར་བར་བཅད་པའི་དགེ་སློང་གིས་ནི་འདི་ལྟར་བྱ་དགོས་ཏེ། དགར་བར་བཅད་པའི་དགེ་སློང་ནི་མ་རུངས་པ། མཐུ་ [203B] མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། རྩ་འཇིང་ཆེ་བ། གཡོག་འཁོར་མང་བ་ཡིན་ལ། དགེ་སློང་གྲོགས་པོ་མང་པོ་གཞན་དག་ཀྱང་མ་རུངས་པ། མཐུ་རྩལ་ ཆེ་བ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། རྩ་འཇིང་ཆེ་བ། གཡོག་འཁོར་མང་བ་ཡིན་ན། དེ་དག་གིས་བདག་ལ་འདོད་པ་མ་ཡིན་པས་གླེང་བར་བྱེད། འདོད་པ་མ་ཡིན་ པས་དྲན་པར་བྱེད་ཀྱི། བདག་གིས་ཀྱང་དེ་དག་གིས་ཉེས་པ་གླེང་པ་དེ་ཆོས་བཞིན་དུ་མཉན་པར་མི་བྱའོ། །དེ་དག་གིས་ཀྱང་བདག་མི་སྣང་བར་དགར་བར་བྱེད་དོ། །ཕྱིར་བཅོས་སུ་ མེད་པ་དང། ཕྱིར་འབྱུང་དུ་མེད་པར་སྡིག་པའི་ལྟ་བས་དགར་བར་བྱེད་དེ། གཞི་དེས་ན་དགེ་འདུན་གྱི་འཐབ་མོ་དང། མཚང་འདྲུ་བ་དང། འགྱེད་པ་དང། རྩོད་པ་འབྱུང་བར་ འགྱུར་རོ་སྙམ་དུ་རིག་ནས་གླེང་པའི་དགེ་སློང་གིས་ཉེས་པ་བཞིན་དུ་ཕྱིར་བཅོས་ན་ནི་ལེགས། དེ་ལྟར་ཕྱིར་མ་བཅོས་ན། འགལ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་དགར་བར་བཅད་པའི་དགེ་སློང་དང། དགར་བར་བཅད་པའི་རྗེས་སུ་འབྲང་བ་དང། དགར་བར་བཅད་པའི་རྗེས་སུ་འབྲང་བའི་རྗེས་སུ་འབྲང་བ་རྣམས་བཏང་ ནས་དགར་བར་བྱེད་པའི་དགེ་སློང་དང། དགར་བར་བྱེད་པའི་རྗེས་སུ་འབྲང་བ་དང། དགར་བར་བྱེད་པའི་རྗེས་སུ་འབྲང་བའི་རྗེས་སུ་འབྲང་བ་རྣམས་བཀུག་ནས་བཀའ་སྩལ་པ་ [204A]༄༅། །དགེ་སློང་དག་ཁྱེད་འཐབ་སྟེ་མཚང་འདྲུ་ཞིང་འགྱེད་ལ་རྩོད་པར་གྱུར་པ་བདེན་ནམ། གསོལ་པ། བཅོམ་ལྡན་འདས། མད་ལགས་སོ། ། བཀའ་སྩལ་པ། དགེ་སློང་དག་ཁྱེད་འཐབ་སྟེ་མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་མ་འཁོད་ཅིག་དགེ་སློང་དག་ཁྱེད་འཐབ་སྟེ་མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་འཁོད་ ན་ནི༑ དགེ་བའི་ཆོས་རྣམས་འགྲིབ་པར་འགྱུར་གྱི། འཕེལ་བར་མི་འགྱུར་བར་རིག་པར་གྱིས་ཤིག་དགེ་སློང་དག་ཁྱེད་མི་འཐབ་སྟེ་མཚང་མི་འདྲུ་ཞིང་མི་འགྱེད་ལ་མི་ རྩོད་པར་འཁོད་ན་ནི། དགེ་བའི་ཆོས་རྣམས་འཕེལ་བ་འབའ་ཞིག་ཏུ་འགྱུར་གྱི། འགྲིབ་པར་མི་འགྱུར་བར་རིག་པར་གྱིས་ཤིག་དགེ་སློང་དག་གཞན་ཡང་དགར་བར་ བྱེད་པའི་དགེ་སློང་གིས་ནི། འདི་ལྟར་བྱ་དགོས་ཏེ། དགར་བར་བྱེད་པའི་དགེ་སློང་ནི། མ་རུངས་པ། མཐུ་རྩལ་ཆེ་བ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་ འཛིན་པ། རྩ་འཇིང་ཆེ་བ། གཡོག་འཁོར་མང་བ་ཡིན་ལ། དགེ་སློང་གྲོགས་པོ་མང་པོ་གཞན་དག་ཀྱང་མ་རུངས་པ། མཐུ་རྩལ་ཆེ་བ། མདོ་སྡེ་འཛིན་པ། འདུལ་ བ་འཛིན་པ། མ་མོ་འཛིན་པ། རྩ་ཇིང་ཆེ་བ། གཡོག་འཁོར་མང་བ་ཡིན་ཏེ། བདག་གིས་དེ་ལ་འདོད་པ་མ་ཡིན་པས་གླེང་བར་བྱས། འདོད་པ་མ་ཡིན་པས་དྲན་པར་ [204B]དེ་བདག་གིས་མི་སྣང་བར་དགར་བར་བྱས་ཏེ་ཕྱིར་བཅོས་སུ་མེད་པ་དང། ཕྱིར་འབྱུང་དུ་མེད་པར་སྡིག་པའི་ལྟ་བས་ དགར་བར་བྱས་ཏེ། གཞི་དེས་ན་དགེ་འདུན་གྱི་འཐབ་མོ་དང། མཚང་འདྲུ་བ་དང། འགྱེད་པ་དང། རྩོད་པ་འབྱུང་བར་འགྱུར་རོ་སྙམ་དུ་རིག་ནས་འདོད་པ་མ་ཡིན་པར་གླེང་ བར་མ་བྱེད་ཅིག་འདོད་པ་མ་ཡིན་པས་དྲན་པར་མ་བྱེད་ཅིག་གལ་ཏེ་འདོད་པ་མ་ཡིན་པས་གླེང་པར་བྱེད་ན། འགལ་བར་འགྱུར་རོ། །དེ་ལྟར་དེ་དག་ལ་བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་ཀྱང་དེ་བཞིན་དུ་འཐབ་ཅིང་མཚང་འདྲུ་ལ་འགྱེད་ཅིང་རྩོད་དེ་འཁོད་ནས་ད་དུང་ཡང་གསོ་སྦྱོང་བྱས་པ་ལ་གསོ་སྦྱོང་བྱས་པར་མི་བརྩི་ནས་སྐབས་ཀྱི་གཏམ་དེ་ དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགར་བར་བཅད་པའི་དགེ་སློང་དང། དགར་བར་བཅད་པའི་རྗེས་སུ་འབྲང་བ་དང་ དགར་བར་བཅད་པའི་རྗེས་སུ་འབྲང་བའི་རྗེས་སུ་འབྲང་བ་རྣམས་བཀུག་ནས་བཀའ་སྩལ་པ། དགེ་སློང་དག་ཁྱེད་འཐབ་སྟེ་མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་མ་འཁོད་ ཅིག་ཅེས་ངས་བསྒོ་ཡང་དེ་བཞིན་དུ་ཁྱེད་འཐབ་སྟེ་མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་འཁོད་དེ། ད་དུང་ཡང་གསོ་སྦྱོང་བྱས་པར་མི་བརྩི་བ་བདེན་ནམ། གསོལ་པ། བཅོམ་ལྡན་ [205A]༄༅། །འདས༑ མད་ལགས་སོ། །བཀའ་སྩལ་པ། དགེ་སློང་དག་ཁྱེད་འཐབ་སྟེ་མཚང་འདྲུ་ཞིང་འགྱེད་ལ་རྩོད་པར་མ་བྱེད་ཅིག་དགེ་སློང་དག་ཁྱེད་འཐབ་ སྟེ་མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་འཁོད་ན་ནི། གསོ་སྦྱོང་བྱེད་དམ། སྐབས་འབྱེད་པའི་ལས་བྱེད་དམ། གསོལ་བ་དང་གཉིས་ཀྱི་ལས་བྱེད་དམ། གསོལ་བ་དང་བཞིའི་ལས་ བྱེད་ཀྱང་རུང་སྟེ། ལས་དེ་དག་འཇིག་པར་གྱུར་ཏེ། གཞག་དགོས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ཁྱེད་ནི། དེ་དག་ལས་ཐ་དད་པར་གནས་པར་བྱེད་ལ། དེ་དག་ཀྱང་ ཁྱེད་ལས་ཐ་དད་པར་གནས་པར་བྱེད་པའི་ཕྱིར་རོ། །དགེ་སློང་དག་།ཐ་དད་པར་གནས་པ་ནི། འདི་གཉིས་ཡིན་ཏེ། གང་བདག་ཉིད་ཀྱིས་བདག་ཐ་དད་པར་གནས་པར་འདོགས་ པ་དང། གང་དགེ་འདུན་མཐུན་པས་ཐ་དད་པར་གནས་པར་འདོགས་པའོ་།དེ་ལ་དགེ་སློང་དག་བདག་གིས་བདག་ཐ་དད་དུ་གནས་པར་འདོགས་པ་ཇི་ལྟ་བུ་ཞེ་ན། འདི་ ལྟར་དགེ་སློང་གིས་ཤེས་བཞིན་དུ་ཆོས་བཞིན་གྱི་ཕྱོགས་ལ་ཆོས་བཞིན་མ་ཡིན་པའི་ཕྱོགས་ཡིན་པར་འཇོག་པ་དེ་ལྟ་བུ་ནི། བདག་གིས་བདག་ཐ་དད་པར་གནས་པར་འདོགས་ པ་ཡིན་ནོ། །དགེ་འདུན་གྱིས་ཆོས་བཞིན་དུ་ཐ་དད་པར་འདོགས་པ་ཇི་ལྟ་བུ་ཞེ་ན། འདི་ལྟར་དགེ་འདུན་གྱིས་དགེ་སློང་མི་སྣང་བར་དགར་བར་བྱས་ཏེ་ཕྱིར་བཅོས་སུ་མེད་པ་དང། ཕྱིར་ [205B]དེ་ལྟ་བུ་ནི། དགེ་འདུན་གྱིས་ཐ་དད་པར་གནས་པར་འདོགས་པ་ཡིན་ནོ་།དགེ་སློང་དག་ལྷན་ཅིག་ཏུ་གནས་པ་ནི། འདི་གཉིས་ ལེན་ཏེ༑ གང་བདག་ལྷན་ཅིག་ཏུ་གནས་པར་འདོགས་པ་དང། གང་དགེ་འདུན་གྱིས་ཆོས་བཞིན་དུ་ལྷན་ཅིག་ཏུ་གནས་པར་འདོགས་པའོ། །དེ་ལ་བདག་གིས་བདག་ལ་ལྷན་ཅིག་ཏུ་ གནས་པར་འདོགས་པ་ཇི་ལྟ་བུ་ཞེ་ན། འདི་ལྟར་དགེ་སློང་གིས་ཤེས་བཞིན་དུ་ཆོས་བཞིན་མ་ཡིན་པའི་ཕྱོགས་ལ་ཆོས་བཞིན་གྱི་ཕྱོགས་ཡིན་པར་འཇོག་པ་སྟེ། དེ་ལྟ་བུ་ནི་ བདག་གིས་བདག་ལྷན་ཅིག་ཏུ་གནས་པར་འདོགས་པ་ཡིན་ནོ། །དགེ་འདུན་གྱིས་ཆོས་བཞིན་དུ་ལྷན་ཅིག་ཏུ་གནས་པར་འདོགས་པ་ཇི་ལྟ་བུ་ཞེ་ན། འདི་ལྟར་དགེ་འདུན་གྱིས་ དགེ་སློང་མི་སྣང་བར་དགར་བར་བྱས་ཏེ་ཕྱིར་བཅོས་སུ་མེད་པ་དང། ཕྱིར་འབྱུང་དུ་མེད་པར་སྡིག་པའི་ལྟ་བས་དགར་བར་བྱེད་པ་སྟེ། དེ་ལྟ་བུ་ནི། དགེ་འདུན་གྱིས་ཆོས་བཞིན་དུ་ ལྷན་ཅིག་ཏུ་གནས་པར་འདོགས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགར་བར་བཅད་པའི་དགེ་སློང་དང། དགར་བར་བཅད་པའི་རྗེས་སུ་འབྲང་བ་དང། དགར་བར་བཅད་པའི་རྗེས་ སུ་འབྲང་བའི་རྗེས་སུ་འབྲང་བ་རྣམས་བཏང་ནས་དགར་བར་བྱེད་པའི་དགེ་སློང་དང། དགར་བར་བྱེད་པའི་རྗེས་སུ་འབྲང་བ་དང་དགར་བར་བྱེད་པའི་རྗེས་སུ་འབྲང་བའི་རྗེས་སུ་འབྲང་ [206A]༄༅། །བ་རྣམས་བཀུག་ནས་བཀའ་སྩལ་པ། དགེ་སློང་དག་ཁྱེད་འཐབ་སྟེ་མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་མ་འཁོད་ཅིག་ཅེས་ངས་བསྒོ་ན་ཡང་དེ་བཞིན་དུ་ ཁྱེད་འཐབ་སྟེ་མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་འཁོད་དེ་ད་དུང་ཡང་གསོ་སྦྱོང་བྱས་པ་ལ་གསོ་སྦྱོང་བྱས་པར་མི་བརྩི་བ་བདེན་ནམ། གསོལ་པ། བཅོམ་ལྡན་འདས། མད་ལགས་ སོ༑ ༑ཞེས་བགྱི་བ་ནས་དེ་ལྟ་བུ་ནི། དགེ་འདུན་གྱིས་ཆོས་བཞིན་དུ་ལྷན་ཅིག་ཏུ་གནས་པར་འདོགས་པའོ། །ཞེས་བྱ་བའི་བར་སྔ་མ་བཞིན་དུ་སྦྱར་རོ། །དེ་ལྟར་དེ་དག་ལ་བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་ཀྱང་དེ་བཞིན་དུ་འཐབ་ཅིང་མཚང་འདྲུ་ལ་འགྱེད་ཅིང་རྩོད་དེ་འཁོད་དོ། དེ་ནས་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་ བཤོས་ལ་སྤྱན་དྲངས་ནས་དགེ་སློང་དག་དེར་དོང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ། བཤོས་འདིར་དྲོངས་ཤིག་ཅེས་བཀའ་སྩལ་ཏེ། སངས་ རྒྱས་བཅོམ་ལྡན་འདས་རྣམས་ནི། རྣམ་པ་ལྔའི་ཕྱིར་ཡོ་བྱད་ཀྱི་ཞལ་ཏ་བྱེད་པ་ལ་བཤོས་ལན་དུ་འཇུག་པར་མཛད་དེ། ནང་དུ་ཡང་དག་པར་འཇོག་པར་བཞེད་པ་དང། ལྷ་ རྣམས་ལ་ཆོས་སྟོན་པར་བཞེད་པ་དང། ནད་པ་གཟིགས་པར་བཞེད་པ་དང། མལ་སྟན་གཟིགས་པར་བཞེད་པ་དང། ཉན་ཐོས་རྣམས་ལ་བསླབ་པའི་གཞི་བཅའ་བར་བཞེད་པ་ [206B] །སྐབས་འདིར་ནི། བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བར་བཞེད་པའི་ཕྱིར་ཡོ་བྱད་ཀྱི་ཞལ་ཏེ་བྱེད་པ་ལ་བཤོས་ལེན་དུ་བཏང་ངོ། །དེ་ནས་དགེ་སློང་མང་ པོ་ཁྱིམ་དེར་དོང་བ་རྣམས་མལ་སྟན་ལ་འཁོད་ནས་འཐབ་སྟེ་མཚང་འདྲུ་ཞིང་འགྱེད་ལ་རྩོད་པར་གྱུར་ཏོ། །དེ་དག་འཐབ་སྟེ་མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་འཁོད་དེ་འཚམ་ པ་མ་ཡིན་པའི་ལུས་ཀྱི་ལས་དང། འཚམ་པ་མ་ཡིན་པའི་ངག་གི་ལས་བྱེད་ཅིང་འཁོད་ལ། ཇི་ཙམ་ན་རྡེག་པར་ཡང་བྱེད་དོ། །དེ་ནས་བཤོས་ལེན་དུ་སོང་བས་བཤོས་བླངས་ ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་ བཤོས་ལེན་པའི་དགེ་སློང་དེ་ལ་བཀའ་སྩལ་པ། དགེ་སློང། ཅི་དགེ་སློང་གི་དགེ་འདུན་ཁ་ཟས་བཟང་པོས་ཚིམ་པར་གྱུར་ཏམ། གསོལ་པ་བཙུན་པ། དེ་ནི། དེ་ལགས་ཏེ། དགེ་ སློང་གི་དགེ་འདུན་ཁ་ཟས་བཟང་པོས་ནི། ཚིམ་པར་གྱུར་ལགས་ན་བཙུན་པ། འོན་ཀྱང་དགེ་སློང་མང་པོ་ཁྱིམ་དེར་མཆིས་པ་རྣམས་འཐབ་སྟེ་མཚང་འདྲུ་ཞིང་འགྱེད་ལ་རྩོད་ པར་གྱུར་ཏོ། །དེ་དག་མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་འཁོད་དེ། འཚམ་པ་མ་ལགས་པའི་ལུས་ཀྱི་ལས་དང། འཚམ་པ་མ་ལགས་པའི་ངག་གི་ལས་བགྱིས་ཤིང་མཆིས་ [207A]༄༅། །ལ༑ ཇི་ཙམ་ན་རྡེག་པར་ཡང་བགྱིད་དོ། །ཞེས་གསོལ་ཏོ་།དེ་ནས་བཅོམ་ལྡན་འདས་བཤོས་གསོལ་ནས་གཙུག་ལག་ཁང་གི་ཕྱི་རོལ་ཏུ་ཞབས་བཀྲུས་ ཏེ་ནང་དུ་ཡང་དག་འཇོག་པའི་ཕྱིར་གཙུག་ལག་ཁང་གི་ནང་དུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱེ་མ་རེད་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ ལ་གདན་བཤམས་པ་ལ་བཞུགས་སོ། །གདན་ལ་བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཁྱིམ་དེར་དོང་བ་རྣམས་འཐབ་ སྟེ་མཚང་འདྲུ་ཞིང་འགྱེད་ལ་རྩོད་པར་གྱུར་ནས་ཁྱེད་འཐབ་སྟེ་མཚང་འབྲུ་ཞིང་འགྱེད་ལ་རྩོད་ཅིང་འཁོད་དེ། འཚམ་པ་མ་ཡིན་པའི་ལུས་ཀྱི་ལས་དང། འཚམ་པ་མ་ཡིན་པའི་ ངག་གི་ལས་བྱེད་ཅིང་འཁོད་ལ། ཇི་ཙམ་ན་རྡེག་པར་ཡང་བྱེད་པ་བདེན་ནམ། བཙུན་པ། མང་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ ཁྱིམ་དེར་དོང་བའི་དགེ་སློང་སྡེ་སྡེར་ཆད་པ་རྣམས་ལ་ཁྲིམས་སུ་བྱས་པའི་ཆོས་རྣམས་ངས་བཅའ་བར་བྱ་སྟེ། དགེ་སློང་སྡེ་སྡེར་ཆད་པ་རྣམས་ཀྱིས་རྩོད་པའི་གཅུགས་ཀྱི་གནས་སོ་ ཅོག་སྤོངས་ཤིག་དགེ་སློང་ཐ་མལ་བར་འདུག་པ་རྣམས་ཀྱིས་ནི། དགེ་སློང་སྡེ་སྡེར་ཆད་པ་རྣམས་དང་ཉིན་པར་ཡང་རུང། མཚན་མོར་ཡང་རུང། ནང་པར་ཡང་རུང། དྲོ་ལ་ཡང་རུང་ [207B] གཙུག་ལག་ཁང་གཅིག་གམ། དགོན་པའམ། གྲོང་འདབ་གཅིག་ཏུ་གནས་པར་མ་བྱེད་ཅིག་ལྷན་ཅིག་ཏུ་ཡང་གནས་པར་མ་བྱེད་ཅིག་།ལམ་གཅིག་ཏུ་ཡང་མ་འགྲོ་ཞིག། ལམ་དུ་ ཡང་མ་འགྲོགས་ཤིག་བརྡ་ཡང་མ་བྱེད་ཅིག་བརྡ་སྐད་ཀྱང་མ་བྱེད་ཅིག་ཐ་མལ་བར་གནས་པས་རྩོད་པའི་གཅུགས་དེ་ཁོང་དུ་ཆུད་ནས་ཆོས་བཞིན་དང། འདུལ་བ་བཞིན་དུ་ཞི་བར་བྱེད་ ནུས་ལ༑ སྟོན་པའི་བསྟན་པ་བསྲུང་བའི་ཕྱིར་མཐུན་པར་བྱེད་ནུས་ན་ནི། ཞི་བར་བྱེད་པའི་ཐབས་དག་ཅིང་འདུལ་བ་དང་མཐུན་པ་ཞིག་གིས་རྩོད་པའི་གཅུགས་དེ་ཞི་བར་བྱས་པ་ཞེས་ བྱའོ༑༑ །།ལས་བརྒྱ་ཐམ་པ་ལས། སྔོམ་གྱི་ཚིགས་སུ་བཅད་པ་བཅུ་པ་རྫོགས་ཏེ་ལས་བརྒྱ་ཐམ་པ་རྫོགས་སོ།།